དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དཔྱིད་ཀར་སྣའི་གཉན་ཚད་སྔོན་འགོག་བྱེད་ཐབས་དྲུག

2024-05-13 14:41:33   |   1039

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང།


01.png

01 སྒོ་ཕྱིར་ཉུང་འགྲོ་བྱེད་པ།

དཔྱིད་ཀར་ཚོར་སྐྱེན་རང་བཞིན་གྱི་སྣའི་གཉན་ཚད་སྔོན་འགོག་བྱེད་ཐབས་གལ་ཆེ་ཤོས་ནི་སྒོ་ཕྱིའི་མེ་ཏོག་གི་ཟེའུ་རྡུལ་དང་། ཤིང་བལ་སོགས་ཚོར་སྐྱེན་ཁུངས་དང་རྒྱང་བགྱེད་རྒྱུ་དེ་ཡིན་པས། རབ་ཡིན་ན་སྒོ་ཕྱིར་ཉུང་འགྲོ་བྱ་རྒྱུ་དང་། ངེས་པར་འགྲོ་དགོས་བྱུང་ཚེ་ཁ་ཐུམ་བརྒྱག་དགོས།

02 ཉལ་ཐུལ་ཉི་མར་ལྡེ་བ།

ཉལ་གོས་ཀྱི་རིགས་སྤྱོད་ཡུན་རིང་ན་གཡན་འབུ་སྐྱེ་སླ་བ་དང་། གཡན་འབུ་ནི་སྣའི་གཉན་ཚད་ཀྱི་མགོ་ཁུངས་ཤིག་ཡིན་པས། ཉི་འོད་རྣམ་པར་བཀྲ་དུས་སུ་ཁྱིམ་གྱི་ཉལ་ཐུལ་དང་སྔས་མགོ་སོགས་ཉི་མར་ལྡེས་ཏེ་གཡན་འབུ་རྩ་མེད་དུ་གཏོང་དགོས།

03 གད་བདར་བྱེད་པ།

ཚོར་སྐྱེན་རང་བཞིན་གྱི་སྣའི་གཉན་ཚད་ནད་པས་སྡོད་ཁང་ལ་གད་བདར་ཡག་པོ་བྱ་རྒྱུ་གལ་ཆེ་སྟེ། ལྷག་པར་དུ་ཁྱིམ་གྱི་ས་གདན་དང་འབོལ་ཁྲི། སྒེའུ་ཡོལ་སོགས་ཀྱི་རྡུལ་ལེན་རྒྱུ་དང་གཙང་འཁྲུད་བྱ་རྒྱུ། གཡན་འབུ་དང་བཏགས་མའི་རིགས་ཀྱི་ཚི་སྣས་ཚོར་སྐྱེན་སློང་བ་སྔོན་འགོག་བྱ་རྒྱུ་བཅས་དང་། དུས་མཚུངས་སུ་ནད་པའི་འཚོ་བའི་ཁོར་ཡུག་སྐམ་ཐལ་ཆེ་མི་རུང་བས། རླན་ཆས་ཆུང་གྲས་ཤིག་བཞག་སྟེ་མཁའ་དབུགས་ཀྱི་རླན་ཚད་ཇེ་ཆེ་དང་མཁའ་དབུགས་ཁྲོད་ཀྱི་གཟེགས་རྡུལ་ཇེ་ཉུང་དུ་གཏོང་འོས།  

04 དྲོད་སྲུང་འཛིན། 

ད་སྐབས་ནམ་ཟླ་ཇེ་དྲོར་འགྲོ་བཞིན་པའི་དུས་ཡིན་ནའང་། མཁའ་དབུགས་ཀྱི་དྲོད་ཚད་ལན་རེར་འཁྱགས་ཤིང་ལན་རེར་དྲོ་བས་ཆམ་པ་ཕོག་སླ་བ་དང་། དེས་སྣ་ལ་མི་བདེ་བ་བཟོ་བས། གནམ་གཤིས་དང་བསྟུན་ནས་ལྭ་བ་བརྗེ་རྒྱུ་གལ་ཆེ་སྟེ། ཕྱིའི་རྫིག་ཉམས་ཀྱི་ཆེད་དུ་དྲོད་ཚད་ལ་ཁ་ཡ་མ་བྱས་ན་མི་རུང་། ཁྱད་པར་དུ་ལོ་མང་བོར་སྣའི་གཉན་ཚད་ཀྱིས་མནར་བཞིན་པའི་ནད་པ་ཚོས་འདིར་གཟབ་དགོས། 

05 སྦྱོང་བརྡར་བྱེད་པ།

ཚོར་སྐྱེན་རང་བཞིན་གྱི་སྣའི་གཉན་ཚད་ཀྱང་མཐར་གཏུག་ན་རང་ལུས་ཀྱི་རིམས་འགོག་ནུས་པ་ཞན་པར་རག་ལས་པས། རྒྱུན་པར་ཁྱིམ་ནས་སྡོད་དུས་དབྱང་ལྡན་འགུལ་སྐྱོད་མང་ཙམ་བྱས་ཏེ་རིམས་འགོག་ནུས་པ་ཇེ་ལེགས་སུ་གཏོང་འོས། དཔེར་ན་ཡོ་ག་དང་གན་ཉལ་དགྱེ་ཙོག  དལ་རྒྱུག་སོགས་ལྟ་བུ། གཞན་མཚན་མོར་གཉིད་མི་གཅོག་པ་དང་ཉིན་རེར་གཉིད་ཀྱིས་འདང་བ་བྱ་དགོས།

06 བཟའ་བཏུང་སྙོམ་སྒྲིག

སྣའི་གཉན་ཚད་ནད་པས་རྒྱུན་དུ་ཁ་ཚ་དང་གྲང་མོའི་རིགས་སོགས་ཟུག་སློང་ཟས་རིགས་དང་། ཆུ་འབུ་གློ་ཉལ་དང་སྡིག་སྲིན་སོགས་མཚོ་ཟས་ལ་འཛེམ་དགོས་ཤིང་། རྒྱུན་པར་རླུང་གསོ་ཞིང་གློ་བར་ཕན་པའི་ཟས་རིགས་ཏེ་དཔེར་ན་མོག་རོ་དང་འབྲུག་མིག སྟར་ཀ་སོགས་བཟའ་འོས།    


མཉམ་སྤྱོད།