མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-28 07:49:49   |   917

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ3པའི་ཚེས27ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་རེད། 

02.jpg

  • ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའེ་ཐེ་དང་མཇལ་འཛོམས་གནང་བ་རེད། 

03.jpg

  • ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སི་རི་ལན་ཁའི་ཙུང་ལི་ཀུའུ་ན་ཝ་ཏེ་ན་དང་མཇལ་འཛོམས་གནང་བ་རེད། 

  • རྒྱལ་ཁབ་སྡོམ་རྩིས་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས2པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་10.2%འཕར་ཡོད། 

  • ད་ལོའི་ཟླ1པོ་དང2པར་རང་རྒྱལ་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་སྡོམ་འབོར་སྒོར་དུང་ཕྱུར81307ཟིན་པ་དང་། དུས་མཚུངས་ལས5.5%འཕར་ཡོད་པ་རེད། 

  • 2023ལོའི་ཟླ12བར། རང་རྒྱལ་གྱི་དྲ་རྒྱའི་ལྟ་ཉན་སྤྱོད་མཁན(视听用户)མི་དུང་ཕྱུར10.74ཟིན་པ་དང་། དྲ་དམངས་ཀྱི་སྤྱོད་ཚད98.3%ཟིན་ཡོད་པ་རེད། 

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ1པོ་དང2པར་རྒྱལ་ཡོངས་ཀྱི་གཞུང་ཁོངས་འཛུགས་སྐྲུན་ས་ཆའི་མཁོ་སྤྲོད་སྡོམ་འབོར་སྤྱི་ཆིང་ཁྲི6.7ཟིན་པ་དང་། དུས་མཚུངས་ལས4.8%འཕར་ཡོད་པ་རེད། 

04.jpg

  • ཚེས27ཉིན། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་དྲུག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་ནས་ཡུན་ཧའེ་ཨང་གསུམ་པའི་སྲུང་སྐར02མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད། 

  • ཨུ་རུ་སུའི་འཕྲོད་བསྟེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། མོ་སི་ཁོ་ཀྲོའུ་ཡི“ཁེ་ལུའོ་ཁུའུ་སི་གྲོང་ཁྱེར”གྱི་རོལ་དབྱངས་ཚོམས་ཆེན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས140བར་མང་དུ་ཕྱིན་ཡོད་པ་རེད། 

སྤྱི་ཚོགས། 

05.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས27ཉིན་བྱེ་རླུང་གི་ཉེན་བརྡ་སེར་པོ་བཏང་བ་སྟེ། སྔོན་དཔག་བྱས་པ་ལྟར་ན། དེ་རིང་། ཤིན་ཅང་དང་ནང་སོག ཧོ་པེ།(河北) པེ་ཅིང་། ཐེན་ཅིན་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས13གྱི་ས་ཁུལ་ཁག་གཅིག་ཏུ་བྱེ་རྡུལ་གྱི་གནམ་གཤིས་འབྱུང་རྒྱུ་རེད། 

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲེ་ཅང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཀྲུའུ་ཚུན་ཅིའུ་ཡི་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་ཕྱོགས་ནས་ཞུ་སྦྱོར་བྱས་པ་རེད། 

  • ཚེས27ཉིན། རྨ་ཆུའི་ནང་སོག་འབབ་ཡུལ་གྱི་འཁྱགས་ཐེབས་པའི་གཙང་པོའི་དུམ་བུ་མཐའ་མ་དེ་ཞུ་མགོ་ཚུགས། དེས་རྨ་ཆུ2023ལོ་ནས2024ལོའི་བར་གྱི་ཆུ་འབྲུབ་དུས་བརྟན་པོའི་ངང་སྒྲོལ་བ་མཚོན་ཡོད་པ་རེད། 

  • ཀྲུང་གོའི་ལྷོ་སྣེ་རྟོག་ཞིབ་རུ་ཁག་ཐེངས40པ་ད་ལོའི་ཟླ4པར་མེས་རྒྱལ་དུ་ཕྱིར་ལོག་བྱ་རྒྱུ་དང་། “གངས་འབྲུག2”རྟགས་ཅན་དང“གངས་འབྲུག”རྟགས་ཅན་དེ་ཤང་ཀང་དང་ཆིང་ཏའོ་གྲུ་ཁ་རུ་སྡོད་པ་མ་ཟད།  སྤྱི་དམངས་ལ་སྒོ་དབྱེ་རྒྱུ་རེད། 

