དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-14 07:35:11   |   648

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • མིག་སྔའི་བར་དུ་རང་རྒྱལ་གྱིས་རིམ་རྩིས་བྱས་ན་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར9000ཙམ་བཏང་སྟེ་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ཁུལ་གྱི་སྲུང་སྐྱོང་ལ་སྐུལ་འདེད་བཏང་།

  • དུས་ཚིགས་དང་པོར་རང་རྒྱལ་གྱི་དངུལ་རྩའི་ལས་རིགས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད1.4%འཕར།

  • ཚེས13ཉིན་ནོར་སྲིད་པུས་བརྡ་ཐོ་བཏང་ནས2024ལོའི་ཡུན་རིང་ཅན་གྱི་དམིགས་བསལ་རྒྱལ་བུན་འགྲེམས་སྤེལ་གྱི་འབྲེལ་ཡོད་བཀོད་སྒྲིག་ཁ་གསལ་བྱས།

  • མི་སྤྱི་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི“སློབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞིའི་ནང་མཐོ་སློབ་མཐར་ཕྱིན་སློབ་མ་ཁྲི3.44བསྡུ་རྩིས་འདུག

  • སློབ་གསོ་པུ་དང་ནོར་སྲིད་པུའི2024ལོའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི“དམིགས་བསལ་ལས་གནས་འཆར་གཞིའི”གདན་ཞུའི་ལས་དོན་སྤེལ་མགོ་ཚུགས་ཤིང་། རྒྱལ་ཡོངས་སུ་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ཁྲི3.7བསྡུ་རྩིས་འདུག

  • ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས2024ལོའི་ཐོག་ཆར་མང་བའི་དུས་ཚིགས་ཀྱི་དམངས་སྤྱོད་མཁའ་འགྲུལ་འཁོར་སྐྱོད་འགན་ལེན་གྱི་སྤྱིའི་ཇུས་གཞི་དཔར་འགྲེམས་བྱས་ཤིང་། ད་ལོའི་ཟླ་དྲུག་པ་ནས་བརྒྱད་པའི་བར་རྒྱལ་ཡོངས་ཀྱི་དུས་གཏན་གནམ་གྲུ་རྒྱུན་གཏན་དུ་འཕུར་ཚད70%ལས་མི་དམའ་བ་སོགས་ཀྱི་སྤྱིའི་དམིགས་ཚད་བཏོན།

  • རྒྱལ་ཁབ་གློག་དྲས་གནས་ཚུལ་སྤེལ་བར་གཞིགས་ན། འཛམ་གླིང་ཐོག་གི་མཉེན་གཤིས་ཐད་རྒྱུག་གློག་དྲའི་ལས་གྲྭ་ཐོག་མ་སྟེ། ཀྲང་པེ་ཡི་བསྐྱར་སྐྱེས་ནུས་རྒྱུའི་མཉེན་གཤིས་ཐད་རྒྱུག་ལས་གྲྭས་རིམ་རྩིས་བྱས་ན་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་དུ“ལྗང་མདོག་གློག”ཏུའུ་དུང་ཕྱུར300ལས་བརྒལ་བ་སྐྱེལ་ཡོད།

    1.jpg

  • ཚེས12ཉིན་རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བསྐྲུན་པའི་ཨེ་ཤེ་ཡའི་སྒོར་དབྱིབས་ཅན་གྱི“མཚོ་ཐོག་སྣུམ་རླངས་ལས་སྣོན་བཟོ་གྲྭ”སྟེ“མཚོ་ཐོག་ཉི་དགའ་རྟགས་ཅན་དང་པོ”ཧྲན་ཏུང་ཆིང་ཏའོ་གྲུ་ཁ་ནས་དབོར་མགོ་ཚུགས།

  • ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་ཀྲུང་གོ་དང་ཡོ་རོབ་བར་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཐེངས6184བཏང་བ་དང་། དངོས་ཟོག་སྒམ་ཁྲི67.5སྐྱེལ་འདྲེན་བྱས། དུས་མཚུངས་ལས་སོ་སོ10%དང11%འཕར་ཡོད།

