དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྟོང་སྐོར་ནས་ནུབ་མཚོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྡུལ་ཕྲན་གྲོང་གླ་བསྡུ་ས་ཚིགས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད།

2024-05-09 10:07:57   |   2132

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། གསར་འགོད་པསG0612ཟི་ལིང་ནས་ཧུ་ཐེན་མྱུར་བགྲོད་གཞུང་ལམ་གྱི་སྟོང་སྐོར་ནས་ནུབ་མཚོ་བར་གྱི་གཞུང་ལམ་ལས་གྲྭའི་རྣམ་གྲངས་ཀྱི་ཨར་ལས་ཡུལ་དངོས་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྣམ་གྲངས་དེའི་ལས་གྲྭའི་མྱུར་ཚད་འགན་ལེན་བྱ་ཆེད། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཀྱིས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་བདེ་འཇགས་འགན་ལེན་དང་སྤུས་ཚད་ལེགས་གཏོང་། ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད། མྱུར་ཚད་དམ་འཛིན་བཅས་བྱས་ནས་ཨར་ལས་ཀྱི་དུས་ཚིགས་ཡག་པོ་དམ་འཛིན་བྱས་ཏེ་རྡུལ་ཕྲན་གྲོང་གི་འབྲེལ་མཐུད་གླ་བསྡུ་ས་ཚིགས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད།

图片1.png

  ཤེས་རྟོགས་བྱུང་བར་གཞིགས་ན། རྡུལ་ཕྲན་གྲོང་གི་འབྲེལ་མཐུད་གླ་བསྡུ་ས་ཚིགས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ483.76ཡོད་པ་དང་། གླ་བསྡུ་ས་ཚིགས་ཀྱི་ཕྱོགས་བསྡུས་ཐོག་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ968.03ཡོད། ས་ཚིགས་འདི་ནི་སྟོང་སྐོར་ནས་ནུབ་མཚོ་དང་། ནུབ་མཚོ་ནས་རྐང་ཚ། རྒྱ་ཏིག་ནས་ནུབ་མཚོ་བཅས་ཀྱི་མྱུར་བགྲོད་གཞུང་ལམ་བཞི་པོ་སྦྲེལ་མཐུད་ནུས་ལྡན་ཡོང་བའི་གཅུས་ལམ་གལ་ཆེན་ཞིག་རེད། འཛུགས་སྐྲུན་གྲུབ་རྗེས་སྤེན་མདོ་ནས་འཇུ་ལག་བར་དང་། ནུབ་མཚོ་ནས་རྐང་ཚ། རྒྱ་ཏིག་ནས་ནུབ་མཚོ་བཅས་ཀྱི་མྱུར་བགྲོད་གཞུང་ལམ་བཞི་པོ་སྦྲེལ་མཐུད་ནུས་ལྡན་ཡོང་ནས་མྱུར་བགྲོད་གཞུང་ལམ་དྲ་བའི་གྲུབ་ཆ་སྔར་བས་སྣུར་སྲིང་ཐུབ་པ་དང་། “མྱུར་སྐྱོད་དལ་སྐོར་”གྱི་འགྲུལ་སྐྱོད་མཉམ་འདྲེས་ཞབས་ཞུའི་མ་ལག་ཉིན་བཞིན་འཐུས་ཚང་དུ་ཕྱིན་ནས་མཚོ་བྱང་གི་ཁོངས་ཡོངས་གནས་སྐོར་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་ཐུབ་རྒྱུ་རེད།

2.png

སྟོང་སྐོར་ནས་ནུབ་མཚོའི་བར་གྱི་མྱུར་བགྲོད་གཞུང་ལམ་ནི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གཞུང་ལམ་འཕེལ་རྒྱས་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དང་། རྒྱལ་ཁབ་མྱུར་བགྲོད་གཞུང་ལམG0612ཟི་ལིང་ནས་ཧུ་ཐེན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་སྐམ་ལམ་འགག་སྒོ་དང་དེ་བཞིན་ཞིན་ཅང་དུ་བསྐྱོད་པའི་མྱུར་བགྲོད་ལམ་གྱི་བགྲོད་ལམ་ཞིག་ཀྱང་ཡིན། ལམ་ཐིག་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ50.685ཡོད་པ་དང་ཕྱོགས་གཉིས་སུ་འཁོར་ལམ་བཞི་ལྟར་ཇུས་འགོད་བྱས་ཡོད། ལམ་ཐིག་ཡོངས་ལ་ཕན་ཚུན་འབྲེལ་མཐུད་རྣམ་པའི་སྣོལ་ལམ4བཙུགས་ཡོད་པ་དང་། ཞབས་ཞུའི་ཁུལ1གསར་དུ་བསྐྲུན་ཡོད་ལ། རྡུལ་ཕྲན་གྲོང་གི་འབྲེལ་མཐུད་ལམ་ཐིག་སྤྱི་ལེ2.8ཡོད། རྣམ་གྲངས་དེ་འཛུགས་སྐྲུན་གྲུབ་རྗེས་རྒྱལ་ཁབ་དང་ས་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བ་འཐུས་ཚང་དུ་གཏོང་བ་དང་། མཚོ་བྱང་ཁུལ་གྱི་གནས་བཞིའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”དང“ནུབ་རྒྱུད་གསར་སྤེལ་ཆེན་པོའི་”ནང་ཧུར་ཐག་འདྲེས་ནས་རྣམ་པ་གསར་པ་ཆགས་པ།    ཤར་ནུབ་བར་ཁྱམས་ཀྱི་བགྲོད་ལམ་ཆེན་པོ་ཤར་གཏོང་། ཟི་ལིང་དང་མཚོ་ཤར། མཚོ་ནུབ། ལན་ཀྲུ་སོགས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་བ། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བཅས་བྱས་ནས་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་གནས་སྐོར་བར་ཁྱམས་གཏོད་པ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་པ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

3.png

 མཚོ་བྱང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ལས་བྱེད་པ་ཀྲུང་ཕུའུ་ཚའེ་ཡིས་བཤད་རྒྱུར། གོམ་སྟབས་རྗེས་མར་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་འཛུགས་སྐྲུན་ཚན་པ་དང་འབྲེལ་གཏུག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། རྣམ་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་རྡུལ་ཕྲན་གྲོང་ཕན་ཚུན་ཤར་གཏོང་བགྲོད་ལམ་སྔ་ཙམ་ནས་སྤྱོད་ཐུབ་པ་མངོན་འགྱུར་བྱ་རྒྱུ་ཡིན་ཟེར།


མཉམ་སྤྱོད།