མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས05ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་ནས་ཧ་ཅང་མཐོང་དཀོན་པའི་མཐོ་སྒང་གླ་བ་དཀར་པོ་བརྙན་རིས་སུ་བླངས།

2024-04-15 11:24:22   |   2347

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་ཟླ4པའི་ཚེས13ཉིན་གྱི་དགོང་མོར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་མང་པོར་རྗེས་འདེད་བྱས་པ་བརྒྱུད་པད་མ་རྫོང་ཁོངས་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཏེ་མཐོ་སྒང་གླ་བ(མདོག་དཀར་པོ)ཤེས་རྟོགས་བྱུང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་གླ་བ་དཀར་པོ་བརྙན་པར་དུ་བླངས་པ་ཐོག་མ་ཡིན།

112.jpg

འདི་ནི་ཧ་ཅང་མཐོང་དཀོན་པའི་མཐོ་སྒང་གླ་བ་དཀར་པོ་ཡིན།(མཚོ་སྔོན་ཞིང་ཆེན་པད་མ་རྫོང་སྨྱན་སྦྱོར་ལྟེ་གནས་ཀྱིས་པར་མཁོ་འདོན་བྱས།)

 པད་མ་རྫོང་ནི་གཙང་གསུམ་ཆུ་མགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གཏོགས་པ་དང་འབྲི་ཆུའི་ཆུ་མགོ་གཙོ་བོ་ཡང་ཡིན། ས་ཁོངས་དེའི་རྨ་ཁུག་གཙང་པོའི་ནགས་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་ནགས་ར་དང་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་རང་བྱུང་གདོད་མའི་ནགས་ཁུལ་ཡིན། ཟླ4པའི་ཚེས12ཉིན་པད་མ་རྫོང་ནགས་ཚལ་ཉེན་རྟོག་རུ་ཆེན་གྱི་རོགས་རམ་འོག་པད་མ་རྫོང་གི་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པས་པད་མ་རྫོང་ཁོངས་སུ་མཐོ་སྒང་གླ་བ་དཀར་པོ་པར་རིས་སུ་བླངས་པ་དང་། དེའི་སྤུ་མདོག་དཀར་ཞིང་མགོའི་ཐིག་རིས་ཐགས་ཐོགས་མེད་པ། རྣ་ཅོག་རིང་ལ་རྩེ་མོ་ཕྲ་བ། གཟུགས་པོ་རིང་ལ་གཟུགས་གཞི་ཆེ་བ་བཅས་ཀྱི་ཁྱད་ཆོས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གླ་ཚན་གྱི་སྲོག་ཆགས་ནི་ཚན་རྐྱང་པའི་ཁོངས་སུ་གཏོགས་པ་དང་མིག་སྔར་གོ་ལ་ཧྲིལ་པོར་གླ་རིགས7ཡོད་པ་དང་ཀྲུང་གོར་གླ་རིགས6ཡོད་ཅིང་། ད་ཐེངས་ཤེས་རྟོགས་བྱུང་བའི་མཐོ་སྒང་གླ་བ་དཀར་པོ་འདིའི་རིགས་ནི་ཤིན་ཏུ་མཐོང་དཀོན་པ་ཞིག་ཡིན།


མཉམ་སྤྱོད།