མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མདོ་ལ་རྫོང་གིས“ཧྥེང་ཆའོ་ཉམས་མྱོང”ལ་བརྟེན་ནས་སེམས་ནུས་ཡོད་རྒུས་འགལ་བ་དང་རྩོད་གཞི་སེལ་ཐབས་བྱས་པ།

2024-04-15 15:37:59   |   2667

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྗོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཤིང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་བླང་བྱ་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྔོན་འགོག་སྔོན་ལ་བྱེད་པ་དང་། མཐུན་སྦྱོར་སྔོན་འགྲོ། ཁྲིམས་སྐྱོང་བེད་སྤྱོད། ས་གནས་ནས་ཐག་གཅོད་མཐའ་འཁྱོངས་སྒོས་དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”ས་གནས་ཅན་གྱི་བྱེ་བྲག་ལག་ལེན་དུ་གསར་གཏོད་འཕེལ་རྒྱས་བཏང་ཞིང་། འགལ་ཟླ་དང་རྩོད་གཞི་ཚད་ཆེ་བའི་ངང་གཞི་རིམ་ནས་སེལ་བ་དང་། གསར་འབུས་རྣམ་པ་ནས་ཐག་གཅོད་བྱས་ནས་རྫོང་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་རྒྱུན་མཐུད་བྱུང་།

མཐུན་སྦྱོར་མཉམ་བཅོས་མཐའ་འཁྱོངས་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་། སྣ་མང་ཅན་གྱི་འགལ་བ་དང་རྩོད་གཞིར་གྲལ་བཤེར་དང་སེལ་བའི་མ་ལག་འཐུས་ཚང་དུ་བཏང་བ་དང་། མི་དམངས་འདུམ་འགྲིག་དཔུང་ཁག་ཁག70བཙུགས་པ། ཆེད་ལས་རང་བཞིན་གྱི་འདུམ་འགྲིག་རྩ་འཛུགས་ཁག12བཙུགས་པ། “ཧྲུའུ་ཅི་རྒན་པ”དང“ཨ་ཞང”སོགས་ཁྱད་ལྡན་སྤུས་རྟགས་འདུམ་འགྲིག་ཁང5བཏོད་ཡོད། “དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ། སྤྱི་ཚོགས་ཅན་གྱི་མཉམ་སྐྲུན”བཅས་ཀྱི་གཞི་རིམ་བཅོས་སྐྱོང་ལམ་སྲོལ་གསར་བ་ཧུར་ཐག་གིས་བཙུགས། རྫོང་ཡོངས་ཀྱི་རིམ་པ་དང་པོའི་དྲ་མིག7དང་། རྨང་གཞིའི་དྲ་མིག89 ཡན་ལག་དྲ་མིག417བཅས་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་ནས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་དངོས་གཞི་ཅན་དང་། གནད་སྨིན་ཅན། ཕན་འབྲས་ཅན་བཅས་མངོན་འགྱུར་བྱས་ཡོད། “ལས་གནས་སྟོང་དང་སོ་བ་ཁྲི+གྲངས་ཀའི་སོ་དམག”“དམངས་དོན་དྲ་མིག་མྱུར་ཏུ་སྒྲུབ་པ”སོགས་གཞི་རིམ་བཅོས་སྐྱོང་ལས་སྟེགས་གསར་གཏོད་བྱས་ནས“བྱ་བ་དང་ལེན་དང་སྒྲུབ་པའི”ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཡོད།

