དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བསོད་ནམས་ཚེ་རིང་གི་བརྩམས་ཆོས་ཤིག་མིང་གཞུང་འདིའི་ནང་ཚུད།

2024-05-14 14:43:45   |   2728

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར།  2023ལོའི“ཐོབ་བྱ་རྩོམ་རིག་མིང་གཞུང”མཛད་སྒོ་གཟབ་རྒྱས་ངང་ཀྲེ་ཅང་བཟོ་ཚོང་སློབ་ཆེན་དུ་འཚོགས།

图片1.png

མིག་སྔར། རྩོམ་རིག་དཔྱད་བརྗོད་པ་དང་བསླབ་རྒན་རྩོམ་རིག་རྩོམ་སྒྲིག་པ། མཐོ་རིམ་སློབ་གྲྭའི་དར་གཞོན་མཁས་པ་སོགས་མི16ལས་གྲུབ་པའི་མཐའ་མའི་འདེམས་བསྐོ་དཔྱད་འདེམས་ཚོགས་པས་འདེམས་ཤོག་འཕངས་ནས་དཔྱད་འདེམས་ནན་མོ་བྱས་ཏེ“ཐོབ་བྱ་རྩོམ་རིག་མིང་གཞུང”ཁྱབ་བསྒྲགས་བྱས་ནས་མཐར་ལོ་དེའི་ནང་ཀློག་རིན་ཡོད་པ་དང་དོ་ཁུར་བྱེད་རིན་ཆེ་བའི་ཀྲུང་གོའི་གསར་རྩོམ་རྩོམ་རིག་བརྩམས་ཆོས30(སྒྲུང་རིང5དང་རྟོག་བཟོ་མིན་པའི་རྩོམ་ཡིག5 སྒྲུང་འབྲིང10 སྒྲུང་ཐུང10བཅས)འོས་སྦྱོར་བྱས་པ་རེད། དེའི་ནང་མཚོ་བྱང་གི་རྩོམ་པ་པོ། ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་བསོད་ནམས་ཚེ་རིང་གི་བརྩམས་རྩོམ《ནམ་གུང་གི་མདའ་བཞི་རྫོང་སྲང་ལམ།》ཞེས་པ་དེ་བརྩམས་སྒྲུང་ཐུང་གྲས་ཀྱི་རིམ་པ་དང་པོར་བཞག་འདུག

图片2.png

图片3.png

图片4.png

བསོད་ནམས་ཚེ་རིང་།

སོག་རིགས། ན་གཞོན་བརྩམས་སྒྲུང་བ།  ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན། བརྩམས་ཆོས་དག《ཐོབ་བྱ། 》《ཟླ་བཅུ་བ། 》《མེ་ཏོག་གྲོང་། 》《བརྩམས་སྒྲུང་ཟླ་དེབ།》《མི་རིགས་རྩོམ་རིག》བཅས་ཀྱི་དུས་དེབ་སྟེང་བཀོད་མྱོང་།《2020ལོའི་ལང་ཚོའི་རྩོམ་རིག》《2021ལོའི་ཀྲུང་གོའི་སྒྲུང་ཐུང20》སོགས་ལོ་འཁོར་མོའི་དཔེ་དེབ་ནང་བདམས།


མཉམ་སྤྱོད།