06.jpg

  • ཚེས27ཉིན། ཧྲང་ཧའེ་ཕྱིའི་ཐང(上海外滩)དུ་ཉི་འཛིན་གྱི་མཛེས་ལྗོངས་མངོན་ཡོད། 

  • གོ་ལ་ཧྲིལ་པོའི་སྒུལ་བདེའི་འཕྲིན་གཏོང་མ་ལག་མཐུན་ཚོགས་ཀྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་པ་ལྟར་ན། 2024ལོའི་ལོ་མཇུག་ཏུ་སླེབས་སྐབས། ཀྲུང་གོའི་ཕྱེད་ཀ་ཡན་གྱི་སྒུལ་བདེའི་སྦྲེལ་མཐུད་ལ5Gསྤྱོད་རྒྱུ་དང5Gའབྲེལ་མཐུད་གྲངས་འབོར་དུང་ཕྱུར10ཟིན་རྒྱུ་རེད། 

07.jpg

  • རང་རྒྱལ་གྱི་རྡོ་སོལ་ཆགས་རིམ་གྱི་སོལ་རླངས་ཞིང་ཆེ་ཤོས་ཏེ་ཧྭ་པེ་སྣུམ་ཞིང་ཧྲན་ཤིས་ཆིན་ཧྲུའེ་རྡོ་སོལ་ཆགས་རིམ་གྱི་སོལ་རླངས་ཞིང་ནང་དུ་ཚེས26ཉིན་ཁྲོན་ཁའི་ཉིན་རེའི་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི700ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད། 

08.gif

  • ཧུའུ་པེའི་ཞོ་ཀན་ནས(湖北孝感)བུ་མོ་ཞིག་ཆུ་ནང་དུ་ལྷུང་བ་དང་། ལོ63ལ་སླེབས་པའི་བགྲེས་སོང་ཝང་ཤང་ཁྲེང་འཕྲལ་དུ་ཆུར་མཆོངས་ནས་བུ་མོ་དེ་སྐྱོབ་ཏུ་སོང་། དེ་རྗེས་ཡོང་པའི་མེ་ཟོན་པའི་རོགས་རམ་འོག་བདེ་བླག་ངང་བུ་མོ་དེ་བསྐྱབས་པ་རེད། 

སྲིད་ཇུས། 

  • པེ་ཅིན་གྲོང་ཁྱེར་གྱི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་ནས་གནས་ཚུལ་འབྱོར་བ་ལྟར་ན། ཟླ3པའི་ཚེས27ཉིན་ནས་བཟུང་། “ཁྱོ་ཤུག་ཕྱོགས་གང་རུང་གིས་ལོ3ནང་ཁང་པ་ཉོས་མི་ཆོག་”ཅེས་པའི་གཏན་འབེབས་ཀྱི་འབྲེལ་ཡོད་ཡིག་ཆ་མེད་པར་བཟོས་ཡོད། 

  • ཅང་སུའུ་ཡིས་སྲོལ་ཡིག་འཆར་ཟིན་བཟོས་ནས། རྩ་འཛུགས་དང་མི་སྒེར་གང་ཞིག་གིས་ཀྱང་སྐྱེ་བོ་ལོ་ན་ཕྲ་རིགས་ལ་བཙན་སྐུལ་དང་བསླུ་བྲིད། ངན་སྐུལ་སྒོས་ལུས་ལ་རི་མོ་འབྲི་བ་བྱེད་མི་ཆོག་ཅེས་ཁ་གསལ་བཏོན་ཡོད། 

  • ཐེན་ཅིན་གྱིས་ཟླ4པའི་ཚེས1ཉིན་ནས་བཟུང་། དུས་མཚམས་ལོངས་ཤིང་གསར་བརྗེས་ཀྱི་ཆ་རྐྱེན་དང་མཐུན་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཚོང་གཉེར་བྱེད་མཁན་ལ་སྒོར་ཁྲི་1.5ཡི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་ལོངས་སུ་སྤྱོད་ཆོག་པ་ཁ་གསལ་ཡོད། 

དེ་རིང་གི་གནམ་གཤིས། 

09.jpg

  • ནང་སོག་གི་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་རྒྱུད། བོད་ལྗོངས་ཀྱི་ལྷོ་རྒྱུད། ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། དེའི་ནང་། ནང་སོག་གི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་པོ་འབབ་ཀྱི་རེད། འབྲི་ཆུ་དང་ཧོའེ་ཆུའི་ནུབ་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་དང་བྱང་རྒྱུད། ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་། ཨན་ཧུའེ་ལྷོ་རྒྱུད་དང་། ཧུའུ་ནན་དབུས་ནུབ་རྒྱུད། ཅང་ཤིས་བྱང་རྒྱུད། ཀྲེ་ཅང་བྱང་རྒྱུད། ཀུའེ་ཀྲོའུ་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།