དེ་རིང་ནི2025ལོའི་ཟླ05པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》ཟླ5པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

2024-04-28 16:03:40   |   1799

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས25ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》(གཤམ་དུ《ཁྲིམས་འཛུགས་སྲོལ་ཡིག》ཅེས་བསྡུ་རྒྱུ)ཡོངས་བསྒྲགས་ལག་བསྟར་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས། གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། 2024ལོའི་ཟླ2པའི་ཚེས2ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 2024ལོའི་ཟླ3པའི་ཚེས19ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བདུན་པའི་ཐོག་ཆོག་མཆན་ཐོབ་པ་དང་། ཟླ5པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

《ཁྲིམས་འཛུགས་སྲོལ་ཡིག》ནི་སྤྱིའི་དོན་ཚན། ཁྲིམས་འཛུགས་འཆར་འགོད་དང་ཁྲིམས་འཛུགས་འཆར་གཞི། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་འཛུགས་གོ་རིམ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་གོ་རིམ། རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་བཟོ་བཅོས་དང་མེད་པར་བཟོ་བ། འགྲེལ་བཤད་ཀྱི་སྐོར། གཏན་འབེབས་གཞན་དག ཞར་བྱུང་དོན་ཚན་བཅས་ལེའུ་བདུན་དང་དོན་ཚན58ཀྱིས་གྲུབ། 《ཁྲིམས་འཛུགས་སྲོལ་ཡིག》བཟོས་པ་དེ་ནི་མཚོ་བྱང་ཁུལ་གྱིས“ཏང་ཨུས་མགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད། སྲིད་གཞུང་གིས་མཐུན་སྦྱོར། ཕྱོགས་ཁག་གིས་གཞོགས་འདེགས། སྤྱི་དམངས་ཞུགས་པ”བཅས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་རྣམ་པ་གལ་ཆེན་འཛུགས་པའི་རྟགས་མཚན་ཞིག་ཡིན་ལ། དེ་ཡིས་མཚོ་བྱང་ཁུལ་གྱི་ཁྲིམས་འཛུགས་ལས་དོན་ལ་ཕྱོགས་ཡོངས་དང་ཆ་ཚང་བའི་གོ་རིམ་རང་བཞིན་གྱི་ཁྲིམས་སྲོལ་ཞིག་ཐོག་མར་བྱུང་བ་མཚོན་ཞིང་། མཚོ་བྱང་ཁུལ་གྱི་ཁྲིམས་འཛུགས་ལས་དོན་ལོ་རྒྱུས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པའང་མཚོན་ཡོད།


མཉམ་སྤྱོད།