མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས05ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ལུག་རའི་ནང་དུ་གཡི་ཞིག་འཛུལ་ཏེ་ལུག20ལྷག་ཙམ་བསད་འདུག

2024-04-16 09:02:41   |   418

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ལྗོངས་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་ནས་རྒྱུས་ལོན་བྱུང་བར་གཞིགས་ན། ཟླ4པའི་ཚེས12ཉིན། སྒར་རྫོང་སྤྱི་བདེ་ཅུ་དགུན་ས་ཞང་མངགས་གཏོང་ཁང་ལ་གནམ་རུ་གྲོང་ཚོའི་གྲོང་མིའི་སྙན་སེང་འབྱོར་ནས་ལུག་རའི་ནང་དུ་གཡི་ཞིག་འཛུལ་ཏེ། ལུག20ལྷག་བསད་པའམ་རྨས་འདུག་པས་ཉེན་རྟོག་པས་རོགས་རམ་གནང་རོགས་ཞེས་བཤད།

1.png

ལུག་རར་འཛུལ་བའི་གཡི་བདེ་འཇགས་ངང་གཟེབ་ནང་དུ་འཛིན་བཟུང་བྱས།

2.png
 གཡི་དེས་བསད་པའི་ར་ལུག

རེ་ཞུ་འབྱོར་རྗེས། དགུན་ས་ཞང་མངགས་གཏོང་ཁང་གི་དམངས་ཕན་ཉེན་རྟོག་པ་གང་མགྱོགས་སྒོ་ནས་གནས་ཚུལ་ཐོན་སར་བསྐྱོད་དེ། དགུན་ས་ཞང་གི་ཏང་ཡོན་གདོང་ལེན་རུ་ཁག་དང་མཉམ་དུ་འཕྲལ་སྡོམ་མཉམ་འགུལ་ལམ་སྲོལ་ལག་ལེན་བསྟར་ཏེ་གཅིག་ནས་གྲོང་མི་རྣམས་ཁ་བཀྲམ་པ་དང་གཉིས་ནས་གཡི་འཛིན་ཐབས་བྱས་པ་རེད།

3.png
དགུན་ས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གཡི་འཛིན་བཞིན་པ།


      ཚང་མའི་གཞོགས་འདེགས་དང་འབད་བརྩོན་འོག མཐར་གཡི་དེ་རས་ཕད་ནང་བཟུང་བ་དང་འབྲེལ་སྒར་རྫོང་རང་བྱུང་ཐོན་ཁུངས་ཅུ་ལ་རྩིས་སྤྲད་པ་རེད།

   “ཉེན་རྟོག་པ་ལགས། རི་དྭགས་ཤིག་ངེད་ཚང་གི་ལུག་རའི་ནང་དུ་མཆོངས་ནས་ལུག་ཁྱུ་བདའ་བཞིན་འདུག”ཅེས་ཟླ4པའི་ཚེས9ཉིན་གྱི་ཆུ་ཚོད18ཙམ་ལ་ཁོངས་གཏོགས་ཁུལ་གྱི་འབྲོག་པ་ཞིག་གིས་དངངས་སྐྲག་ཆེན་པོས་ངང་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་སྤྱི་བདེ་ཅུ་བལ་ལ་གྲོང་རྡལ་མངགས་གཏོང་ཁང་ལ་ཁ་པར་བརྒྱབ་ནས་རོགས་རམ་གནང་རོགས་ཞུས།

སྙན་སེང་འབྱོར་རྗེས་བལ་ལ་གྲོང་རྡལ་མངགས་གཏོང་ཁང་གིས་འཕྲལ་དུ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་གནས་ཚུལ་ཐོན་སར་ལྟ་རུ་སོང་། དེ་གར་འབྱོར་རྗེས་མི་དམངས་ཉེན་རྟོག་པས་གཡི་ཞིག་འབྲོག་པའི་ལུག་རའི་ནང་དུ་རྒྱུ་བ་དང་། ལུག་ཁྱུ་ཚང་མ་འདྲོགས་བཞིན་པ་མཐོང་། གཡི་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡིན་པས། མི་དམངས་ཉེན་རྟོག་པས་རི་དྭགས་སྲུང་སྐྱོབ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་གཉིས་ཀར་མཐོང་ཆེན་བྱས་ཏེ། ཞང་སྲིད་གཞུང་གི་འབྲེལ་ཡོད་ལས་དོན་པ་དང་མཉམ་དུ་བདེ་འཇགས་ལྡན་ལ་གོ་ཆོད་པའི་ཐབས་ཤེས་སྤྱད་དེ་གཡི་དེ་རང་བྱུང་ཁམས་སུ་བསྐྲད་པ་རེད།

4.png
གཡི།

རྒྱུས་ལོན་བྱུང་བར་གཞིགས་ན། བརྟག་དཔྱད་བྱས་པ་བརྒྱུད་འབྲོག་པའི་ལུག་ཁྱུ་ཤི་རྨས་བྱུང་མེད་པ་རེད། མི་དམངས་ཉེན་རྟོག་པས་འབྲོག་པ་དེ་དང་ཉེ་འཁོར་གྱི་མང་ཚོགས་ལ་རི་དྭགས་ཀྱིས་སྒོ་ཕྱུགས་ལ་འཇབ་རྒོལ་བྱས་ཏེ་རྒྱུ་ནོར་གྱི་གྱོང་གུན་མི་ཕོག་པའི་ཆེད་དུ་དོགས་ཟོན་ཆེན་པོ་བྱེད་དགོས་པ་དང་ཆབས་ཅིག བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་མོ་ཞུས་ནས་རི་དྭགས་སྲུང་སྐྱོབ་ཀྱི་འགན་འཁྲི་མུ་མཐུད་སྒྲུབ་དགོས་པ་དང་། གནས་ཚུལ་དེ་རིགས་འཕྲད་ཚེ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པའི་ཁ་ཏ་བྱས་པ་རེད།


མཉམ་སྤྱོད།