    སྤྱི་ཚོགས།

2.jpg

  • དེ་རིང་དང་སང་ཉིན་བར། ནང་སོག་དང་། བྱང་ཤར། ཧྭ་བྱང་། ཧོང་ཧོའེ་སོགས་ས་ཁུལ་གྱི་དྲོད་ཚད་ཏུའུ4-8℃བར་མར་ཆག་རྒྱུ་ཡིན་པ་དང་། ནང་སོག་གི་དབུས་ནུབ་རྒྱུད་ཀྱི་ས་ཆ་ཁ་ཤས་སུ་དྲོད་ཚད10℃ཡན་ལ་སླེབས་རྒྱུ་རེད།

  • ཀྲུང་གོ་རྟེན་རྫས་ཁང་མཐུན་ཚོགས་ཀྱིས་དཔྱད་དཔོག་བྱས་འབྲས་ཁྱབ་བསྒྲགས་བྱས་པ་སྟེ། ཀྲུང་གོ་ཕྱིར་སྡོད་རང་མིའི་རྟེན་རྫས་ཁང་དང་ཀྲུང་གོ་བུད་མེད་དང་བྱིས་པའི་རྟེན་རྫས་ཁང་སོགས་རྟེན་རྫས་ཁང123རིམ་པ་དང་པོའི་རྟེན་རྫས་ཁང་དུ་གཏན་འཁེལ་བྱས་པ་ཡོངས་བསྒྲགས་བྱེད་རྩིས་ཡོད།

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་པེ་ཅིང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་གྱི་དེ་སྔའི་ཏང་ཨུའི་རྒྱུན་ཨུའམ་སློབ་སྤྱི་གཞོན་པ་ཀྲང་ཀོང་གིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་དེར་ཁྲིམས་ལྟར་གཞུང་གཏུག་བྱས།

3.jpg

  • ཉེ་ཆར། 2024ལོའི་ཕཱར་ཁིར་འཛམ་གླིང་བུམ་པའི(跑酷世界杯)འགྲན་བསྡུར་གྱི་མོང་པི་ལི་ཨའེ་ས་ཚིགས་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་འགྲན་ཞུགས་པ་ཧྲང་ཁྲུན་སུང་ལ་བུད་མེད་ཀྱི་རང་མོས་རྣམ་པའི་ཨང་དང་པོ་ཐོབ། དེ་ནི་ཀྲུང་གོའི་ཕཱར་ཁིར་རུ་ཁག་གི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་དང་པོ་དེ་རེད།

  • 2024ལོར་ཡོན་མཚུངས་མི་སྣས(同等学力)རབ་འབྱམས་པའི་སློབ་གནས་རེ་ཞུ་བྱེད་པའི་ཕྱི་རྒྱལ་གྱི་སྐད་ཡིག་ཆུ་ཚད་དང་རིག་ཚན་ཕྱོགས་བསྡུས་ཆུ་ཚད་ཀྱི་རྒྱལ་ཡོངས་གཅིག་གྱུར་རྒྱུགསཟླ5པའི་ཚེས19ཉིན་ལེན་རྒྱུ་རེད།

  • ཉེ་ཆར་རང་རྒྱལ་གྱི་ནུས་གསོག་ཁྱབ་ཁོངས་གསར་པའི་ཀྲའོ་ཝ་བཅུ་ཅན་གྱི་ནཱ་གྱེས་རྡུལ་གློག་རྫས་ཀྱི་ནུས་གསོག་གློག་ཁང་ཐོག་མ་ཀོང་ཞི་རུ་དངོས་སུ་སྤྱོད་མགོ་ཚུགས། དེ་ནི་རང་རྒྱལ་གྱི་ནཱ་གྱེས་རྡུལ་གློག་རྫས་ཀྱི་ནུས་གསོག་ལག་རྩལ་གཞི་ཁྱོན་ཅན་དུ་སྤྱོད་ཐེངས་དང་པོ་ཡིན།

