མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས02ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-16 08:06:25   |   324

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ4པའི་ཚེས16ཉིན་དཔར་སྐྲུན་བྱ་རྒྱུ་ཡིན་པའི《བདེན་འཚོལ》དུས་དེབ་ཐེངས་བརྒྱད་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཏེ། 《རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུད་འཛིན་་ཤུགས་ལ་བསྣན་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས》ཞེས་པ་སྤེལ་རྒྱུ་རེད།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་གཉིས་པའི་བར་རང་རྒྱལ་གྱིས་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་སྒོར་དུང་ཕྱུར3885མ་འཇོག་བྱས་པའི་ནང་ལྕགས་ལམ་ལ་མ་དངུལ་སྒོར་དུང་ཕྱུར652བཏང་ཞིང་། དུས་མཚུངས་ལས9.4%འཕར་ཡོད།

  • ཟླ་གསུམ་པར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལས་གྲྭ་གལ་ཆེན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་ཞིང་། རྒྱལ་ཡོངས་ཀྱི་ལས་གྲྭའི་འཕྲུལ་ཆས་ཀྱི་ཕྱོགས་བསྡུས་ལས་མགོ་ཚུགས་ཚད་ཀྱིས55.52%ཟིན་ཡོད་ཅིང་། ཟླ་དང་པོ་དང་གཉིས་པ་ལས་ཆེས་ཆེར་འཕར་ཡོད།

  • མིག་སྔར་རང་རྒྱལ་དུ་དཔྱིད་ཀའི་འབྲུ་རིགས15.6%བཏབ་ཟིན་པ་དང་། ཞིང་འདེབས་ལས་ཀའི་འཕེལ་རིམ་བདེ་བླག་ཡིན།

  • ཉིན་ཤས་གོང་སྤྱི་བདེ་པུས་སྐྱེ་ཁམས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་དཔེ་མཚོན་གྱོད་དཔེ8ཡོངས་བསྒྲགས་བྱས། ཞིབ་འཕྲིན།

  • 2023ལོའི་ལོ་མཇུག་བར་དུ། རང་རྒྱལ་གྱིས་སྐྲུན་བཞིན་པའི་ཉིང་རྡུལ་གློག་ཁང་གི་འཕྲུལ་ཙུའུ26ཡོད་པའི་ནང་སྤྱིའི་ཤོང་ཚད་སྟོང་ཝ་ཁྲི3030ཟིན་ཞིང་། གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།

    1.jpg

  • ཚེས15ཉིན་རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཝེ་བཞིའི་མཐོ་ལྗོངས་ཨང་གསུམ་པའི་སྲུང་སྐར01བདེ་བླག་ངང་འཕེན་གཏོང་བྱས་པ་དང་། སྲུང་སྐར་བདེ་བླག་ངང་སྔོན་ནས་གཏན་འཁེལ་བྱས་པའི་འཁོར་ལམ་ཐོག་བསྐྱོད།

  • ཚེས15ཉིན་ཕྱི་འབྲེལ་པུས་བསྟན་དོན། ཨ་རིའི་མི་ཁག་གཅིག་གིས་དྲ་རྒྱའི་ཕར་རྒོལ་གྱི་འབྱུང་ཁུངས་དེ་ཀྲུང་གོར་རྡུང་རྡེག་གཏོང་བའི་ལག་ཆར་བརྩིས་ནས་དྲ་རྒྱའི་བདེ་འཇགས་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་ནས་ཀྲུང་གོ་ཕྱོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཀྲུང་གོར་དྲ་རྒྱའི་ཐོག་ནས་ཚུར་རྒོལ་བྱེད་མཚམས་འཇོག་པ་དང་ཀྲུང་གོར་དམའ་འབེབས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

