དེ་རིང་ནི2025ལོའི་ཟླ07པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྣ་བར་གཅེས་སྐྱོང་བྱེད་པར་གཤམ་གྱི་གནད་འདི་ལྔ་ཡིད་ལ་འཛིན་དགོས།

2024-04-23 14:55:24   |   813

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

01 འཛེར་སྒྲ་ལ་གཡོལ་བ།

མི་རྣམས་འཕྲུལ་ཆས་ཀྱི་ལྡིར་སྒྲ་དང་རླངས་འཁོར་གྱི་འུར་སྒྲ། མི་ཚོགས་ཀྱི་སྐད་ཅོར་སོགས་འཛེར་སྒྲ་ཆེ་བའི་ཁོར་ཡུག་ཏུ་འདུག་ཡུན་རིང་དྲགས་ཚེ། མ་གཞི་ནས་ཇེ་ཞན་དུ་འགྲོ་བཞིན་པའི་ཉན་ནུས་དེ་མགྱོགས་མྱུར་ངང་ཉམས་འགྲོ་བ་དང་། ཚབས་ཆེ་ན་འཛེར་སྒྲའི་རང་བཞིན་གྱི་རྣ་བ་འོན་པའི་སྣང་ཚུལ་འབྱུང་ཡང་སྲིད། 

02 རྣ་བ་མི་འདྲུ་བ།

དུས་རྒྱུན་རྣ་སྐྱག་འབྲུ་བྱེད་ཀྱི་ཁེམ་ཆུང་དང་འབར་ཞུན་སོགས་ཀྱིས་རྣ་དྲུས་ན་རྣ་ནང་ལ་རྨས་སྐྱོན་བཟོས་ཏེ་གཉན་ཚད་རྒྱས་པའི་ཉེན་ཁ་ཡོད། དེ་བས་གལ་ཏེ་རྣ་འདྲུ་དགོས་ཚེ། སྲིང་ཐུར་གྱི་སྣེ་མོར་ཆང་བཅུད་དང་མངར་སྣུམ་ཉུང་ཙམ་བྱུགས་ཏེ་རྣ་ནང་ལ་ཕྱི་བདར་བཏང་ཆོག  

03 སྨན་བསྟེན་དུས་གཟབ་གཟབ་བྱེད་པ། 

ཅི་ཐུབ་ཀྱིས་རྣ་ལ་གནོད་པའི་སྨན་མི་བསྟེན་རྒྱུ་གལ་ཆེ་ལ། ལྷག་པར་དུ་རྒན་པ་ཚོའི་དུག་འདོན་བྱེད་ནུས་མི་བཟང་བས། སྨན་དེ་རིགས་སྤྱད་ན་རྣ་ནང་ལ་དུག་ཕོག་ཏེ་ཉན་ནུས་ལ་གནོད་པ་བཟོ་བ་ཡིན།

04 དུས་རྒྱུན་འཕུར་མཉེད་བྱེད་པ། 

རྣ་ཤལ་མདུན་རྒྱབ་དང་རྣ་མདེའུ་ཡི་འགྲམ་སོགས་སུ་འཕུར་མཉེད་བྱས་ན་རྣ་བའི་ནང་གི་ཁྲག་རྒྱུག་ཚད་ཇེ་ལེགས་སུ་སོང་ནས་ཉན་ནུས་ལ་སྲུང་སྐྱོབ་བྱེད་ཐུབ་པ་དང་། དེ་ཡང་ཉིན་རེར་ནངས་དགོང་གཉིས་ལ་འཕུར་མཉེད་ཐེངས་རེ་དང་། ཐེངས་རེར་སྐར་མ5ནས10ཡི་རིང་ལ་བྱ་དགོས། 

05 ཁོང་ཁྲོ་མི་ལངས་པ།

རྒན་པ་རྣམས་དུས་རྒྱུན་བྲེལ་འཚུབ་དང་ཁོང་ཁྲོ་ལངས་སླ་བས། དེས་མིའི་རྩི་ཤིང་དབང་རྩའི་རྒྱུན་ལྡན་གྱི་སྙོམ་སྒྲིག་བྱེད་ནུས་འཁྲིག་པར་བྱས་ཏེ་རྣ་བར་གནོད་པ་ཡིན། དེ་བས་རྒན་པ་རྣམས་ཀྱིས་དུས་རྒྱུན་བག་ཕེབས་དང་སྤྲོ་སྐྱིད་ཀྱི་སེམས་ཁམས་རྒྱུན་འཁྱོངས་བྱ་རྒྱུ་གལ་ཆེ། 


མཉམ་སྤྱོད།