མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

པར་མཁན་འབྲོག་པ་ཞིག་གིས་པར་རིས་ལ་བརྟེན་ནས་མཚོ་སྔོན་པོའི་མཛེས་སྡུག་ཟིན་ཐོར་བཀོད།

2024-04-09 10:02:41   |   2308

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲོག་པ་རྡོ་རྗེ་ནི་ད་ལོ30ལ་ལྷག་ཡིན་ལ། ཁོ་རང་གིས་ཆུང་དུས་ནས་མཚོ་སྔོན་པོའི་འགྲམ་གྱི་རྩྭ་ཐང་དུ་ཕྱུགས་འཚོ་བཞིན་ཡོད། ཕ་ཡུལ་གྱི་ཕྱུགས་ལས་ཐོན་རྫས་དྲིལ་སྒྲོག་བྱེད་ཆེད། རྡོ་རྗེ་ཡིས་འབྲོག་པས་རུ་སྤོ་བའི་བརྒྱུད་རིམ་ཧྲིལ་པོ་བརྙན་བླངས་ཏེ། བརྙན་ལམ་དང་འདྲ་པར་བརྒྱུད་དེ་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་དང་རྐང་ཚའི་མཛེས་ལྗོངས་ཕྱིར་མངོན་པར་བྱ་རྒྱུའི་བསམ་བློ་འཁོར། རུ་སྤོ་བ་བརྙན་བླངས་པའི་བྱ་བ་བརྒྱུད་དེ་རྡོ་རྗེ་ལ་བརྙན་ལེན་པའི་སྤྲོ་བ་རབ་ཏུ་འཕེལ་བར་གྱུར། ཁོས་ཆེད་ལས་ཀྱི་པར་ཆས་ཉོས་ཤིང་ཁོམ་པ་ཡོད་ཚེ་པར་ལེན་པར་བསྐྱོད། རྩྭ་ཐང་གི་དཀྱིལ་དབུས། མཚེའུ་ཆེན་པོའི་འགྲམ་རྒྱུད། རི་མཐོ་ནགས་ཚལ་སོགས……..ཁོས་པར་རིས་བརྒྱུད་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་མཛེས་སྡུག་ལྡན་པའི་སྐད་ཅིག་རེ་རེ་ཟིན་ཐོར་བཀོད།

1.jpg

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲོག་པ་རྡོ་རྗེ་ཡིས་མཚོ་སྔོན་པོའི་མཚོ་ཁ་འབྱེད་པའི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།(ཟླ4པའི་ཚེས3ཉིན།)ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ།(ཕན་པིན་པིན་གྱིས་པར་བླངས།)

2.jpg

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲོག་པ་རྡོ་རྗེ་ཡིས་ཕྱུགས་འཚོ་བཞིན་པ། (ཟླ4པའི་ཚེས3ཉིན།)ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ།(ཕན་པིན་པིན་གྱིས་པར་བླངས།)

3.jpg

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲོག་པ་རྡོ་རྗེ་ཡིས་རང་ཁྱིམ་གྱི་ཚོང་སྒྲོམ་ཐོག་གི་ཚོང་ཟོག་སྒྲིག་བཞིན་པ། (ཟླ4པའི་ཚེས3ཉིན།)ཤིན་ཧྭ་གསར་འགྱུར་ཁང་གསར་འགོད་པ།(ཝང་པོ་ཡིས་པར་བླངས།)

4.jpg

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲོག་པ་རྡོ་རྗེ་ཡིས་མཚོ་སྔོན་པོ་པར་ལེན་བཞིན་པ།(ཟླ4པའི་ཚེས3ཉིན།)ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ།(ཕན་པིན་པིན་གྱིས་པར་བླངས།)

7.jpg

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲོག་པ་རྡོ་རྗེ་ཡིས་འདྲ་པར་ལ་ལྟ་བཞིན་པ།(ཟླ4པའི་ཚེས3ཉིན།)ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ།(ཕན་པིན་པིན་གྱིས་པར་བླངས།)


མཉམ་སྤྱོད།