དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་ལས་གཉེར་བྱས་པ།

2024-03-19 10:35:51   |   266

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ3པའི་ཚེས18ཉིན་གྱི་ཆུ་ཚོད11དང་སྐར་མ58སྟེང་། G0612ཟི་ལིང་ནས་ཧི་ཐེན་བར་གྱི་མྱུར་བགྲོད་གཞུང་ལམ་ཐེམ་ཆེན་ལྷོ་ནས་ཚ་ཧན་ནའོ་བར་གྱི་བྱང་ངོས་ཀྱི་བཀའ་འགྱུར་ཕུག་ལམ་དུ་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ནུབ་མཚོ(མདའ་བཞི)ནས་ཚ་ཧན་ནའོ་བར་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་ལས་གཉེར་བྱས་པ་མཚོན་ཡོད།

1.jpg

2.jpg

བཀའ་འགྱུར་ཕུག་ལམ་ནི་ནུབ་མཚོ(མདའ་བཞི)ནས་ཚ་ཧན་ནའོ་བར་གྱི་གཞུང་ལམ་བཟོ་སྐྲུན་ལས་ཚོད་འཛིན་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་པ་དང་སྤྱིའི་རིང་ཚད་ལ་སྟོང་སྨི7.3ཡོད་ལ། ཕྱོགས་གཉིས་སུ་འཁོར་ལམ་བཞི་སྤྱད་དེ་ཆུ་ཚོད་རེའི་མྱུར་ཚད་མཐོ་ཤོས་སྤྱི་ལེ80ཡིན། འཆར་འགོད་ཁྲོད་ཀྱི་ནུབ་མཚོ་ནས་པེ་ཡུན་བར་གྱི་མྱུར་བགྲོད་གཞུང་ལམ་སྦྲེལ་མཐུད་ཐུབ་ན་མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གྱི་རིམ་པ་མཐོ་བའི་ཞིང་ཆེན་བརྒལ་བའི་བགྲོད་ལམ་གསར་པ་ཞིག་ཏུ་འགྱུར་རྒྱུ་དང་ཆབས་ཅིག་རང་ཞིང་གི་མཚོ་སྔོན་པོ་དང་གསེར་དངུལ་ཐང་། ཁེ་རམས་ཐང་སོགས་ལྗོངས་ཁུལ་གྱི་གནས་སྐོར་འགྲོ་ལམ་གཙོ་བོའི་གྲས་ཤིག་ཡིན་ལ། རླངས་འཁོར་ཤར་གཏོང་ཐུབ་རྗེས་ཤར་བགྲོད་ཀྱི་དུས་ཚོད་ཆེས་ཆེར་ཐུང་དུ་གཏོང་པ་དང་ཤར་བགྲོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་པ། འགྲིམ་འགྲུལ་དོན་རྐྱེན་ཉུང་དུ་བཏང་ནས་མི་དམངས་མང་ཚོགས་ལ་སྤུས་ལེགས་དང་སྟབས་བདེའི་ཕྱིར་སྐྱོད་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

3.jpg

མཚོ་སྔོན་ཞིང་ཆེན་གྱི་ནུབ་མཚོ(མདའ་བཞི)ནས་ཚ་ཧན་ནའོ་བར་གྱི་གཞུང་ལམ་བཟོ་སྐྲུན་ནི<<རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བའི་འཆར་འགོད>>G6འབྲེལ་གཏུག་ལམ་ཐིགG0612ཟི་ལིང་ནས་ཧི་ཐེན་བར་གྱི་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ<<ནུབ་རྒྱུད་གསར་གཏོད་ཆེན་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་གཞུང་ལམ་དང་ཆུ་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད>>འཆར་འགོད་ཀྱི"འཕྲེད་བརྒྱད་གཞུང་བརྒྱད"ཀྱི་སྒྲོམ་གཞིའི"འཕྲེད་གཉིས"ལས་ཐེན་ཅིན་ནས་ཁ་ཧྲི་བར་གྱི་གཞུང་ལམ་ཡིན། ལས་གཞི་འཛུགས་སྐྲུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་དྲ་བའི་བཀོད་པ་འཐུས་ཚང་དུ་གཏོང་པ་དང་ནུབ་རྒྱུད་ཀྱི་འགྲིམ་འགྲུལ་ལྟེ་གནས་འཛུགས་པ། ཚྭ་འདམ་ས་ཁུལ་གྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་པ། ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། གནས་སྐོར་བྱ་གཞག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་པ། རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་དོ་མཉམ་ངང་འཕེལ་རྒྱས་དང་བརྟན་ལྷིང་ངང་འཛུགས་སྐྲུན་བྱེད་པར་ནུས་པ་དང་དོན་སྙིང་གལ་ཆེན་ལྡན།


མཉམ་སྤྱོད།