མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས02ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

འཇུ་ལག་རྫོང་ནི་ཉེའུ་འདིའི་རིཊ་མཁོ་སྤྲོད་རྟེན་གཞི་ཆེ་ཤོས་སུ་གྱུར།

2024-04-17 13:24:41   |   311

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས།  རིན་ཆེན་ཚེ་རིང་།


མཚོ་བྱང་འཇུ་ལག་རྫོང་ནི་ནུབ་བྱང་གི་ཆུ་འཁྱགས་ཉའི་ཉེའུ་མཁོ་སྤྲོད་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་འཇུ་ལག་རྫོང་གིས་ཐོན་ལས་དར་སྤེལ་གཏོང་རྒྱུ་དེ་སྒུལ་ཤུགས་གསར་པར་བརྩིས་ནས་རྫོང་མངའ་ཁོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཁྲོམ་རའི་དགོས་མཁོར་དམིགས་ནས་འཇུ་ལག་གི་གཙང་ཞིང་ཕུན་སུམ་ཚོགས་པའི་ཆུ་འཁྱགས་བསིལ་བའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ཆུ་འཁྱགས་ཉའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་འཇུ་ལག་རྫོང་གི་ཆུ་འཁྱགས་ཉ་རྒྱུད་སྤེལ་དང་། ཉེའུ་གསོ་སྐྱོང་རྟེན་གཞི་བསྐྲུན་ནས་ལོ་རེར་ཆ་སྙོམས་ཆུ་འཁྱགས་ཉའི་ཉེའུ་ཁྲི320བཙོངས་པ་དང་། མིག་སྔར་མཚོ་སྔོན་ཞིང་ཆེན་ནང་ཁུལ་དང་ཡུན་ནན། ཀུའེ་ཀྲོའུ། སི་ཁྲོན། ཀན་སུའུ། བོད་ལྗོངས། ཞིན་ཅང། ཧྲན་ཏུང་། ཧྲན་ཞི་སོགས་ས་ཁུལ་གྱི་ཚོང་རའི་ཐོབ་སྐལ་ཆེ་ཙམ་བཟུང་ཡོད་ཅིང་། རིམ་རྩིས་བྱས་ན་ཉེའུ་ཁྲི1475ཕྱིར་ཚོང་བྱས་ཡོད་པས་ནུབ་བྱང་གི་ཆུ་འཁྱགས་ཉའི་ཉེའུ་མཁོ་སྤྲོད་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད།

1.jpg 

2.jpg

ཆུ་འཁྱགས་ཉ་གསོ་སྤེལ་ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་བ་དང་ཆུ་འཁྱགས་ཉའི་ཉེའུ་ཡི་ཐོན་ཚད་དང་སྤུས་ཚད་སྔར་བས་མཐོ་རུ་གཏོང་ཆེད། འཇུ་ལག་རྫོང་གིས་གསོ་སྤེལ་ཁེ་ལས་ལ་ཁྲིད་སྟོན་བྱས་ནས་ཀྲུང་གོའི་རྒྱ་མཚོ་སློབ་ཆེན་དང་། ནོར་ཝེའི་ཆུ་ཐོན་གསོ་སྤེལ་ལས་རིགས་སོགས་ལ་ཡུན་རིང་ལག་རྩལ་མཉམ་ལས་ཧུར་ཐག་བྱས་ནས་ཆུ་འཁྱགས་ཉ་གསོ་སྤེལ་ལག་རྩལ་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ་གསོ་སྤེལ་ཉམས་མྱོང་ཕུན་སུམ་ཚོགས་པའི་རིགས་གཅིག་མཁས་ཅན་ཚོགས་པ་གྲུབ་ནས། བྱང་ཆ་ལྡན་པའི་རང་ཉིད་ཀྱི་ལག་རྩལ་ཆ་ཚང་ཞིག་གསོ་སྐྱོང་བྱས་ཏེ་ཆུ་འཁྱགས་ཉ་གསོ་སྤེལ་གྱི་དངོས་སྤྱོད་དཔེ་གསར་གྱི་ཆེད་ཁེ1རེ་ཞུ་ལེགས་གྲུབ་བྱུང་ཡོད།

