མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས09ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་གྱི་པར་མཁན་གཉིས་ཀྱི་བརྩམས་ཆོས་ལ་རྒྱལ་སྤྱིའི་པར་ལེན་འགྲན་སྡུར་ཆེ་མོའི་ཁྲོད་ཨང་དང་པོ་ཐོབ།

2024-04-03 09:38:33   |   595

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས30ཉིན། སྐབས་དགུ་པའི་སར་པི་ཡའིNSAPKཡི་སྐོར་སྐྱོད་པར་ལེན་འགྲན་སྡུར་ཆེ་མོའི་དཔྱད་འདེམས་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོང་མཐུན་ཚོགས་ཀྱིས་མཚན་རྟགས་གན་རྒྱ་བཞག་པའི་པར་ལེན་པ་ཧའོ་ཅིན་ཧྥང་གི་བརྩམས་ཆོས《འཁྱགས་ངོས་ཀྱི་ངལ་གསོ》ལ་སྒྲིག་འཛུགས་ཨུ་ལྷན་གྱི་གསེར་གྱི་རྟགས་མ1ཐོབ་པ་དང་། མཚན་རྟགས་གན་རྒྱ་བཞག་པའི་པར་ལེན་པ་ཅའོ་ཧྲེང་ཧྥུ་ཡི་བརྩམས་ཆོས《འབྲོང་དང་རྐྱང》ལFIAPཡི་གཟེངས་རྟགས1ཐོབ། 《སྒོམ》དང་《ཁེར་གྲུ་དང་ལོ་མ་གཅིག》ལ་སྒྲིག་འཛུགས་ཨུ་ལྷན་གྱི་གཟེངས་རྟགས2ཐོབ།

ede2a1d2d9a94be3fbd33689251644f.png

《འཁྱགས་ངོས་ཀྱི་ངལ་གསོ》ལ་སྒྲིག་འཛུགས་ཨུ་ལྷན་གྱི་གསེར་གྱི་རྟགས་མ1ཐོབ། པར་བ་ཧའོ་ཅིན་ཧྥང་།

སྐབས་དགུ་པའི་སར་པི་ཡའིNSAPKཡི་སྐོར་སྐྱོད་པར་ལེན་འགྲན་སྡུར་ཆེ་མོ་ནི་དབང་གྲགས་སྒྲིག་གཞིས་ཁས་ལེན་པའི་པར་ལེན་འགྲན་སྡུར་ཆེ་མོ་ཞིག་ཡིན་པ་དང་། Novi Sad(ནུའོ་ཝུའེ་ས་ཏེ)དང་། Aleksinac(ཨ་ལའེ་ཁེ་ཤིས་ན་ཚི)དང་། Kula(ཁུའུ་ལ)བཅས་ས་ཁུལ་གསུམ་དུ་སྐོར་སྐྱོད་བྱས་ནས་གཉེར་བ་རེད། འགྲན་སྡུར་དེ་རྒྱལ་སྤྱིའི་པར་ལེན་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགསFIAP2024/087-089དང་། ཨ་རིའི་པར་ལེན་སློབ་ཚོགས(PSA2024-1029)དང་། སར་པི་ཡའི་པར་ལེན་སློབ་ཚོགས(FSS2024/18-20)བཅས་ཀྱིས་ཐུན་མོང་ཐོག་ཁས་ལེན་བྱས་པ་ཞིག་རེད། འགྲན་སྡུར་ཆེ་མོར་ཚོན་མདོག་སྒོ་དབྱེའི་ཚན་ཆུང་དང་། ཚོན་མེད་སྒོ་དབྱེའི་ཚན་ཆུང་། རང་བྱུང་ཚན་ཆུང་། འདྲ་པར་ཚན་ཆུང་བཅས་དང་དེ་བཞིན་སྐྱེས་པ་དང་། བུད་མེད། བྱིས་པ་བཅས་ཚན་ཆུང་ཆེ་གྲས་ལྔ་ལ་དབྱེ་ཡོད་པས་པར་ལེན་ལ་དགའ་པའི་མི་འབོར་ཆེན་ཞིག་འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

1299349083cedbce5a4e38d8e9f47b6.png

《འབྲོང་དང་རྐྱང་》ལFIAPཡི་གཟེངས་རྟགས་ཐོབ། པར་བ་ཅའོ་ཧྲེང་ཧྥུ།

མཚོ་སྔོན་ཞིང་ཆེན་གྱི་པར་བ་འགྲན་བསྡུར་ནང་ཞུགས་པའི་སྐྱེ་ཁམས་པར་རིས་བརྩམས་ཆོས་ཤིག་ལས་བརྗིད་ཉམས་ལྡན་པའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་མཛེས་ལྗོངས་དང་། ཡིད་དབང་འཕྲོག་པའི་རི་སྐྱེས་སྲོག་ཆགས་ཀྱི་རྣམ་པ་གསོན་ཉམས་དོད་པོས་མངོན་པ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་ཉེ་བའི་ལོ་ཤས་རིང་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་པའི་རྣམ་པ་ཡང་མངོན་ཡོད།

4f7af50790dba6cba35b62f03e89e08.jpg

《སྒོམ》ལ་སྒྲིག་འཛུགས་ཨུ་ལྷན་གྱི་གཟེངས་རྟགས་ཐོབ།  པར་བ་ཅའོ་ཧྲེང་ཧྥུ།

2d3fe2846f73a9f8b11e4af36acf9ff.png

《ཁེར་གྲུ་དང་ལོ་མ་གཅིག》ལ་སྒྲིག་འཛུགས་ཨུ་ལྷན་གྱི་གཟེངས་རྟགས་ཐོབ་པ། པར་བ་ཅའོ་ཧྲེང་ཧྥུ།


མཉམ་སྤྱོད།