  • ཚེས15ཉིན་སིང་ཀ་ཕོར་གྱི་ཙུང་ལིའི་གཞུང་ལས་ཁང་གིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཙུང་ལི་ལི་ཞན་ལུང་གིས་ཟླ5པའི་ཚེས15ཉིན་ལས་གནས་དགོངས་ཞུ་བྱ་རྒྱུ་ཡིན་ཞིང་། ཁོང་གིས་ཙུང་ཐུང་ལ་ཙུང་ལི་གཞོན་པ་དང་ནོར་སྲིད་པུ་ཀྲང་གཅིག་ལྕོགས་ཧོང་ཡ་ཚའེ་ཡིས་ཙུང་ལི་གསར་པའི་འགན་འཁུར་རྒྱུའི་གྲོས་མགོ་དངོས་སུ་བཏོན།

    སྤྱི་ཚོགས།

2.jpg

  • ཚེས15ཉིན་ནས་ཚེས16ཉིན་གྱི་ཆུ་ཚོད20བར་ཧུའུ་པེ་དང་། ཧུའུ་ནན། ཅང་ཞི། ཀྲེ་ཅང་། ཧྥུ་ཅན། ཀུའེ་ཀྲོའུ་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་རིམ་པ8-10ཡི་ཆར་རླུང་དང་སེར་བ་འབབ་པའི་གནམ་གཤིས་ཡོད་པ་དང་། ས་ཁུལ་ཁག་ཅིག་གི་རླུང་ཤུགས་རིམ་པ11ཡན་ཟིན་རྒྱུ་རེད།

  • ལྔ་གཅིག་གུང་གསེང་ཐོན་ལ་ཉེ་ཞིང་ཚེས17ཉིན་ནས་བཟུང་ལྔ་གཅིག་གུང་གསེང་གི་ཉིན་དང་པོའི་མེ་འཁོར་སྤ་སེ་ཉོ་ཐུབ་ཀྱི་ཡོད།

  • ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཏུའུ་ཙི་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོ་ཞི་བདེ་འགན་བཅོལ་ཚོགས་པ་ཚད་ཡོད་འགན་འཁྲི་སྤྱི་གཉེར་གྱི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་སྤྱི་གཉེར་གཞོན་པ་ཞའོ་ཞིང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • 2024ལོའི་རྒྱལ་སྤྱིའི་རི་འཛེག་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་བུམ་པའི་བྲག་འཛེག་འགྲན་བསྡུར་དེ་ཚེས14ཉིན་ཅང་སུའུ་སུའུ་ཀྲོའུ་རུ་མཇུག་གྲིལ་བ་དང་། ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གཅིག་ཐོབ་པ་དང་། ཨེ་ཤེ་ཡའི་ཟིན་ཐོ་ཞིག་ལས་བརྒལ་འདུག

    3.jpg

  • ཚེས15ཉིན། 2024ལོའི་འཛམ་གླིང་བུད་མེད་ཕའེ་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་སྡུར་གྱི་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་འགྲན་སྡུར་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཀྲུའུ་ཐིང་གིས་མུ་མཐུད་དུ་རྒྱལ་ཁབ་རུ་ཁག་རིང་གི་སྤོ་ལོའི་ལྭ་བ་ཨང2པ་གྱོན་ཡོད།

  • གནའ་རྫས་རྟོག་ཞིབ་མཁས་ཅན་གྲགས་ཅན་པེ་ཅིང་སློབ་ཆེན་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་དགེ་རྒན་ཆེ་མོ་བ་སྐུ་ཞབས་ཡན་ཝུན་མིང་ནད་ཀྱི་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེས14ཉིན་པེ་ཅིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ92ཡིན།

  • ཧུའུ་པེ་ཀྲི་ཅང་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་མང་པོ་ཞིག་དང་འབྲེལ་བའི་སྤུས་ཞན་ཕྱུགས་སྨན་བཟོ་བ་དང་ལྐོག་ཚོང་བྱེད་པའི་ཚོགས་པ་ཞིག་མེད་པར་བཟོས་ཤིང་། སྤུས་ཞན་ཕྱུགས་སྨན་སྒམ3000ལྷག་ཙམ་ཞིབ་བཤེར་བཀག་ཉར་བྱས་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི3000ལྷག་ཙམ་ཟིན་ཡོད།

