མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མདོ་ལ་རྫོང་གིས་ཐོག་བརྩེགས་བཟོ་སྐྲུན་གྱི་མེ་གསོད་སྦྱོང་བརྡར་སྤེལ།

2024-03-28 13:53:49   |   2403

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


མེ་ཟོན་བདེ་འཇགས་གཅིག་སྡུད་ཐོག་གནོད་སྐྱོན་སེལ་བའི་བཅོས་སྒྲིག་ལས་དོན་གྱི་ཇུས་གཞིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཉེ་དུས་མེ་སྐྱོན་ལས་འཛོལ་གྱི་ཉམས་མྱོང་བསྡུ་ལེན་གཏིང་ཟབ་དང་། ཁོངས་གཏོགས་ཁུལ་གྱི་ཐོག་བརྩེགས་ཁང་པའི་མེ་ཟོན་བདེ་འཇགས་དོ་དམ་ཡག་པོ་བྱེད་པ། ཐོག་བརྩེགས་ཁང་པའི་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་བ། ཐོག་བརྩེགས་ཁང་པའི་མེ་སྐྱོན་གྱི་ལས་འཛོལ་ལ་ཁ་གཏད་ནུས་ལྡན་གཅོག་ཆེད། དཔུང་ཁག་གི་མགྱོགས་མྱུར་འགུལ་སྐྱོད་དང་མཐུན་སྦྱོར་འཐབ་ཞུགས། སྐབས་སྟུན་ཐག་གཅོད། མཛུབ་སྟོན་པའི་རྩ་འཛུགས་མཛུབ་ཁྲིད་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། ཐོག་བརྩེགས་ཁང་པའི་མེ་སྐྱོན་ཐག་གཅོད་ཀྱི་ཁ་གཏད་ནུས་པ་ཆེ་རུ་བསྐྱེད་པ། ཚད་ཆེ་བའི་རྒྱལ་ཁབ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱ་ཆེད། ཟླ3པའི་ཚེས25ཉིན་གྱི་དགོང་མོར། མདོ་ལ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་འཕྲལ་སྡོམ་དང་། སྤྱི་བདེ། སྡོད་ཁང་འཛུགས་སྐྲུན། འཕྲོད་བསྟེན་བདེ་ཐང་། གློག་ཤུགས་སོགས་སྡེ་ཚན་མང་པོ་དང་མཉམ་དུ་ཐོག་བརྩེགས་ཁང་པའི་མེ་གསོད་རོགས་སྐྱོབ་ཀྱི་འཕྲལ་སྡོམ་མཉམ་འབྲེལ་སྦྱོང་བརྡར་བྱས།

微信图片_20240328140613.jpg

微信图片_20240328140618.jpg

རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ལི་ཀྲོའུ་ཆིང་གིས་སྦྱོང་བརྡར་གྱི་སྤྱི་ཁྱབ་བཀོད་འདོམས་པའི་འགན་ཁུར། མཚོ་བྱང་ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་དབྱང་ཀྲེན་ཀང་དང་ཡན་ལག་རུ་ཁག་གི་རུ་དཔོན་གཞོན་པ་ནོར་བུ་རྒྱལ་གྱིས་ཡུལ་དངོས་ནས་ལྟ་སྦྱོང་མཛུབ་ཁྲིད་གནང་བར་སླེབས་ཡོད། རྫོང་འཕྲལ་སྡོམ་དང་། སྤྱི་བདེ། སྡོད་ཁང་འཛུགས་སྐྲུན། འཕྲོད་བསྟེན་བདེ་ཐང་། གློག་ཤུགས་སོགས་མཉམ་འགུལ་ཚན་པས་ཁྱོན་རླངས་འཁོར10དང་མི50ལྷག་སྦྱོང་བརྡར་ལ་ཞུགས།

