དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-15 07:03:41   |   840

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཨུ་རུ་སུའི་ཙུང་ཐུང་ཧྥུ་ལ་ཅི་སྨིར·ཧྥུ་ལ་ཅི་སྨི་ལུའོ་ཝེ་ཆི·ཕུའུ་ཅིང(弗拉基米尔·弗拉基米罗维奇·普京)གིས་ཟླ5པའི་ཚེས16ནས17ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་ལྟ་སྐུལ་ལས་དོན་གྱི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་ཏེ་དུས་རབས་གསར་པའི་སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་པའི་ཐད་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས།

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་སུ་འབྲུ་རིགས་མུའུ་དུང་ཕྱུར5.8བཏབ་པ་དང་འཕེལ་རིམ་བཅུ་ཆ་དྲུག་ལས་བརྒལ་ཡོད།

  • རྒྱལ་ཁབ་ལྕགས་ལམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ4པར་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི36015ཟིན། དུས་མཚུངས་ལས9.6%འཕར་ཡོད།

1.jpg

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་བཞི་པར་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས་དུས་མཚུངས་ལས16.7%འཕར་འདུག སྔོན་དཔག་བྱས་ན་ཟླ་བཞི་པའི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུས་མཚུངས་ལས23%ཙམ་འཕར་རྒྱུ་རེད།

  • སློབ་གསོ་པུས་བརྡ་ཐོ་བཏང་སྟེ། བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་སློབ་མའི“སློབ་གསེང་སྐར་མ་བཅུ”ཡི་ངལ་གསོ་སོགས་རྨང་གཞིའི་སློབ་གསོའི་ཚད་ལྡན་མིན་པའི་སློབ་གཉེར་བྱེད་སྤྱོད་ཁག12གཙང་བཤེར་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས།

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་སྣུམ་རླངས་མིན་པའི་ས་གཤིས་རྩད་ཞིབ་ལ་མ་དངུལ་སྒོར་དུང་ཕྱུར200.72བཏང་། དུས་མཚུངས་ལས7.7%འཕར་ཡོད།

  • ཨ་རིའི་ནོར་སྲིད་པུ་ཀྲང་ཡེ་ལུན་གྱིས་སླར་ཡང“ཐོན་ནུས་ལྷག་ཐལ་ཆེ་བའི་”གཏམ་བརྗོད་སྤེལ་བར་ཚེས14ཉིན་ཕྱི་འབྲེལ་པུས་བསྟན་དོན། ཨ་རིས“ཐོན་ནུས་ལྷག་ཐལ་ཆེ་བའི་”དར་ཆ་བསྒྲེངས་ནས་རྒྱལ་ཁབ་གཞན་གྱི་སྔོན་ཐོན་ཐོན་ལས་ལ་གནོན་ཤུགས་བྱིན་པ་དང་། “དྲང་གཞག་འགྲན་རྩོད”ལ་ཁ་གཡར་ནས་སྲུང་སྐྱོང་རིང་ལུགས་སྤེལ་བ་དེ་ནི་བཙན་དབང་བྱ་སྤྱོད་དམར་རྗེན་ཞིག་རེད་ཅེས་བཤད།

  • ཚེས14ཉིན་ཀྲུང་གོ་དང་ཧྥི་ལི་ཕིན(菲律宾)རྒྱལ་ཁབ་གཉིས་པོའི་ཁྲིམས་འཛིན་སྡེ་ཚན་གྱིས་སླར་ཡང་མཉམ་ལས་བྱས་ནས་ཧྥི་ལི་ཕིན་དུ་རྒྱན་འགྱེད་མཁན་གྱི་ཀྲུང་གོའི་སྤྱི་དམངས160ལྷག་ཙམ་ཕྱིར་སློག་བྱས།

    སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས14ཉིན་བྱེ་རྡུལ་རླུང་འཚུབ་ཀྱི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས14ཉིན་གྱི་ཆུ་ཚོད20ནས་ཚེས15ཉིན་གྱི་ཆུ་ཚོད20བར་དུ། ཞིན་ཅང་དང་། ཀན་སུའུ། ནང་སོག ཉིང་ཞ། མཚོ་སྔོན་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་བྱེ་རླུང་འཚུབ་པའམ་ཡང་ན་ཐལ་རྡུལ་གྱི་གནམ་གཤིས་འདུག

  • ནོར་སྲིད་པུས་ད་ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ས་ཁོངས་ནང་གི་ཁྲིམས་མཐུན་ལས་ཀ་ལས་མཁན་དང་བཅའ་སྡོད་བྱེད་མཁན་གྱི་ཕྱི་རྒྱལ་མི་སྣར་རྩིས་པའི(会计)ཆེད་ལས་ལག་རྩལ་ཐོབ་ཐང་གི་ཡིག་རྒྱུགས་གཏོང་རྒྱུ་ཡིན་པའི་བརྡ་ཐོ་བཏང་།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུ་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་སྟེ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་གསོ་སྦྱོང་རྒྱུགས་སྤྲོད་དོ་དམ་ནན་མོ་བཟོས་ཏེ། ཁ་ལོ་བས་བདེ་འཇགས་གིས་འཁོར་རིགས་བསྐོར་བའི་གསོ་སྦྱོང་རྒྱུགས་ཀྱི་སྤུས་ཚད་དཔྱད་དཔོག་མ་ལག་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