ལོ་མང་འབད་བརྩོན་བྱས་པ་བརྒྱུད། འཇུ་ལག་རྫོང་གི་ཆུ་འཁྱགས་ཉ་གསོ་སྤེལ་རྟེན་གཞི་དེ་རྒྱལ་ནང་གི་ལྡབ་གསུམ་གཟུགས་ཀྱི་ཆུ་འཁྱགས་ཉའི་ཉེའུ་ཐོན་སྐྱེད་བྱེད་མཁན་ཆེ་ཤོས་སུ་གྱུར་ནས་རང་རེའི་ཞིང་ཆེན་གྱི་ལུང་གཡང་འགག་སོགས་རྨ་ཆུ་རྒྱུད་ཀྱི་དྲ་སྒམ27གསོ་སྤེལ་དང་། གསོ་སྤེལ་ཁེ་ལས4ཡི་ཉེའུ85%མཁོ་འདོན་བྱེད་པའི་འགན་ཁུར་ཡོད། ནང་འདྲེན་ཉོ་ཚོང་བྱེད་མགོ་བཙུགས་པར་མ་ཟད་ཆུ་འཁྱགས་ཉ་རིགས་ཐོན་ལས་ཀྱི་གསར་གཏོད་གྲུབ་འབྲས་ལ་སྐུལ་འདེད་བཏང་སྟེ། ཆུ་འཁྱགས་ཉ་རིགས་གསོ་སྤེལ་ཐོན་ལས་ཀྱི་རིམ་སྤོར་གསར་པ་མངོན་འགྱུར་ཡོང་བར་བྱས་ནས2023ལོར་རྒྱལ་ཡོངས་ཀྱི་ཉེའུ་རྐྱང་པ་ཉོ་སྒྲུབ་སྒོར་ཁྲི1000གི་ལས་གཞི་ཆེ་ཤོས་དེ་འཇུ་ལག་ཏུ་ལག་བསྟར་བྱས།    

2024ལོའི་ཟླ2པར། ནུབ་རྒྱ་མཚོ་ཆེན་པོའི་ཀོས་ཉ་ཚྭ་མེད་ཆུའི་གསོ་སྤེལ་ལ་ཁམས་དཀར་ཐོབ་པའི་སྒོ་ང་ཁྲི15འཁྱགས་གླིང་ནས་འཇུ་ལག་རྫོང་ཅ་ལེན་ཉ་ལས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་མྱུག་གསོ་རྟེན་གཞིའི་རུམ་གསོ་འཁོར་ཁང་དུ་བསྐྱལ། སྐམ་སའི་རྨང་གཞིའི་རེས་འཁོར་ཆུ་སྐྱེད་སྲིང་མ་ལག་སྤྱད་དེ་སྐྱེད་སྲིང་གསོ་སྤེལ་བྱས། 2024ལོའི་ཟླ3པར། འཇུ་ལག་རྫོང་གིས་ཧྲན་ཏུང་ལ་ལྡབ་གསུམ་གཟུགས་ཀྱི་འཆུ་འཁྱགས་ཉའི་ཉེའུ་ཁྲི77.5མཁོ་འདོན་བྱས་ནས་འཇུ་ལག་རྫོང་དེ་རྒྱལ་ཡོངས་ཀྱི་ཉ་རིགས་ལས་རིགས་ཀྱི་ཉེའུ་ཕྱིར་གཏོང་བྱ་ཡུལ་གལ་ཆེན་ཞིག་ཏུ་འགྱུར་རྒྱུར་རོགས་རམ་བྱས།

3.jpg

4.jpg

གཞན་ཡང་འཇུ་ལག་རྫོང་གིས་ཆུ་འཁྱགས་ཉ་གསོ་སྤེལ་དང་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གསོ་སྤེལ་རྟེན་གཞིས་ལོ་རེར་སྡེ་བ13གྱི་མཉམ་སྡེབ་དཔལ་འབྱོར་ལ་ཁེ་སྤོགས་སྒོར་ཁྲི52བགོ་བ་དང་། དུས་ཡུན་རིང་པོའི་ནང་དབུལ་ཐར་ངལ་རྩོལ་ནུས་ཤུགས་མི10བསྡུ་ལེན་བྱས་པས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་རིན་ཐང་གཉིས་ཀྱི་ལོ་ལེགས་དངོས་སུ་མངོན་འགྱུར་བྱུང་ཞིང་། རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་ཏན་ཏིག་ངང་བཏོད་དེ་ཆུ་འཁྱགས་ཉ་སྐམ་སའི་རྨང་གཞིའི་གསོ་སྤེལ་དང་མཚོ་སྐམ་འབྲེལ་མཐུད་ཀྱི་རྣམ་པ་གསར་པ་ནུས་ལྡན་བཏོད་ཡོད།


མཉམ་སྤྱོད།