དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2024ལོའི་མཐོ་རྒྱུགས་ཀྱི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་དུས་ཚོད་གཏན་འཁེལ་བྱས།

2024-03-21 10:19:21   |   3180

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ། ཡོང་ཁུངས།  ཤིན་ཧྭ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240321092324.jpg

ཉེ་ཆར།  སློབ་གསོ་པུས《2024ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དཔར་འགྲེམ་བྱས་ཤིང་། བརྡ་ཐོའི་ནང་དུ་མཐོ་རྒྱུགས་ཀྱི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་དེ་ཟླ6པའི་ཚེས7ཉིན་ནས་མགོ་འཛུགས་རྒྱུ་དང་། ཞིབ་ཕྲའི་སློབ་ཚན་གྱི་རྒྱུགས་ལེན་དུས་ཚོད་ནི་ཟླ6པའི་ཚེས7ཉིན་གྱི་ཆུ་ཚོད9:00ནས11:30བར་སྐད་ཡིག(རྒྱ་ཡིག)བཀོད་སྒྲིག་བྱ་རྒྱུ་དང་། དུས་ཚོད15:00ནས17:00བར་གྲངས་རིག་དང་།  ཟླ6པའི་ཚེས8ཉིན་གྱི་ཆུ་ཚོད9:00ནས11:30བར་རིག་ཚན་ཕྱོགས་བསྡུས་དང་ལུགས་ཚན་ཕྱོགས་བསྡུས་ཡིན། ཆུ་ཚོད15:00ནས17:00བར་དབྱིན་ཡིག་ཡིན་ཞིང་། དབྱིན་ཡིག་གི་ཐོས་ནུས་རྒྱུགས་གཞི་སྤྱིར་བཏང་དུ་ཡིག་རྒྱུགས་མ་བཏང་གོང་བཀོད་སྒྲིག་བྱེད་རྒྱུ་རེད།


མཉམ་སྤྱོད།