མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས08ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

​མཚོ་བྱང་ཁུལ་གྱིས་རིགས་པའི་གཞུང་ལུགས་ཀྱི་གཏམ་བཤད་འགྲན་སྡུར་སྤེལ།

2024-04-26 14:29:19   |   68

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས།  རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་གྱིས་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཏམ་བཤད་འགྲན་སྡུར་སྤེལ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། གཞི་རིམ་གྱི་རིགས་པའི་གཞུང་ལུགས་ཀྱི་གཏམ་བཤད་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་ཤེས་རྟོགས་དང་གསོ་སྐྱོང་། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་རིགས་པའི་གཞུང་ལུགས་གཏམ་བཤད་བྱ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤད་དེ་ཏང་གི་གསར་གཏོད་རིགས་གཞུང“མི་སེར་དཀྱུས་མའི་ཁྲོད་དུ་ཁྱབ་པ”རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཆེད། ཟླ4པའི་ཚེས25ཉིན། ཁུལ་ཨུའི་དྲིལ་སྒྲོག་པུ་དང་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་སྒྲུབ་པའི“མཚོ་བྱང་གི་གཏམ་རྒྱུད་ངས་བཤད་པ”དང“བསམ་བློའི་རྒྱང་སྐྱོད་ལམ་བུའི་སྟེང་མཚོ་སྔོན་གསར་པ་གཏོད”ཅེས་པའི་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་རིགས་པའི་གཞུང་ལུགས་གཏམ་བཤད་འགྲན་སྡུར་དེ་ནུབ་མཚོ་གྲོང་རྡལ་དུ་སྤེལ་མགོ་བརྩམས་ལ། ཁུལ་ཐད་གཏོགས་ལས་ཁུངས་ནས་ཡོང་བའི་འགྲན་ཞུགས་པ20ཡིས་མཚོ་བྱང་གི་གཏམ་རྒྱུད་བརྗོད་པ་དང་མཚོ་བྱང་གི་སྣང་བརྙན་མངོན་པ། མཚོ་བྱང་གི་མཛེས་ཉམས་བསྟན།

图片1.png

图片2.png

འགྲན་སྡུར་ཡུལ་དངོས་སུ། འགྲན་ཞུགས་པ་ཚོས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་སྟོབས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་མདུན་སྐྱོད་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་རི་སྔོ་ཆུ་དྭངས་ཀྱི‘སྐྱེ་ཁམས་ཀྱི་མཛེས་སྡུག’དེ་མཚོ་བྱང་གི་ལེགས་ཆ་དང་སྤོབས་པ་ཞིག་ཏུ་འགྱུར་བར་བྱེད་པ་སོགས་བརྗོད་དོན་ལ་བཟུང་ནས། རང་ཉིད་ཀྱི་བྱ་བའི་བརྒྱུད་རིམ་དང་འཚོ་བའི་མྱོང་ཚོར་ཟུང་འབྲེལ་བྱས་ཏེ་བརྗོད་བྱ་ཆུང་ཆུང་གི་ཐོག་ནས་བརྗོད་དོན་ཆེན་པོ་མངོན་པ་དང་། གཏམ་རྒྱུད་ཆུང་ཆུང་གི་ཐོག་ནས་གནས་ལུགས་ཆེན་པོ་གསལ་བཤད་བྱས་ཤིང་། མངོན་ཕྱོགས་མི་འདྲ་བ་དང་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་གསོན་ཉམས་ལྡན་པའི་སྐད་ཆ་དང་དཔེ་མཚོན། ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་བཅས་ཀྱི་ཐོག་ནས་མཚོ་བྱང་གི་འགྱུར་ལྡོག་ཆེན་པོ་དང་དེ་བཞིན་ཉེ་འགྲམ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད།   

