དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རི་སྐྱེས་སྲོག་ཆགས་གླིང་ཞིག་གི་བྱང་ཤར་སྟག20ཤི་བ།

2024-05-14 09:29:13   |   308

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ལམ། 《ཀྲུང་གོའི་དགེ་སྒྲུབ་པ》ཡི་གསར་འགོད་པས་བརྟག་དཔྱད་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། ཨན་ཧུའེ་ཧྥུ་དབྱང་གི་སྲོག་ཆགས་གླིང་ཞིག་གིས་མི་ཐབས་ལ་བརྟེན་ནས་སྐྱེ་འཕེལ་བྱེད་པའི་ཆོག་འཐུས་འཛིན་ཡིག་བླངས་མེད་པའི་གནས་ཚུལ་འོག ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཏེ་བྱང་ཤར་སྟག་འགྲེམ་སྟོན་དང་མི་ཐབས་ལ་བརྟེན་ནས་སྐྱེ་འཕེལ་བྱས། དེ་ལས་ཀྱང་ཧང་སངས་དགོས་པ་ཞིག་ནི་སྲོག་ཆགས་གླིང་གི་གཉེར་སྐྱོང་དབང་ཆའི་རྩོད་གཞིའི་རྐྱེན་གྱིས་རི་སྐྱེས་སྲོག་ཆགས་འབོར་ཆེན་ཤི་བ་དང་དེའི་ནང་བྱང་ཤར་སྟག20དང་། ཨ་ཧྥེ་རི་ཁའི་སེང་གེ2དང་། ཤྭ་བ་སྐེ་རིང3སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་ཚུད་ཡོད།

མིག་སྔར་གླིང་ཁུལ་དུ་ད་དུང་གསོན་ཡོད་པའི་སྲོག་ཆགས་ལ་བྱང་ཤར་སྟག16དང་། ཨ་ཧྥེ་རི་ཁའི་སེང་གེ་དང་། ཤྭ་བ་སྐེ་རིང་། དོམ་ནག་སོགས་ཡོད། ཡུན་རིང་བོར་སྐྱེལ་འདྲེན་ལྕགས་གཟེབ་ནང་བཅུག་ཅིང་བར་སྟོང་ཆུང་བས་འཚོ་གནས་ཀྱི་ཆ་རྐྱེན་ཐད་སེམས་ཁྲལ་ཆེན་པོ་འདུག

1.png


མཉམ་སྤྱོད།