མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མདོ་ལས་འབྲུ་རིགས་ཉོ་ཚོང་གི་རུལ་སུངས་བཅོས་སྐྱོང་ལ་སྐུལ་འདེད་བཏང་།

2024-03-27 13:56:34   |   2963

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ལ་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ཚུན་དུ། མདོ་ལ་རྫོང་གིས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ཆེད་དོན་བཅོས་སྒྲིག་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་ནས་འབྲུ་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་བརྟེན་རུང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།

རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས་ཕྱོགས་ཁག་གི་འགན་འཁྲི་ཇེ་ནན་དུ་བཏང་། 《མཚོ་སྔོན་ཞིང་ཆེན་གྱི་འབྲུ་རིགས་འཁོར་རྒྱུག་གི“ནུས་སྟོབས་མངོན་པ2021”ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》དང་། 《མཚོ་བྱང་ཁུལ་གྱི2021ལོའི་འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ལག་བསྟར་ཇུས་གཞི》བཅས་ཀྱི་བླང་བྱ་གཞིར་བཟུང་། སྔ་རྗེས་སུ་གནད་དོན20གསེད་བཀྲོལ་དང་ཕྱོགས་བསྡུས་བྱས་ཤིང་། ཆེད་དོན་བཅོས་སྒྲིག་ལས་དོན་གྱི་མགོ་ཁྲིད་ཚན་པ་བཙུགས་པ་དང་། “དུས་ཚོད་འགྲོ་རིམ”གསལ་བོ། “འོས་འགན་ཡི་གེ”གཏན་འབེབསབཅས་བྱས་ཏེ་ལས་དོན་འགན་འཁྲི་མི་རེ་རེའི་སྟེང་དུ་ཞིབ་དབྱེ་དང་། བྱེ་བྲག་དོན་དག་གི་སྟེང་དུ་འབབ་པ། མི་རེ་རེར་འགན་འཁྲི་ཡོད་པ་དང་དོན་དག་རེ་རེར་དམིགས་ཚད་ལྡན་པ། གཅིག་གཅིག་བཞིན་ལན་ཆ་ཡོད་པའི་གདུབ་ཟུམ་ལས་དོན་བཅོས་སྒྲིག་དོན་འཁྱོལ་ལམ་སྲོལ་གྲུབ།

བཅོས་སྒྲིག་བརྟན་ཐོག་སྐུལ་འདེད་བཏང་ནས་གནད་དོན་གཙང་སེལ་ཐུབ་པའི་འགན་ལེན་བྱས། 《མདོ་ལ་རྫོང་གི་འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ཇུས་གཞི》དང་། 《མདོ་ལ་རྫོང་གི་འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་རང་བཤེར་རང་བཅོས་ཇུས་གཞི》བཟོས་ནས་རྩ་འཛུགས་སྒྲིག་གཞི་དང་། དམིགས་ཚད་ལས་འགན། དག་ཐེར་དུས་བཀག ལས་ཀའི་བྱ་ཐབས་བཅས་སྔར་བས་གསལ་བོ་བཟོས་པ་མ་ཟད། འགན་ནུས་སྡེ་ཁག་ཁག་གིས་ཆེད་དོན་བཅོས་སྒྲིག་གི་གཙོ་གནད་འགན་འཁྲི་ལ་དམིགས་ནས་རང་བཤེར་རང་བཅོས་ཀྱི་བྱ་སྤྱོད་ལ་རྟོག་འདོམས་བྱས་ཤིང་། བཅོས་སྒྲིག་གནས་ཚུལ་དང་གནད་དོན་མཐིལ་རྟོགས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས། གནད་དོན་བཅོས་སྒྲིག་ལ་བརྒྱུད་རིམ་ཧྲིལ་བོར་རྗེས་འདེད་དང་བརྒྱུད་རིམ་ཧྲིལ་བོར་རྟོག་འདོམས། ཆེད་དོན་རྩིས་ཐོ་བཟོས་ནས་རྩིས་ལྟར་ཐོ་བསུབ་དང་དུས་གཏན་བཅོས་སྒྲིག་བྱས། མིག་སྔའི་བར་རྫོང་གི་འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་སུ་དག་ཐེར་བྱེད་དགོས་པའི་གནད་དོན་ཁག20རྩད་ཆོད་པ་དང་། དོན་ཚན19དག་ཐེར་བྱས་ཟིན་ཞིང་དོན་ཚན1དག་ཐེར་བྱེད་བཞིན་པའི་སྒང་ཡིན། 

སློབ་སྦྱོང་དང་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་པ་བཟང་པོ་བཏོད། སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ་སོགས་ཀྱི་རྣམ་པ་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་ཀྱི་མ་ལག་རང་བཞིན་གྱི་རུལ་སུངས་གནད་དོན་རྩ་བཅོས་བྱ་རྒྱུའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་འབྲེལ་ཡོད་སྲིད་ཇུས། 《འབྲུ་རིགས་འཁོར་རྒྱུག་དོ་དམ་སྲོལ་ཡིག》 ཞིང་ཆེན་དང་ཁུལ་གྱི་འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ཆེད་དོན་བཅོས་སྒྲིག་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་སོགས་དགོངས་དོན་ལ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། བསམ་བློའི་སློབ་གསོ་དང་དྲིལ་སྒྲོག་སྣེ་ཁྲིད་ལ་རྒྱུན་མཐུད་ཤུགས་བསྣན་ནས་རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་བསམ་བློ་འབྲུ་རིགས་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་བཅོས་སྒྲིག་ལས་དོན་སྟེང་གཅིག་གྱུར་བྱེད་དགོས་ཤིང་། བསམ་ཕྱོགས་གཅིག་གྱུར་དང་མཉམ་ཤུགས་འགག་སྒྲོལ་གྱི་བྱ་བའི་རྣམ་པ་ཆགས་དགོས།


མཉམ་སྤྱོད།