དེ་རིང་ནི2025ལོའི་ཟླ05པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-16 07:44:40   |   1521

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་པ་ཏ་ལིང་ལྕགས་རི་རིང་པོའི་འདབས་ཀྱི་ཡུལ་མི་ཚོར་འཕྲིན་ལན་བསྐུར་ཏེ། མི་དེ་བས་མང་བས་ལྕགས་རི་རིང་པོར་རྒྱུས་ལོན་དང་སྲུང་སྐྱོང་བྱེད་པར་སྣེ་ཁྲིད་བྱས་ཏེ་མེས་པོས་བཞག་པའི་རྩ་ཆེའི་རྒྱུ་ནོར་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པའི་སྐུལ་ལྕག་གནང་།

  • ཟླ5པའི་ཚེས16ཉིན་དཔེ་སྐྲུན་བྱ་རྒྱུ་ཡིན་པའི《བདེན་འཚོལ》དུས་དེབ་ཐེངས་བཅུ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཏེ།《ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་རྒྱུན་མཐུད་སྒུལ་ཤུགས་ཆེན་པོ་བསྣན་དགོས》ཞེས་པ་འགོད་རྒྱུ་རེད།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་ཁང་གིས་བསྒྱུར་བའི《ཀྲུང་གོའི་རྣམ་པའི་དེང་རབས་ཅན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཞེས་པའི་ཨུ་རུ་སུའི་ཡི་གེའི་པར་མ་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས།

  • ཉོ་འཚོང་མང་བའི་དུས་ཚིགས་ཀྱི་ཉོ་སྒྲུབ་ཁྱོན་ཡོངས་ནས་མཇུག་གྲིལ་བ་དང་། རྒྱལ་ཡོངས་ཀྱི2023ལོའི་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར2ལས་བརྒལ་ཡོད། དེ་ཡིས་མ་རྨོས་ལོ་ཏོག་གསོག་ཉར་ལམ་ལུགས་སྒྱུར་བཅོས་བྱས་ཚུན་གྱི་ཟིན་ཐོ་གསར་པ་བཏོད་ཡོད།

    123.png

  • མིག་སྔའི་བར་ལྷོ་ཆུ་བྱང་འདྲེན་གྱི་ཤར་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་རིམ་རྩིས་བྱས་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར720དྲངས་པ་དང་། ལམ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར7གྱི་མི་དུང་ཕྱུར1.76ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

  • ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ས་ཆ་མཁོ་སྤྲོད་མགྱོགས་མྱུར་འཕར་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ནུས་ལྡན་བྱུང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་རྣམ་གྲངས་དང་རྒྱ་ཁྱོན་དུས་མཚུངས་ལས275.86%དང240.32%འཕར་ཡོད།

  • ཚེས15ཉིན་ནས་བཟུང་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་གནས་སྐོར་ཚོགས་པ་སྦྲག་སྐྱེལ་གྲུ་གཟིངས་ལ་བསྡད་ནས་རྒྱལ་ཁོངས་སུ་འཛུལ་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས།

  • ཨ་རི་ཕྱོགས་ཀྱིས་ཀྲུང་གོར་སྒོ་ཁྲལ་གསར་པ་ཁ་སྣོན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པར་དམིགས་ནས་ཕྱི་འབྲེལ་པུས་ཚེས15ཉིན་བསྟན་དོན། ཨ་རི་ཕྱོགས་ཀྱིས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་མུ་མཐུད་དུ་ཆབ་སྲིད་ཅན་དུ་བསྒྱུར་ནས་ཀྲུང་གོར་སྒོ་ཁྲལ་འཕར་བ་དེ་ནི་ནོར་འཁྲུལ་ཐོག་ཏུ་ནོར་འཁྲུལ་བརྩེགས་པ་ཞིག་ཡིན་ཞིང་། ནང་འདྲེན་ཚོང་ཟོག་གི་མ་གནས་མངོན་གསལ་གྱིས་ཇེ་མཐོར་སོང་བས་ཨ་རིའི་ཁེ་ལས་དང་འཛད་སྤྱོད་པར་གྱོང་གུན་དེ་བས་མང་ཐེབས་རྒྱུ་རེད་ཅེས་བཤད།

  • ཚེས15ཉིན་གྱི་དགོང་མོར་ཧོང་ཞུན་ཚའེ(黄循财)ཡིས་སིང་ཀ་ཕོར་གྱི་ཙུང་ཐུང་ལས་ཤག་ཏུ་སིང་ཀ་ཕོར་གྱི་ཙུང་ལིའི་ལས་ཐོག་བཞི་པའི་འགན་འཁུར་རྒྱུའི་དམ་བཅའ་བཞག