  • ཨན་ཧུའེ་ཧྥུའུ་དབྱང་གི་དམངས་གཉེར་སྲོག་ཆགས་གླིང་ཞིག་གི་སྲོག་ཆགས་མང་པོ་རྒྱུན་གཏན་མིན་པར་རྐྱེན་ལམ་དུ་ཤོར། ཧྥུའུ་དབྱང་གྲོང་ཁྱེར་སྲིད་གཞུང་གིས་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཡོད་ཅེས་བཤད།

  • ཧའེ་ནན་ཧེང་ཧྲེང་སྨན་བཅོས་དོ་དམ་ཚད་ཡོད་སྤྱི་གཉེར་ཁྲེང་མའེ་ཧེང་ཧྲེང་སྨན་ཁང་གིས་སྐྲན་འགོག་བརྡ་ཁྱབ་རྫུན་མ་ཁྱབ་བསྒྲགས་བྱས་པར་དངུལ་ཆད་སྒོར་ཁྲི125ལས་བརྒལ་བ་བཅད།

    4.gif

  • ཀོང་ཏུང་ཁྲའོ་དབྱང་གི་བྱིས་པ་ཞིག་ཆུ་ནང་དུ་ལྷུང་བ་ན། ལམ་དུ་འགྲོ་བཞིན་པའི་ལས་འཁྱུར་དམག་མི་རྒན་གྲས་ཝུའུ་ཙེ་ཅ་འཕྲལ་མར་ཆུར་མཆོང་ནས་མི་བསྐྱབས་པ་དང་ཁོང་གི་བཟའ་ཟླ་ཕེང་ཁང་ཆི་ནི་སྨན་དོན་མི་སྣ་ཡིན་པས་འཕྲལ་དུ་མྱུར་སྐྱོབ་བྱས། རོགས་སྐྱོབ་བྱས་པ་དུས་ཐོག་ཡིན་པས་བྱིས་པའི་ལུས་པོར་སྐྱོན་ཆེན་པོ་མི་འདུག

    སྲིད་ཇུས།

  • པེ་ཅིང་གིས་བྱེད་ཐབས་བཏོན་པ་སྟེ། སྲིད་གཞུང་གི་ཉོ་སྒྲུབ་ཀྱིས་ཁེ་ལས་ཆུང་འབྲིང་ལ་བཅུ་ཆ་བཞི་ཡན་གྱི་ཐོབ་སྐལ་འཇོག་དགོས།

  • ཧྲའན་ཞི་ཡིས2025ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་སེམས་ཁམས་བདེ་ཐང་གི་ཆེད་ལས(གཅིག་ལྕོགས)དགེ་རྒན་བཀོད་སྒྲིག་བྱེད་ཚད100%ཟིན་རྒྱུ་ཡིན་པ་ཁ་གསལ་བཏོན།

  • ཀུའེ་ཀྲོའུ་ཡིས་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཁྱིམ་ཚང་གི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་ས་གནས་དེ་གའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞིའི30%ལྟར་དམིགས་བསལ་དཀའ་ངལ་གྱི་ཁ་གསབ་རོགས་དངུལ་ཁ་སྣོན་བྱེད་དགོས་པ་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

4.jpg

  • ཡུན་ནན་གྱི་ལྷོ་རྒྱུད་དང་། ཀོང་ཏུང་གི་ལྷོ་ནུབ་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་ས་ཁུལ་གྱི་ས་ཁུལ་ལ་ལར་དྲག་ཆར་འབབ་རྒྱུ་རེད། ནང་སོག་གི་དབུས་ནུབ་རྒྱུད་དང་། ཀན་སུའུ་ཡི་བྱང་རྒྱུད། ཞིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས་སོགས་སུ་བྱེ་རླུང་ལྡང་བའམ་ཡང་ན་ཐལ་རྡུལ་གྱི་གནམ་གཤིས་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་བྱེ་རླུང་འཚུབ་རྒྱུ་རེད།


མཉམ་སྤྱོད།