དེ་རིང་ནི2025ལོའི་ཟླ03པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རལ་གྱི་ཙུང་ཐུང་བཞུགས་པའི་ཐད་འཕུར་གནམ་གྲུར་ཆག་སྒོ་བྱུང་བ།

2024-05-20 10:44:12   |   1466

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


དབྱི་རན་གྱི་སྨྱན་སྦྱོར་གྱིས་ཚེས19ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱི་ཙུང་ཐུང་ལའེ་ཞི་དང་མཐོ་རིམ་དཔོན་རིགས་བཞུགས་པའི་ཐད་འཕུར་གནམ་གྲུར་ཚེས19ཉིན་ཆག་སྒོ་བྱུང་སྟེ་གློ་བུར་དུ་དབྱི་རན་གྱི་ནུབ་བྱང་རྒྱུད་ཀྱི་ཨ་ཟེར་བྷེ་ཇན་ཤར་མའི་ཞིང་ཆེན་དུ་སར་ལྷུང་།

 མིག་སྔར་གནམ་གྲུའི་ཐོག་གི་མིའི་གནས་ཚུལ་གསལ་པོ་མེད་ཅིང་འཚོལ་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བཞིན་ཡོད། དབྱི་རན་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དོན་རྐྱེན་དེ་རྒྱལ་ས་ཐེ་ཧེ་རན་དང་བར་ཐག་སྤྱི་ལེ670ཙམ་ཡོད་པའི་ཝར་ཀྲ་ཀན་རྫོང་དུ་བྱུང་བ་དང་། མིག་སྔར་དོན་རྐྱེན་བྱུང་བའི་ཐད་འཕུར་གནམ་གྲུའི་གནས་ཡུལ་གསལ་པོ་ཤེས་ཀྱི་མེད། བརྙན་འཕྲིན་ལས་ཁུངས་དེའི་གསར་འགོད་པས་ས་གནས་ས་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། སྨུག་པ་མང་བ་དང་གྲང་ངར་ཆེ་བས་རོགས་སྐྱོབ་ལས་དོན་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། གནམ་གཤིས་མི་ལེགས་པས་ཐད་འཕུར་གནམ་གྲུས་མཁའ་ཐོག་ནས་འཚོལ་ཞིབ་བྱེད་མི་ཐུབ་པས་རོགས་སྐྱོབ་ལས་དོན་ས་ངོས་སུ་སྤེལ་བཞིན་ཡོད།


མཉམ་སྤྱོད།