མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས30ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

“བདེ་ཐང་མཚོ་བྱང”གིས་མང་ཚོགས་མི་ཐེངས་ཁྲི90ལ་ཕན་པ་ཐོབ།

2024-04-16 14:44:35   |   120

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ན་ནིང་ནས་བཟུང་མཚོ་བྱང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཏོན་ཞིང་། བདེ་ཐང་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་མཐུད་འཐུས་ཚང་དང་ཇེ་ལེགས་སུ་བཏང་བ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་ཇེ་ཆེ་དང་ས་ཁོངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་བཏང་སྟེ། འགོས་ནད་དང་ཡུལ་ནད་ཕྱོགས་བསྡུས་འགོག་བཅོས་དང་བདེ་ཐང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་མི་ཐེངས་ཁྲི90ལ་ཕན་པ་ཐོབ་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་སྟོན་གྲངས་རྒྱུན་མཐུད་ངང་འཕར་ཡོད།

མཚོ་བྱང་ཁུལ་གྱིས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཁག་ལྔར་དམིགས་ནས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ་དང་། མང་ཚོགས་ཀྱི་ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་གཙོ་གནད་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་ནས་དམ་ཚགས་ཅན་གྱི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞི4དང་ཆེད་ཚན་མཉམ་འབྲེལ2བཙུགས་ཤིང་། “ཐོག་མར་གཞི་རིམ་དུ་སྨན་བཅོས་བྱེད་པ་དང་། ཕྱོགས་གཉིས་ནས་སྨན་བཅོས་བརྗེ་སྒྱུར་བྱེད་པ། མྱུར་དལ་ཁག་བགོས་སྨན་བཅོས། གོང་འོག་མཉམ་འགུལ”བཅས་ཀྱི་རིམ་དབྱེའི་སྨན་བཅོས་ལམ་སྲོལ་རགས་ཙམ་བཙུགས་ནས་གཞི་རིམ་གྱི་ཞབས་ཞུའི་ཆུ་ཚད་དང་། ཞབས་ཞུའི་ནུས་པ། མང་ཚོགས་བློ་ཡིད་ཚིམ་ཚད་བཅས་ཀྱི་“མཐོར་འདེགས་གསུམ”མངོན་འགྱུར་བྱུང་ཡོད་ཅིང་། རྫོང་རིམ་པའི་སྨན་ཁང་གི་འཕྲལ་བཅོས་ནད་པའི་ཆ་སྙོམས་སྨན་བཅོས་འགྲོ་གྲོན་དང་། སྨན་ཁང་དུ་སྡོད་པའི་ཆ་སྙོམས་འགྲོ་གྲོན། མི་སྒེར་ནས་འགྲོ་གྲོན་གཏོང་ཚད་བཅས་ཚང་མ་ཇེ་ཉུང་དུ་སོང་ཡོད། 2023ལོར་ཁུལ་ཡོངས་ཀྱི་རིམ་ཁག་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི90.2དང་སྨན་ཁང་ནས་ཕྱིར་བུད་པའི་མི་ཐེངས་ཁྲི3.1ཟིན་པ་དེ2022ལོ་དང་བསྡུར་ན་སོ་སོར28.31%དང39.08%འཕར་ཡོད། སྨན་བཅོས་འཕྲོད་བསྟེན་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་མ་དངུལ་སྒོར་དུང་ཕྱུར2ཙམ་བཏང་བའི་འཕྲོད་བསྟེན་བདེ་ཐང་རྣམ་གྲངས་ལག་ལེན་བསྟར་རྒྱུར་བརྩོན་ལེན་བྱས་ཏེ་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་དཀའ་ཁག་སེལ་གང་ཐུབ་བྱས། རིམ་རྩིས་བྱས་ན་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་རྫོང3དང་། འཕྲོད་བསྟེན་ཞང་གྲོང4དང་། ཞིང་ཆེན་རིམ་པའི་འཕྲོད་བསྟེན་ཞང་གྲོང30དང་། འཕྲོད་བསྟེན་གྲོང་ཚོ154བཅས་བསྐྲུན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོ་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས།

ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་སྨན་ཁང་གི“ཆེད་ལས་ཚན་ཁག་གཉིས་དང་ལྟེ་གནས་གཅིག”འཛུགས་སྐྲུན་གཏིང་ཟབ་བྱས་ནས་ཁུལ་དང་རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་སྨན་ཁང་གཙོ་བོ་བྱེད་པ་དང་། ཞང་གྲོང་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་རྨང་གཞིར་བྱེད་པའི་རིམ་པ་མང་བ་དང་རྣམ་པ་མང་བའི་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་རགས་ཙམ་བཙུགས་ཏེ་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་གཙོ་གནད་ཆེད་ཚན1དང་། ཞིང་ཆེན་རིམ་པའི་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་གཙོ་གནད་ཆེད་ཚན6བཙུགས་པ་དང་། 100%ཡི་འཕྲོད་བསྟེན་ཁང་དང་། 85%ཡི་གྲོང་ཚོའི་འཕྲོད་བསྟེན་ཁང་ཚང་མར་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཞབས་ཞུ་མཁོ་འདོན་བྱེད་ཐུབ་ཅིང་། གཞི་རིམ་སྨན་བཅོས་སྒྲིག་གཞིའི་ཀྲུང་ལུགས་བོད་ལུགས་གསོ་རིག་གི་ཁྱབ་རྒྱ་ཇེ་ཆེར་བཏང་། 2023ལོར་རིམ་རྩིས་བྱས་ན་གཞི་རིམ་དུ་བོད་ལུགས་གསོ་རིག་དང་བོད་སྨན་ལ་འཚམ་པའི་ལག་རྩལ་ཁག13དང་། ཀྲུང་ལུགས་གསོ་རིག་ལ་འཚམ་པའི་ལག་རྩལ་ཁག4ཁྱབ་གདལ་བཏང་བ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཁྱོན་མི་ཐེངས་ཁྲི28.62ལ་བྱས། དེས་སྨན་བཅོས་བྱེད་ཚད་ཀྱི39.74%བཟུང་ཡོད། ཞིང་ཆེན་བོད་སྨན་ཁང་དང་ཅིན་ཁི་བོད་སྨན་སྤྱི་གཉེར་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་བོད་སྨན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཚན་ཞིབ་མཉམ་ལས། སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཁུལ་ཡོངས་ཀྱི་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྨང་རྡོ་བརྟན་པོ་ཞིག་བཏིང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུར་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་གྱི་སྲིད་གཞུང་གི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར84བར་མཐོ་རུ་བཏང་། ཞབས་ཞུའི་རྣམ་གྲངས་རིགས29བར་རྒྱ་བསྐྱེད་བཏང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་བཏང་ཡོད། ཁུལ་ཡོངས་སུ་ཁྱིམ་ཚང་སྨན་པའི་ཞབས་ཞུའི་ཚོགས་པ136བཙུགས་ནས་དབུལ་པོའི་སྨན་བཅོས་འགན་ལེན་སྲིད་ཇུས་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གློག་རྡུལ་བདེ་ཐང་ཡིག་ཚགས་བཟོས་ནས་ཁྲག་ཤེད་མཐོ་བའི་ནད་པ་དང་། གཅིན་སྙི་ཟ་ཁུའི་ནད་པ། སེམས་ཁམས་ཐད་ཀྱི་ནད་ཚབས་ཆེན་ཕོག་མཁན་བཅས་ལ་ཚད་ལྡན་ཅན་གྱི་དོ་དམ་ཐུབ་པ་བྱས་ཡོད། མ་བུའི་བདེ་ཐང་ཞབས་ཞུའི་ནུས་པ་མགྱོགས་མྱུར་ཆེ་རུ་བཏང་སྟེ། ཉེན་ཁ་ཆེ་བའི་སྦྲུམ་མ་དང་ཕྲུ་གུའི་སྐྱོབ་བཅོས་ཀྱི“ལྟེ་གནས་ཆེན་པོ་གཉིས་”འཛུགས་སྐྲུན་ཁྱོན་ཡོངས་ལ་ཁྱབ་པར་བྱས། ལོ3མན་གྱི་ཕྲུ་གུའི་ལྟ་སྐྱོང་ཞབས་ཞུར་སྐུལ་འདེད་ཧུར་ཐག་བཏང་ནས་ཁུལ་ཡོངས་ཀྱི་སྦྲུམ་མ་དང་ལོ3མན་གྱི་བྱིས་པའི་མ་ལག་དོ་དམ་བྱེད་ཚད་ཚང་མ90%ཡན་ཟིན་པ་དང་། ཉེན་ཁ་ཆེ་བའི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་དང་མངལ་མ་འཁོར་གོང་གི་ལེགས་བཙའ་བདེ་ཐང་བརྟག་དཔྱད་དམིགས་ཚད་ཀྱི་ཁྱབ་ཚད100%ཟིན་ཡོད། ལོ65ཡན་གྱི་རྒན་རྒོན་ལ་རིན་མེད་གཟུགས་པོ་བརྟག་དཔྱད་བྱེད་ཚད91%ཡན་ཟིན་པ་དང་བདེ་ཐང་དོ་དམ་བྱེད་ཚད70%ཡན་རྒྱུན་འཁྱོངས་ཐུབ་ཡོད། ལུའུ་ཆིང་ས་མཐོའི་གཟུགས་པོ་བརྟག་དཔྱད་ལྟེ་གནས་དངོས་སུ་གཉེར་སྐྱོང་བྱེད་མགོ་ཚུགས་པ་དང་བདེ་ཐང་གསོ་སྐྱོང་དང་འཕྲོད་སྦྱོར་སོགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་བདེ་ཐང་སྲུང་ཡོལ་ནུས་ལྡན་ངང་བརྟན་དུ་བཏང་ཡོད།


མཉམ་སྤྱོད།