图片3.png

ཡུལ་དངོས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་རྒྱུན་མི་ཆད་པ་དང་། འགྲན་བསྡུར་པའི་སྙིང་སྟོབས་དང་སྤྲོ་སེམས་རབ་ཏུ་འཕེལ་བ་ནས་སྤོབས་པས་ཁེངས་པའི་སྐད་སྙན་མོ་དང་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་ཡིས་དེ་གར་ཡོད་པའི་དཔྱད་འདེམས་པ་དང་ལྟད་མོ་བ་ཚོར་སེམས་འགུལ་ཐེབས་སུ་བཅུག་པ་དང་། ཡུལ་དངོས་སུ་ལྟད་མོ་བ་ཚོས་སྤྲོ་སེམས་འཁོལ་བའི་ཐལ་མོ་ཡང་ཡང་རྡེབ་ནས་དགའ་བསུ་ཆེན་པོ་ཐོབ།

图片4.png

图片5.png

ཁུལ་སྤྱི་བདེ་ཅུ་ནུབ་མཚོ་ཡན་ལག་ཅུས་ནས་ཡོང་བའི་བདམས་ཐོན་པ་སུའུ་ཧྲན་ཧྭ་ཡིས་དཔེ་མཚོན་གསོན་པོ་ཞིག་གི་ཐོག་ནས་ཞི་བདེའི་དུས་རབས་ཀྱི་སྤྱི་བདེ་ལས་བྱེད་པ་དང་ཉེན་རྟོག་པས་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱས་ཏེ་མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་གོ་རིམ་ལྡན་པ། རྒྱལ་ཁབ་ཡུན་རིང་བདེ་བརྟན་ཡོང་བ་བཅས་ཀྱི་ཆེད་དུ་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་གཏམ་རྒྱུད་བརྗོད་ནས་ལྟད་མོ་བར་སེམས་འགུལ་ཐེབས་སུ་བཅུག

图片6.png

ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད། བྱ་དགའ་ཨང་དང་པོ2དང་ཨང་གཉིས་པ3། ཨང་གསུམ་པ4བཅས་བདམས་ཐོན་བྱུང་ཞིང་། བདམས་ཐོན་པ2ཁུལ་ཡོངས་ཀྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་འགྲན་བསྡུར་ནང་ཞུགས་རྒྱུར་འོས་སྦྱོར་བྱས།

图片7.png

图片8.png

图片9.png

ཁུལ་ཨུའི་དྲིལ་སྒྲོག་པུའི་རྒྱུན་ལས་པུ་ཀྲང་གཞོན་པ་ཧོ་ཅུན་གྱིས་ཐེངས་འདིའི་འགྲན་བསྡུར་ལ་བརྟེན་ནས‘འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། སློབ་སྦྱོང་ལ་བརྟེན་ནས་ཤེས་བྱ་ལ་འཕེལ་བ། ཤེས་བྱ་ལ་བརྟེན་ནས་ལག་ལེན་ལ་སྐུལ་འདེད་གཏོང་བའི’རྣམ་པ་བཟང་པོ་ཞིག་བཏོད་ཡོད། ང་ཚོས་ཐེངས་འདིའི་གཏམ་བཤད་འགྲན་བསྡུར་དེ་གོ་སྐབས་སུ་བཟུང་ནས་རིགས་པའི་གཞུང་ལུགས་ཀྱི་གཏམ་བཤད་དང་། རིགས་པའི་གཞུང་ལུགས+མི་སེར+རིག་རྩལ་ཁྱད་ཆོས་ཀྱི་གཏམ་བཤད་སོགས་གཏམ་བཤད་བྱེད་སྟངས་ཇུས་འགོད་ཞིབ་ཚགས་བྱས་ཏེ་མང་ཚོགས་ཀྱི་དགའ་ཕྱོགས་དང་དེ་བས་འཚམ་པའི་རིགས་པའི་གཞུང་ལུགས་ཀྱི་གཏམ་བཤད་གསར་གཏོད་ཀྱི་བརྗོད་བྱ་གཏོད་ནས་རྣམ་པ་སྣ་ཚོགས་ཀྱི་གཏམ་བཤད་བརྩམས་ཆོས་ཀྱི་སྣ་བརྒྱའི་མེ་ཏོག་མཉམ་བཞད་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།


མཉམ་སྤྱོད།