  • པེ་ཧའེ་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཉེན་བརྡ་བཏང་བ་སྟེ། ཚེས17ནས20ཉིན་བར་ཉིན་རེའི་ཆུ་ཚོད7པ་ནས22བར་བྱང་རྒྱུད་མཚོ་ཁུག་གི་ཆུ་ཁོངས་ཁག་གཅིག་ཏུ་དམག་དོན་སྦྱོང་བརྡར་བྱ་རྒྱུ་ཡིན་པས་གྲུ་གཟིངས་བསྐྱོད་མི་ཆོག་ཟེར།

    སྲིད་ཇུས།

  • ཧུའུ་པེ་ཡིས“ན་གཞོན་ལས་གཏོད་དངུལ་བུན”གྱི་རེས་སྐོར་གསར་པའི་སྲིད་ཇུས་ཁྱབ་བསྒྲགས་བྱས་པ་དང་། མི་སྒེར་གྱི་དངུལ་བུན་རེ་ཞུའི་གྲངས་འབོར་མཐོ་ཤོས་སྒོར་ཁྲི30བར་མཐོ་རུ་བཏང་བ་དང་། མཉམ་སྡེབ་ལས་གཏོད་ཀྱི་དངུལ་བུན་གྲངས་འབོར་སྒོར་ཁྲི400བར་མཐོ་རུ་བཏང་ཡོད།

  • སི་ཁྲོན་གྱིས་བྱེད་ཐབས་བཏོན་པ་སྟེ། 2024ལོའི་ཟླ1པའི་ཚེས1ཉིན་ནས་ཟླ12པའི་ཚེས31ཉིན་བར་ཕྱི་རྒྱལ་ནས་སི་ཁྲོན་དུ་གནས་སྐོར་ལ་ཡོང་མཁན་གནས་སྐོར་བ་མི་ཐེངས་ཁྲི3དང་། ཁྲི5དང། ཁྲི10བཅས་སྣེ་ལེན་ཞུས་པའི་གནས་སྐོར་ལས་དོན་ཁང་ལ་སོ་སོར་སྒོར་ཁྲི40དང་། སྒོར་ཁྲི70དང་། སྒོར་ཁྲི150བཅས་ཀྱི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་རྒྱུ་རེད།

  • ཧྲན་ཞི་ཐའེ་ཡོན་གྱིས་ཞིབ་བཤེར་གཏན་འཁེལ་བྱས་པའི་ཀུན་ཕན་བུ་བཅོལ་སློབ་གསོའི་སྒྲིག་གཞི་ལ། 2024ལོར་དངོས་སུ་བུ་བཅོལ་ཁང་དུ་ཞུགས་པའི་ལོ་གསུམ་མན་གྱི་ཕྲུ་གུའི་མི་གྲངས་དང་ཟླ་གྲངས(མང་ཤོས་ཟླ10ལས་མི་བརྒལ་བ)ལྟར་གཉེར་སྐྱོང་ཁ་གསབ་སྤྲོད་རྒྱུ་ཡིན་པ་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

4.jpg

  • ཞིན་ཅང་ལྷོ་རྒྱུད་གཤོངས་སའི་ནུབ་རྒྱུད་དང་ལྷོ་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། དེའི་ནང་མཚོ་སྔོན་ལྷོ་ནུབ་ཀྱི་ས་ཁུལ་དུ་ཁ་བ་འབྲིང་ཙམ་འབབ་རྒྱུ་རེད། ཅང་ཧན་གྱི་ལྷོ་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། ཧུའུ་ནན་གྱི་དབུས་རྒྱུད་དང་ཅང་ཞིའི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།