དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དུས་ཚིགས་དང་པོར་མདའ་བཞི་རྫོང་གི་སྐྱེ་ཁམས་ནགས་སྲུང་མི་སྣའི་སྐོར་ཞིབ་བྱེད་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

2024-05-08 15:25:20   |   2313

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟར་གནས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཉེ་ཆར། ཞིང་ཆེན་ནགས་ཚལ་དཔོན་གཞུང་ལས་ཁང་གིས་ཞིང་ཆེན་ཡོངས་ཀྱི་དུས་ཚིགས་དང་པོའི་སྐྱེ་ཁམས་ནགས་སྲུངAPPསྐོར་ཞིབ་བྱེད་ཚད་བརྡ་ཁྱབ་བཏང་བ་ལྟར་ན། མདའ་བཞི་རྫོང་གི་དུས་ཚིགས་དང་པོའི་སྐྱེ་ཁམས་ནགས་སྲུངAPPསྐོར་ཞིབ་བྱེད་ཚད88.38%སླེབས་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་གྱུར་ཡོད་པ་རེད།

01.png

ད་ལོའི་ཚུན་ཏུ། མདའ་བཞི་རྫོང་གིས་ནགས་དཔོན་ལམ་ལུགས་ཀྱི་ལྟ་སྐུལ་དཔྱད་ཞིབ་ལས་དོན་གོ་སྐབས་སུ་བྱས་ཏེ། མཉམ་འགུལ་མ་ལག་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུ་དེ་སྐྱེ་ཁམས་ནགས་སྲུང་དཔུང་ཁག་འཛུགས་སྐྱོང་དང་། གཅིག་གྱུར་འཆར་འགོད་དོ་དམ་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་ནུས་ལྡན་དུ་བརྩིས་ནས་སྐྱེ་ཁམས་ནགས་སྲུང་པའི་འགན་འཁྲི་སྒྲུབ་པར་སྐུལ་འདེད་བཏང་ཞིང་། སྐྱེ་ཁམས་ནགས་སྲུང་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་། གཅིག་ནས་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ནགས་སྲུང་མཉམ་འགུལ་མ་ལག་ལ་དོ་དམ་བྱེད་དུ་བཅུག་པ་དང་། རྫོང་ཡོངས་ཀྱི་སྐྱེ་ཁམས་ནགས་སྲུང་པའི་མི་སྒེར་ཆ་འཕྲིན་དེ་མ་ལག་ནང་བཅུག་ནས་ནགས་སྲུང་པ་སོ་སོའི་དོ་དམ་སྲུང་སྐྱོང་ས་ཁུལ་གཏན་འཁེལ་བྱས་པ་དང་། ནགས་རྩྭ་ཐོན་ཁུངས་ཀྱི་དྲ་མིག་ཅན་གྱི་དོ་དམ་སྲུང་སྐྱོང་ཁྱོན་ཡོངས་སུ་ཁྱབ་པར་བྱས། གཉིས་ནས“རྫོང་གིས་འཛུགས་སྐྲུན་བྱེད་པ་དང་ཡུལ་ཚོས་ནགས་སྲུང་པ་གདན་ཞུ་བྱེད་པ། སྲུང་སྐྱོང་ས་ཚིགས་ཀྱིས་དོ་དམ་བྱེད་པ། གྲོང་ཚོས་བཀོལ་སྤྱོད་བྱེད་པའི”རྩ་དོན་ལྟར། ཟླ་རེར་ཞིབ་བཤེར་དང་ལོ་ཕྱེད་ཀྱི་དཔྱད་བརྡ། ལོ་མཇུག་གི་དཔྱད་ཞིབ་བཅས་བྱེད་པའི་སྐྱེ་ཁམས་ནགས་སྲུང་པའི་དཔྱད་ཞིབ་ལམ་སྲོལ་དང་རྫོང་ནས་ཡུལ་ཚོ་བར་རིམ་པ་བཞིན་དཔྱད་ཞིབ་བྱེད་པའི་དོ་དམ་ལམ་སྲོལ་བཙུགས་པ་མ་ཟད།  དཔྱད་ཞིབ་བྱས་འབྲས་དེ་ལོ་འཁོར་གྱི་བྱ་བའི་བཟང་ངན་ལ་དཔྱད་བསྡུར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། བཟང་པོར་བྱ་དགའ་སྤྲོད་པ་དང་ངན་པར་ཆད་པ་བཅད་ནས་སྐྱེ་ཁམས་ནགས་སྲུང་བྱ་བའི་ཧུར་བརྩོན་རང་བཞིན་སྔར་བས་ཆེ་རུ་བཏང་། གསུམ་ནས་སྐྱེ་ཁམས་ནགས་སྲུང་མཉམ་འགུལ་དོ་དམ་མ་ལག་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྫོང་ནགས་རྩྭ་སྡེ་ཚན་གྱིས་ཆེད་མངགས་མི་སྣ་འཐབ་ཕྱོགས་དང་པོར་སོང་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་སྐྱེ་ཁམས་ནགས་སྲུང་པར་སྐོར་སྲུངAPPཡི་བེད་སྤྱོད་དང་ཕབ་ལེན་བྱེད་སྟངས་སོགས་གསོ་སྦྱོང་བྱས་ཏེ། བདེ་བླག་ངང་བཀོལ་སྤྱོད་ཐུབ་པར་འགན་ལེན་བྱས།


མཉམ་སྤྱོད།