微信图片_20240328140622.jpg

微信图片_20240328140627.jpg

སྦྱོང་བརྡར་ནི་ཉེན་རྟོག་འགུལ་སྐྱོད་དང་། མེ་སྐྱོན་མྱུལ་ཞིབ། གནོད་འཚེའི་གནས་ཚུལ་དཔྱད་དཔོག མི་སྣ་ཁ་འགྲེམས། ཡུལ་དངོས་ཉེན་ཟོན། ནང་རྒོལ་འཚོལ་སྐྱོབ། མཐོ་གཏོར་རླངས་འཁོར་ཕྱི་མེ་ཚོད་འཛིན། ཡུལ་དངོས་རྩིས་སྤྲོད་སོགས་ཀྱི་བརྒྱུད་རིམ་རེ་རེ་བཞིན་སྤེལ། སྦྱོང་བརྡར་ནང“སྲ་བརྟན་གཙོ་བོར་བྱེད་པ་དང་སྤོ་སྒྱུར་ཟུང་འབྲེལ་བྱེད་པའི”འཐབ་རྩལ་རྩ་དོན་མཐའ་འཁྱོངས་བྱས་ཏེ་མེ་གསོད་ཚོད་འཛིན་ཁང་འཕྲལ་མར་བཟུང་བ་དང་། མེ་ཟོན་ཆུ་འཐེན་འཕྲུལ་འཁོར་བཀོལ་འགོ་ཚུགས་པ། ཁང་པའི་ནང་གི་གཏན་འཇགས་མེ་ཟོན་སྒྲིག་བཀོད་སྤྱད་དེ་མེ་གསོད་རོགས་སྐྱོབ་བྱེད་པ། སྨི32ཟིན་པའི་མེ་གསོད་རླངས་འཁོར་སྤྱད་ནས་ཕྱི་རོལ་གྱི་ཆུ་འཕེན་ཚོད་འཛིན་བྱས་ཡོད། དེ་དང་ཆབས་ཅིག་འཕྲལ་སྡོམ་དང་། སྤྱི་བདེ། སྡོད་ཁང་འཛུགས་སྐྲུན། འཕྲོད་བསྟེན་བདེ་ཐང་། གློག་ཤུགས་སོགས་འབྲེལ་ཡོད་སྡེ་ཚན་ཡུལ་དངོས་ལ་འཕྲལ་མར་འབྱོར། སྦྱོང་བརྡར་གྱི་བརྒྱུད་རིམ་ཧྲིལ་པོར་མེ་གསོད་ཚོགས་ཆུང་ཁག་གི་ལས་བགོས་ཁ་གསལ་དང་། འབྲེལ་མཐུད་དམ་ཟབ། གཞོགས་འདེགས་གཅིག་མཐུན་བཅས་བྱས་ཏེ་གཡུལ་ལ་ཞུགས་མཁན་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་མེ་གསོད་བྱས་པ་བརྒྱུད་མེ་ཤུགས་རྦད་དེ་བསད་པ་དང་། ཉེན་ཁར་ཚུད་པའི་མི་སྣ་བདེ་བླག་ངང་བསྐྱབས་པ། སྦྱོང་བརྡར་ལེགས་གྲུབ་བྱུང་བ་བཅས་ཀྱི་ཐོག་ནས“འཐེན་ཐུབ་པ་དང་། རྒྱུག་ཐུབ་པ། རྒྱལ་ཁ་ཐོབ་ཐུབ་པ”བཅས་ཀྱི་དངོས་འཐབ་ཕན་འབྲས་ཐོན་ཡོད།

微信图片_20240328140633.jpg

微信图片_20240328140638.jpg

སྦྱོང་བརྡར་མཇུག་བསྒྲིལ་རྗེས། ལི་ཀྲོའུ་ཆིང་གིས་ཐེངས་འདིའི་སྦྱོང་བརྡར་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་ཐོག་བརྩེགས་ཁང་པའི་མེ་གསོད་སྔོན་འགོག་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་ལས་ཀའི་བླང་བྱ་བཏོན་པ་སྟེ། གཅིག་ནས་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ཏེ་ཐོག་བརྩེགས་ཁང་པའི་མེ་ཟོན་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས། གཉིས་ནས་འགན་འཁྲི་གཙང་སྒྲུབ་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། གསུམ་ནས་སྡེ་ཚན་མཉམ་འགུལ་དང་ཐོན་ཁུངས་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཐག་ཧྲིལ་པོའི་མེ་ཟོན་བདེ་འཇགས་ལྟ་སྐུལ་དོ་དམ་བཅོས་སྐྱོང་མ་ལག་ཟམ་མི་ཆད་པར་བསྐྲུན་དགོས། བཞི་ནས་དངོས་འཐབ་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་ཐོག་བརྩེགས་ཁང་པའི་མེ་སྐྱོན་ལས་འཛོལ་ཐག་གཅོད་དང་དཔུང་ཁག་གི་དངོས་འཐབ་རྒྱལ་ཁ་ལེན་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཐེངས་འདིའི་སྡེ་ཚན་མང་པོའི་འཕྲལ་སྡོམ་མཉམ་འབྲེལ་སྦྱོང་བརྡར་བྱས་ཏེ་རྫོང་ཡོངས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་ཀྱི་ཚུར་སྣང་དང་མཐུན་སྦྱོར་དམག་འཐབ་ནུས་པར་ཞིབ་བཤེར་ནུས་ལྡན་བྱས་པ་དང་ཆབས་ཅིག མཁརགྲོང་སྡོད་དམངས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་དང་། སྲོག་ཉེན་ལས་ཐར་བའི་ནུས་པ། དེ་བཞིན་ཐོག་མའི་མེ་སྐྱོན་གསོད་པའི་འཇོན་ཐང་བཅས་སྔར་བས་ཆེ་རུ་ཕྱིན་ནས་མེ་ཟོན་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་གོ་བ་དེ་བས་གཏིང་ཟབ་ལེན་ཐུབ་པ་བྱུང་ཡོད། མདོ་ལ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་འགན་འཁུར་བས་ད་ཐེངས་ཀྱི་དངོས་འཐབ་སྦྱོང་བརྡར་ཁྲོད་ཀྱི་ཉམས་མྱོང་དང་མི་འདང་བའི་ཆ་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ཏེ་མེ་ཟོན་རོགས་སྐྱོབ་ཀྱི་ཕུགས་ཕན་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཐོག་བརྩེགས་ཁང་པའི་མེ་གསོད་རོགས་སྐྱོབ་ཀྱི་གོ་རིམ་དང་ཆེད་ལས་རུ་ཁག་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་ནས་མེ་ཟོན་རོགས་སྐྱོབ་མི་སྣའི་མེ་གསོད་རོགས་སྐྱོབ་ཀྱི་དངོས་འཐབ་ནུས་པ་ཆེ་རུ་གཏོང་བའི་ཐད་ཤུགས་རྒྱག་པ་དང་། གྲུབ་འབྲས་ཐོན་པ་བྱས་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་གནས་བབ་བརྟན་ལྷིང་ལ་ཁག་ཐེག་བྱེད་དགོས།


མཉམ་སྤྱོད།