222.jpg


  • ཀྲུང་གོ་མི་དམངས་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ཟླ5པའི་ཚེས20ཉིན2024ལོའི་བཀྲ་ཤིས་རིག་གནས་རྟགས་མའི་གསེར་དངུལ་དྲན་རྟེན་དངུལ་ལོ་འགྲེམ་སྤེལ་བྱ་རྒྱུ་རེད།

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོ་བཟོ་ཚོང་དངུལ་ཁང་མ་རྐང་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཨུའི་ཨུ་ཡོན་ནམ་སྒྲིག་ཨུའི་ཧྲུའུ་ཅི་ལིའུ་ལི་ཞན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཀྲུང་གོའི་ཕིང་ཕང་སྤོ་ལོའི་མཐུན་ཚོགས་ཀྱིས་ཚེས14ཉིན་ཀྲུང་གོའི་རྒྱལ་ཁབ་ཕིང་ཕང་སྤོ་ལོའི་རུ་ཁག་གི2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་རྐྱང་མ་དང་། སྐྱེས་པ་རྐྱང་མ། བུད་མེད་ཚོགས་པའི་རྣམ་གྲངས་བཅས་ཀྱི་འགྲན་ཞུགས་ལུས་རྩལ་པའི་མིང་ཐོ་ཡོངས་བསྒྲགས་བྱས།

4.png

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་དགུ་ཚིགས་མ་ལག་གི་གུར་ཁྱིམ་ལས་ཁབ་ལེན་གྱི་གུར་ཆེན་པོ་ཤེས་རྟོགས་བྱུང་། དེའི་དཔྱད་འབྲས་དེ་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《སྐར་མའི་གོ་ལའི་དངོས་ཁམས་རིག་པའི་ཚགས་པར》ཐོག་སྤེལ་ཡོད།

    5.png

  • ཉེ་ཆར་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་སྐམ་མཚོ་ཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲསAG600ཡིས་ཉེན་ཁ་ཆེ་བའི་ཚོད་འཕུར་རྣམ་གྲངས་གཉིས་ལེགས་འགྲུབ་བྱུང་།

  • ཚེས14ཉིན། ཧའེ་ནན་ཞིང་ཆེན་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཁྲིམས་བཀོད་ཀྱི་གོ་རིམ་ལྟར་བུ་མོ་ཆུང་ངུར་ལོག་གཡེམ་དང་ལོག་སྤྱོད་ཐེངས་མང་བྱས་པའི་སློབ་ཆུང་གི་དགེ་རྒན་ལུའོ་ཁྲུང་ཁྲུང་ལ་སྲོག་ཁྲིམས་བཅད།

    6.gif

  • ཧྲན་ཏུང་ཅི་ནན་གྱི་བུད་མེད་ཅིག་ལ་རླངས་འཁོར་དོན་རྐྱེན་བྱུང་ནས་རླངས་འཁོར་འོག་ཏུ་མནན་པ་ན། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཀྲང་ལེན་ཞུས་ཀྱིས་འཕྲལ་དུ་རླངས་འཁོར་བསྡད་དེ་སྐྱོབ་ཐབས་བྱས་མཐར་ལམ་འགྲོ་པ་དང་མཉམ་དུ་རླངས་འཁོར་ཆུང་ཆུང་ཡར་བཀྱགས་ནས་བུད་མེད་དེ་བདེ་བླག་ངང་བསྐྱབས།

    སྲིད་ཇུས།

  • ཧྲང་ཧའེ་ཡིས་འཕྲུལ་སྒུལ་མིན་པའི་དོ་དམ་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ། བཟོ་བཟོས་བརྒྱབ་པ་ལྟར་ན་གློག་སྒུལ་རྐང་འཁོར་རམ་ཡང་ན་དེའི་གསོག་གློག་རྫས་འཁྱེར་ནས་གློག་སྐས་ནང་འཛུལ་མི་ཆོག་པ་དང་། ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཧེ་ལུང་ཅང་གིས་བྱེད་ཐབས་བཀྲམ་པ་སྟེ། ལོ་འཁོར་གོང་མར་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭའམ་ཡང་ན་ལྗང་མདོག་མཁོ་སྤྲོད་སྦྲེལ་ཐག་དོ་དམ་ཁེ་ལས་ལ་བདམས་ཚེ་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི100སྤྲོད་རྒྱུ་རེད།

  • ཧྲའན་ཞིས་བྱེད་ཐབས་བཏོན་ནས་སློབ་གྲྭ་ནས་ཁ་བྲལ་ཏེ་ལོ་གཉིས་འགོར་བའི་མཐོ་སློབ་མཐར་ཕྱིན་སློབ་མ་དང་། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ། ཕ་ཡུལ་དུ་ཕྱིར་ལོག་པའི་ཞིང་པ་ལས་མི་བཅས་ཀྱིས་ཐོག་དང་པོར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་བཙུགས་པ་མ་ཟད་རྒྱུན་གཏན་གཉེར་སྐྱོང་ལོ་གཅིག་ཡན་བྱས་པར་མི་རེར་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་སྒོར་ཁྲི་གཅིག་སྤྲོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

7.jpg

  • སི་ཁྲོན་གྱི་ཤར་ལྷོའི་རྒྱུད་དང་། ཡུན་ནན་གྱི་ཤར་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཀོང་ཞིའི་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཧའེ་ནན་སོགས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད། དེའི་ནང་ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད་དང་། ཀོང་ཞིའི་ནུབ་བྱང་རྒྱུད། ཧའེ་ནན་གྱི་ཤར་ལྷོའི་རྒྱུད་བཅས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།