ཚད་ལྡན་འཛུགས་སྐྲུན་རྒྱུན་འཁྱོངས་དང་ཐོན་ཁུངས་སྡེབ་སྒྲིག་ལ་སྐུལ་འདེད་བཏང་། རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དངོས་གཞི་ཅན་དང་ཚད་ལྡན་ཅན་གྱི་འཁོར་སྐྱོད་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཤིང་། འདུམ་འགྲིག་དང་འདུམ་གཅོད། གཏུག་བཤེར་སོགས་རིགས་དབྱེ་འདུམ་འགྲིག་མི་སྣའི་སྟོབས་ཤུགས་བཀོད་སྒྲིག་བྱས་ནས“བཅར་འདྲི+བདག་སྤྲོད+རྩིས་སྤྲོད+རྗེས་འདེད”བཅས་ཀྱི་གདུབ་ཟུམ་ལས་ཀའི་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་། མི་དམངས་ཀྱི་འདུམ་འགྲིག་དང་། སྲིད་འཛིན་གྱི་འདུམ་འགྲིག ཁྲིམས་འཛིན་གྱི་འདུམ་འགྲིག་བཅས“འདུམ་གསུམ་མཉམ་འགུལ”གྱི་ལས་ཀའི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། དོགས་གནད་འགལ་བ“མཉམ་འབྲེལ་ཐག་གཅོད”དང་། སྤྱིར་བཏང་གི་རྩོད་གཞི“དུས་གཏན་མཐུན་སྦྱོར”། རྩོད་གཞི་ཆུང་ཙག“ལས་ཞོར་དུ་སྒྲུབ་པའི”ལས་ཀའི་བྱེད་ཐབས་ལག་བསྟར་བྱས་ཏེ། འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པར“སྒོ་གཅིག་ལས་མི་འཛུལ་བ་དང་། ཆེས་མང་ན་ཐེངས་གཅིག་ལས་མི་རྒྱུག་པ”མངོན་འགྱུར་དངོས་མ་བྱས། ད་ལོ་ཚུན་དུ་འགལ་བ་དང་རྩོད་གཞི་སྣ་ཚོགས77གྲལ་བཤེར་བདག་སྤྲོད་བྱས་པ་དང་། གྱོད་གཞི77ཐག་གཅོད་བྱས་པས་སེལ་ཐུབ་ཚད100%ལ་སླེབས་ཡོད། ཡིག་བསྐུར་ངོ་བཅར་གྱོད་གཞི8ཞིབ་གཅོད་མཇུག་སྒྲིལ་བྱས།

ཕྱོགས་གཉིས་ཤུགས་འདོན་མཐའ་འཁྱོངས་དང་འདུམ་འགྲིག་ཕན་ནུས་མཐོ་རུ་བཏང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དེ་ཐོག་མཐའ་བར་གསུམ་དུ་འདུམ་འགྲིག་གི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པ་མཐའ་འཁྱོངས་བྱས་ཤིང་། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་དང་། ནག་སེལ་ངན་འཇོམས། གློག་འཕྲིན་དྲ་རྒྱའི་མགོ་སྐོར། བཅའ་ཁྲིམས་རོགས་སྐྱོར་སོགས་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་སྒོ་ཧུར་ཐག་སྤེལ་ནས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཐག་གཅོད་བྱས་ཟིན་པའི་འགལ་ཟླ་དང་རྩོད་གཞིར་རྗེས་འདེད་བཅར་འདྲི་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་གདེང་འཇོག འདུམ་འགྲིག་ཕན་འབྲས་ལ་དཔྱད་དཔོག་བརྒྱུད་རིམ་སྤོར་ཡང་ན་སླར་ཐོན་གྱི་རྩོད་གཞི་ལ་ཆེད་དོན་འཛིན་གྲྭ་བཙུགས་ནས“ཕྱིར་ལོག”འདུམ་འགྲིག་བྱས་ཤིང་། གྱོད་གཞི་འདུམ་འགྲིག་ཐག་གཅོད་གཅིག་བྱས་ན་ཐོ་བསུབ་གཅིག་བྱས་པའི་ཕན་འབྲས་བཟང་པོ་ཐོན་པ་བྱས་ཡོད། མིག་སྔར་རྫོང་ཡོངས་ཀྱི“བརྒྱད་མེད་དྲུག་ལྡན”གྱི་བདེ་འཇགས་དཔེ་སྟོན་སྡེ་བ་གསར་སྐྲུན་ཚད70%དང་། དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ་གསར་སྐྲུན་ཚད98%ལ་སླེབས་ཡོད།


མཉམ་སྤྱོད།