    སྤྱི་ཚོགས།

2.jpg

  • རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུས་ཚེས15ཉིན་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ་སེར་པོ་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས15ཉིན་གྱི་ཆུ་ཚོད20ནས་ཚེས16ཉིན་གྱི་ཆུ་ཚོད20བར་ཀོང་ཞི་དང་ཀུའེ་ཀྲོའུ། ཡུན་ནན་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ས་གཤིས་གནོད་འཚེ་ཐོན་པའི་གནམ་གཤིས་ཀྱི་ཉེན་ཁ་ཅུང་ཆེན་པོ་ཡོད།

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཞི་པར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར339ཡི་ཆ་སྙོམས་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་སྡུར་ཚད89.8%ཡིན།

  • ཀྲེ་ཅང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཧེ་ལུང་ཅང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ་ཆུས་མིན་གྱིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་དེར་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཚེས15ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་ཏུན་རེར་སོ་སོར་སྒོར235དང་སྒོར225རེ་བཅག་ཡོད།

  • མིག་སྔའི་བར་རང་རྒྱལ་གྱི་སྒོ་དབྱེ་སློབ་ཚན(慕课)སློབ་སྦྱོང་བྱེད་མཁན་མི་ཐེངས་དུང་ཕྱུར12.77ཡོད་པ་དང་། དྲ་ཐོག་སློབ་ཚན་ཁྲི7.68ལྷག་ཙམ་ཡོད།

3.png

  • ཚེས15ཉིན་རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་གཤེར་འགྱུར་རང་བྱུང་སོལ་རླངས་སྐྱེལ་འདྲེན་གྲུ་གཟིངས་བཟོ་སྐྲུན་རྣམ་གྲངས་ཏེ། ཀྲུང་གོའི་མཚོ་སྣུམ་གཤེར་འགྱུར་རང་བྱུང་སོལ་རླངས་སྐྱེལ་འདྲེན་གྲུ་གཟིངས་རྣམ་གྲངས་ཀྱི་གྲུ་གཟིངས་ཐོག་མ”ལེ་ནུན་ཡན“རྟགས་ཅན་ཧྲང་ཧའེ་རུ་རྩིས་སྤྲོད་བྱས།

4.gif

  • ཀོང་ཏུང་ཧྲན་ཐོའུ་ཡི་བྱིས་པ་ཞིག་གཙང་འགྲམ་དུ་རྩེད་མོ་རྩེ་སྐབས་གཟབ་གཟབ་མ་བྱས་པར་ཆུ་ནང་དུ་ལྷུང་བ་ན། ལམ་དུ་འགྲོ་བཞིན་པའི་ལས་འཁྱུར་དམག་མི་ཝུའུ་ཙེ་ཅ་འཕྲལ་མར་མདུན་དུ་རྒྱུགས་ནས་ཆུར་ལྷུང་བའི་བྱིས་པ་མཚོ་འགྲམ་དུ་བསྐྱབས། རོགས་སྐྱོབ་དུས་ཐོག་ཏུ་བྱས་པས་བྱིས་པ་དེའི་གཟུགས་པོར་སྐྱོན་ཆེན་པོ་མི་འདུག

    སྲིད་ཇུས།

  • ཐེན་ཅིན་གྱིས་གྲོང་ཁྱེར་དེ་གའི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་བསྟུད་མར་ཞུགས་པའི་བྱིས་པའི་སྒོ་བསྟེན(མྱུར་བཅོས)སྨན་བཅོས་བྱེད་པའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་སྒོར5000བར་མཐོ་རུ་བཏང་བའི་བརྡ་ཐོ་བཏང་།

  • ཁྲུང་ཆིང་གིས་མཐོ་སློབ་མཐར་ཕྱིན་སློབ་མའི་ཚོགས་སྤྱིའི་ལས་གཏོད་ཁག་ཐེག་དངུལ་བུན་ལོངས་སྤྱོད་བྱེད་ཁོངས་དེ་སྔའི་སློབ་གྲྭ་ནས་ཁ་བྲལ་ནས་ལོ8ནང་ཚུན་ཡིན་པ་ནས་སློབ་གྲྭ་ནས་ཁ་བྲལ་ཏེ་ལོ10བར་རྒྱ་ཆེར་བཏང་བའི་བརྡ་ཐོ་བཏང་།

  • ཧྲན་ཏུང་གིས་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྲིད་གཞུང་གི་ཁ་གསབ་ཚད་གཞི་དེ་མི་རེར་ལོ་རེར་སྒོར610ནས་སྒོར640བར་མཐོ་རུ་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

5.jpg

  • སི་ཁྲོན་གྱི་ལྷོ་ནུབ་རྒྱུད་དང་། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་བཅས་དང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད། དེའི་ནང་ཡུན་ནན་གྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།