དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ལྔ་གཅིག་ངལ་གསོའི་རིང་གི“རིག་གནས་གནས་སྐོར+”ལ་གསོན་ཤུགས་རབ་ཏུ་འཕེལ།

2024-05-07 15:21:49   |   1621

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ནུབ་མཚོ་གྲོང་ཁྱེར་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ལྔ་གཅིག་གུང་གསེང་རིང་མཚོ་བྱང་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི7.5657སྣེ་ལེན་ཞུས་ཤིང་། གནས་སྐོར་ཡོང་འབབ་སྒོར་ཁྲི2784.33བྱུང་། དེ་དུས་མཚུངས་ལས་སོ་སོ59%དང14.65%འཕར་ཡོད། དེའི་ནང་མཐོན་པོ་སྒང་མཛེས་ལྗོངས་ཁུལ་དང་། ཁེ་རམ་ཐང་། གངས་དཀར་ཕྱོགས་ལས། མཚོ་སྔོན་མ་རྡུལ་མཁར་དྲན་གསོ་ཁང་། བཙུན་མོ་དམར་ཡག་མ་མཛེས་ལྗོངས་ཁུལ། ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་སོགས་ནི་གནས་སྐོར་བས་གདམ་ག་བྱ་ཡུལ་གྱི་མཛེས་ལྗོངས་ཁུལ(ས་ཚིགས)དུ་གྱུར་ཡོད།

ལྔ་གཅིག་གུང་གསེང་རིང་མཚོ་བྱང་ཁུལ་གྱིས་མཛེས་ལྗོངས་ཁུལ་མང་པོའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་། ཁྲོམ་རའི་དོ་དམ་ལ་ཤུགས་བསྣན་ཞིང་། ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་གནས་སྐོར་གྱི་མཐོ་རླབས་ཆུང་ཆུང་འདི་བསུ་མ་བྱས། དེའི་རིང་མཚོ་བྱང་ཁུལ་གྱིས“‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ‘རྒྱལ་ཁབ་སྤྱི་གླིང་གཉིས’ཡག་པོ་བསྐྲུན་ནས་ལྔ་གཅིག་གནས་སྐོར་གྱི་རྫོགས་ལྡན་དུས་ཚིགས་ལ་རྟེན་འབྲེལ་ཞུ་བ”ཞེས་པའི་རིག་གནས་ཀྱི་བྱེད་སྒོ་རབ་དང་རིམ་པ་དང་། མཚོ་བྱང་ཁུལ་གྱི“མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟགས་མའི”མཚོ་སྔོན་པོའི་མཚོ་སྔོན་གྱོ་རྒྱ་རྟ་རྒྱུག་འགྲན་སྡུར། “མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ས་མཐོའི་རྐང་རྩེད་སྤོ་ལོའི” མཉམ་འབྲེལ་འགྲན་སྡུར་གྱི་མཚོ་བྱང་འགྲན་ཁུལ(མདོ་ལ)གྱི་གདན་ཞུའི་འགྲན་སྡུར་དང་། “རི་ཆུའི་མགོ་ཁུངས། མཛེས་པའི་མཚོ་སྔོན”སོགས་ཀྱི་རིག་གནས་གནས་སྐོར་བྱེད་སྒོ་སྤེལ་བ་མ་ཟད། མཚོ་བྱང་ཁུལ་དཔེ་མཛོད་ཁང་དང་། རིག་གནས་ཁང་། ལུས་རྩལ་ཁང་སོགས་རིན་མེད་ངང་སྒོ་ཕྱེས་པ་དང་གཙོ་གནད་མཛེས་ལྗོངས་ཁུལ22དང་སྐར་མ་རིམ་པའི་གསོལ་མགྲོན་ཁང18ཀྱིས་སྔ་རྗེས་སུ་གཟིགས་སྐྱོང་བྱེད་ཐབས་བཏོན།

གླེང་རིན་ཡོད་པ་ཞིག་ནི། མཚོ་བྱང་ཁུལ་གྱིས“རིག་གནས+གནས་སྐོར།”དང་། “ལུས་རྩལ+གནས་སྐོར”དང་། “རིག་དངོས+གནས་སྐོར”གྱི་བྱེད་ཐབས་སྤྱད་དེ་གནས་སྐོར་ཁྲོམ་རའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཤིང་། གནས་སྐོར་བྱེད་མང་བའི་དུས་ཚིགས་བསུ་བ་དང་། རིག་གནས་དང་ལུས་རྩལ་གནས་སྐོར་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་བསྐྲུན་པར་རམ་འདེགས་བྱས། སྡོམ་རྩིས་བྱས་པར་གཞིགས་ན། གནས་སྐོར་བའི་ཁྲོད་ཀྱི་མི་ཐེངས་ཁྲི5.6ཙམ་ནི་སྒེར་འཁོར་སྐོར་མཁན་གྱི་གནས་སྐོར་བ་ཡིན་ཞིང་དེས་སྡུར་ཚད་ཀྱི74%བཟུང་བ་དང་། ཚོགས་པའི་གནས་སྐོར་བ་མི་ཐེངས་ཁྲི1.96ཙམ་ཟིན་པ་དེས་སྡུར་ཚད་ཀྱི26%བཟུང་ཡོད།


མཉམ་སྤྱོད།