མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས30ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-17 07:35:58   |   212

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

图片1.png

  • ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་འཇར་མན་གྱི་ཙུང་ལི་ཧྲུའར་ཚི(朔尔茨)དང་མཇལ་འཕྲད་གནང་།

  • ཚེས16ཉིན་རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར296299ཡིན་ཞིང་། དུས་མཚུངས་ལས5.3%འཕར་བ་དང་དུས་ཚིགས་དང་པོའི་རྒྱལ་དམངས་དཔལ་འབྱོར་གྱི་མགོ་ཡག་པོ་ཞིག་བཙུགས་ཡོད།

  • སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཞིབ་ཐེངས་གསུམ་པ་བཅའ་སྡོད་བྱེད་མགོ་བརྩམས། མིག་སྔར་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་ལས་ཁུངས17ནང་ཞུགས་པ་དང་འབྲེལ་གཏུག་བྱེད་སྟངས་ཁྱབ་བསྒྲགས་བྱས་ཡོད། ཞིབ་འཕྲིན།

  • ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར10.14སྐྱེལ་འདྲེན་བྱས་པ་དང་། ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི1114.7སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས28.5%འཕར་ཡོད།

  • ཚོང་དོན་པུ་སོགས་སྡེ་ཚན14ཡིས་ཉེ་ཆར་ཇུས་གཞི་དཔར་འགྲེམས་བྱས་ཏེ། རླངས་འཁོར་རྙིང་ཚབ་གསར་བརྗེ་དང་། ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེ། ཁྱིམ་སྤྱོད་ཐབ་ཚང་དང་གསང་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བྱེད་ཐབས་ཁག22བཏོན་ཡོད།

  • ཀྲུང་གོའི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ཀྱི་དཔེ་འཐེན་བརྟག་དཔྱད་ཐེངས་བཅུ་གསུམ་པའི་འབྲས་བུ་ལྟར་ན། 2023ལོའི་རང་རྒྱལ་གྱི་སྤྱི་དམངས་ལ་ཚན་རིག་བྱང་ཚད་ལྡན་པའི་སྡུར་གྲངས14.14%ཟིན་པ་དང་། 2022ལོ་ལས་བརྒྱ་ཆའི་གྲངས1.21གིས་མཐོ་རུ་ཕྱིན་ཡོད།

  • རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2023ལོར་རང་རྒྱལ་གྱི་གསར་གཏོད་ཆེད་ཁེ་ཐོན་ལས་ཅན་དུ་འགྱུར་ཚད39.6%ཡིན་ཞིང་། ལོ་ལྔ་ལ་བསྟུད་མར་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡི་གྲངས་གཞི་ལས་མངོན་པ་ལྟར་ན། 2023ལོའི་ལོ་མཇུག་བར་རང་རྒྱལ་གྱི་བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར2.49ཟིན། དུས་མཚུངས་ལས་མི་ཁྲི300.41འཕར་ཡོད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ12ལ་སླེབས་མེད་པའི་ན་སོ་དར་ལ་མ་བབས་པའི་མི4ལ་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ་བཅུ་ནས་བཅོ་ལྔའི་བར་གྱི་ཁྲིམས་བཅད་ཡོད།

    图片2.png

  • ཚེས16ཉིན། 2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མེ་སོན་དེ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འབྱུང་གནས་ཏེ་ཀེ་རི་སེའི་གནའ་བོའི་ཨོ་ལིམ་ཕིག་ཡའི་གནའ་ཤུལ་ནས་བདེ་བླག་ངང་འཚོལ་བསྡུ་བྱས།

    སྤྱི་ཚོགས།

    图片3.png

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་། ཀུའེ་ཀྲོའུ་ཡི་དབུས་ལྷོ་རྒྱུད་དང་ཧུའུ་ནན་གྱི་དབུས་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་རིམ་པ8-10ཡི་ཐོག་ཆར་དང་སེར་བའི་གནམ་གཤིས་འདུག

  • ཚེས16ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར200དང་སྒོར195རེ་སྤར་ཡོད།

    图片4.png

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས22ཉིན་ཀྲུང་གོའི་ཤོག་སྒོར་གྱི་ལོ་སྟོང་གི་གསེར་དངུལ་དྲན་རྟེན་དངུལ་ལོར་ཆ་ཚང་ཞིག་འགྲེམས་སྤེལ་བྱ་རྒྱུ་གཏན་འཁེལ་བྱས།

  • ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་དེ་སྔའི་རྒྱུན་ཨུའམ་རང་སྐྱོང་ལྗོངས་སྲིད་གཞུང་གི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཆིན་རུའུ་ཕེ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

    图片5.png

  • རྒྱལ་ཁབ་རིག་དངོས་ཅུ་ཡིས་ཨན་ཧུའེ་ཧོའེ་ནན(安徽淮南)དུ་ཝུའུ་ཝང་ཏུན(武王墩墓)གྱི་བང་སོའི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གསར་པ་ཁྱབ་བསྒྲགས་བྱས་ཤིང་། ཝུའུ་ཝང་ཏུན་གྱི་བང་སོ་ནི་ད་ལྟའི་བར་གྱི་གཞི་ཁྱོན་ཆེ་ཤོས་དང་། རིམ་པ་མཐོ་ཤོས། གྲུབ་ཆ་རྙོག་འཛིང་ཆེ་ཤོས་བཅས་ཀྱི་ཁྲུའུ་རྒྱལ་ཁབ་ཀྱི་རྒྱལ་པོ་རིམ་པའི་བང་སོ་ཆེ་གྲས་ཤིག་ཡིན་པའི་ཐོག་མའི་ཚོད་དཔག་བྱས།

  • ཚེས15ཉིན་ཞིན་ཅང་དབྱི་ཉིང་དང་ཧ་སག་སི་ཐན་གྱི་ཨ་ལ་མུའུ་ཐུའུ་ཡི་རྒྱལ་སྤྱིའི་མཁའ་ལམ་དངོས་སུ་ཤར་གཏོང་བྱས།

  • སྐྱེས་པ་ཞིག་གིས་ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཏུའུ་ཅང་ཡན་རྟེན་གཞིར་ལྟ་སྐོར་བྱེད་སྐབས་ལྐོག་ནས་སྨྱུག་མ་བཏུས་ནས་དོམ་ལ་བྱིན་པས་མི་དེ་ལ་ཚེ་གང་ལ་དོམ་ཁྲའི་ལྟེ་གནས་ཀྱི་རྟེན་གཞི་ཁག་ཏུ་ལྟ་སྐོར་བྱེད་པར་འགྲོ་མི་ཆོག་པའི་ཆད་པ་བཅད།

    སྲིད་ཇུས།

  • ཧུའུ་ནན་གྱིས་ཇུས་གཞི་དཔར་འགྲེམས་བྱས་ཏེ། སྨན་ཁང་གིས་ནད་པའི་ཁང་པ་རྒན་པ་ལ་འཚམ་པ་ཅན་དང་སྟབས་བདེ་ཅན་དུ་སྒྱུར་བཀོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུར་སྐུལ་མ་བཏང་སྟེ། མི4དང་དེའི་ཡན་གྱི་ནད་ཁང་མི2ནས3ཅན་དུ་སྒྱུར་བཀོད་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་རེད།

  • ཀྲེ་ཅང་གིས་བསམ་འཆར་བཏོན་ནས་ཆ་རྐྱེན་དང་མཐུན་པའི་དེང་རབས་སྒྲིག་བཀོད་ཀྱི་ཞིང་ལས་འཛུགས་སྐྲུན་རྣམ་གྲངས་ཀྱིས་ས་གནས་སྲིད་གཞུང་གི་ཆེད་དོན་བུ་ལོན་རེ་ཞུ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་རེད།

  • མཚོ་སྔོན་གྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་དལ་འཕར་ནད་དང་། དམིགས་བསལ་ནད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཅིན་སྙི་ཟགས་ཁུའི་ནད། ཁྲག་ཤེད་མཐོ་བའི་ནད་བཅས་ཀྱི་སྨན་སྤྱོད་པའི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཚོས་དཀར་ཆག་གཞིར་བཟུང་ནས་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་ཆོག

    དེ་རིང་གི་གནམ་གཤིས།

图片6.png

  • ཞིན་ཅང་གི་དབྱི་ལི་ལུང་གཞུང་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཨན་ཧུའེ་ཡི་ལྷོ་རྒྱུད། ཅང་ཧན་གྱི་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། ཁྲུང་ཆིང་གི་བྱང་ཤར་རྒྱུད། ཀོང་ཞིའི་བྱང་རྒྱུད། ཀོང་ཏུང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་ཡིན་པ་དང་། དེའི་ནང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཧུའུ་པེའི་ལྷོ་ནུབ་རྒྱུད། ཅང་ཞིའི་ཤར་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད། ཧྥུ་ཅན་གྱི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།