དེ་རིང་ནི2025ལོའི་ཟླ03པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐོན་རྫས་གཅིག་སྡུད་འགྲེམས་ཚོང་བྱས། མཚོ་བྱང་ཐོན་རྫས་ཚོང་ཁ་བྲིན།

2024-05-20 15:57:09   |   454

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས18ཉིན། “རབ་མཛེས་མཚོ་སྔོན།•མཐོ་སྒང་རྐང་གྲུག”ཅེས་པའི་མཉམ་འབྲེལ་འགྲན་བསྡུར་ཆེ་མོ་ཟི་ལིང་དུ་མགོ་ཚུགས། དེ་དང་མཉམ་དུ་ཞིང་ལུས་རིག་སྐོར་ཚོང་བཅས“ལས་རིགས་ལྔ”མཉམ་འདྲེས་ཀྱི་མཉམ་སྒྲོལ་རོལ་དབྱངས་ཀྱང་དཀྲོལ་མགོ་བརྩམས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་མཉམ་འབྲེལ་འགྲན་བསྡུར་ཆེ་མོའི་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་ལ་ཞུགས་ཏེ། “མདོ་ལ་རིང་མོའི་འདབས་རོལ་གྱི་ཕྱུགས་ར་བཟང་བོ”ཡི་ས་ཁོངས་སྤྱི་སྤྱོད་ཚོང་རྟགས་ཀྱི་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་བྱས་ཤིང་། མཚོ་བྱང་གི་ཞིང་ཕྱུགས་ཚོང་རྟགས་ཀྱི་ཁྱད་ཆོས་མངོན་པར་བྱས་ཏེ། མཚོ་བྱང་གི་ཞིང་ཕྱུགས་ཚོང་རྟགས་ཀྱི་མིང་བྱང་ཕྱི་ལ་འགྲེམས་སྟོན་བྱས།

1.png

འགྲེམས་སྟོན་དུ་ཞུགས་པའི་ཁེ་ལས་ཀྱིས་ཐད་གཏོང་ལས་ཚོང་ཟོག་འཚོང་བཞིན་པ། འཕྲིན་གཏོང་བ་ལི་ཐིང་ཅུན། ཀྲའོ་གོ་ཅུན་གྱིས་པར་འདོན་སྤྲོད་བྱས།

2.png

མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ། འཕྲིན་གཏོང་པ་ལི་ཐིན་ཅུན། ཀྲའོ་གོ་ཅུན་གྱིས་པར་འདོན་སྤྲོད་བྱས།

མཚོ་བྱང་གི“ཐོན་རྫས་གྲགས་ཅན་དང་། ཐོན་རྫས་སྤུས་ལེགས། ཐོན་རྫས་གསར་པ”བཅས་འོས་སྦྱོར་བྱ་རྒྱུ་རྩ་དོན་དུ་བྱས་ཤིང་། ནན་ཏན་གྱིས་གདམ་གསེས་བྱས་པ་བརྒྱུད་མཚོ་བྱང་ཁུལ་གྱིས་ཞིང་ཕྱུགས་ཁེ་ལས19དང་མངོན་མིན་རིག་གནས་ཤུལ་བཞག་ཁེ་ལས4བདམས་ནས་འགྲེམས་སྟོན་ནང་ཞུགས་པ་དང་། ཐོན་རྫས་ལ་མདོ་ལ་རིང་མོའི་བོད་ལུག་དང་། འབྲི་གཡག ཤ་མོ་སེར་པོ་བཅས་དང་། མཚོ་བྱང་ནས་དང་། པད་ཁ། སྦྲང་རྩིའི་ཐོན་རྫས། ཤྭ ་བའི་ཐོན་རྫས་དང་དེ་བཞིན་རིག་གནས་གསར་གཏོད་ཐོན་རྫས་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་རིགས་ཆེ་གྲས70དང་སྣ་ཁ356ཚུད་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་གསར་གཏོད་ཐོན་རྫས200ལྷག་ཙམ་ཚུད་ཡོད། ཐོན་རྫས་དེ་དག་ལས་ཉེ་བའི་ལོ་ཤས་རིང་མཚོ་བྱང་གིས“མདོ་ལ་རིང་མོའི་འདབས་རོལ་གྱི་ཕྱུགས་ར་བཟང་བོ”ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་བསྐྲུན་པའི་གཡུར་ཟའི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།

3.png

མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ། འཕྲིན་གཏོང་པ་ལི་ཐིན་ཅུན། ཀྲའོ་གོ་ཅུན་གྱིས་པར་འདོན་སྤྲོད་བྱས།

4.png

མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ། འཕྲིན་གཏོང་པ་ལི་ཐིན་ཅུན། ཀྲའོ་གོ་ཅུན་གྱིས་པར་འདོན་སྤྲོད་བྱས།

མཚོ་བྱང་གི་འགྲེམས་ཞུགས་ཁེ་ལས་ཁག་གིས“དྲ་དཔོན་གྲགས་ཅན”དང“འཁྱུག་དབྱངས”དང་།“མགྱོགས་འཕྲིན”སོགས་དྲ་རྒྱའི་ཕྱིར་ཚོང་སྨྱན་སྦྱོར་གང་ལེགས་སྤྱད་དེ་མཁོ་སྤྲོད་ལས་སྟེགས་ཧུར་ཐག་བསྐྲུན་ནས་ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་སྤེལ་བ་དང་། འདོད་མཐུན་ཁེ་ལས་འབྲེལ་མཐུད། མཉམ་ལས་གྲོས་མོལ། མཉམ་ལས་འཕེལ་རྒྱས་དོན་གཉེར་བཅས་བྱས། མགོ་ཚུགས་མཛད་སྒོའི་ཉིན་དེར་ཞིང་ཆེན་ཕྱི་ནང་གི་ཚོང་པ་དང་ཉོ་སྒྲུབ་གྲོས་མཐུན་ཁག9བཞག་པ་དང་འདོད་མཐུན་གན་རྒྱ་བཞག་པའི་དངུལ་འབོར་སྒོར་ཁྲི691ཟིན། ཞིང་ཕྱུགས་ཐོན་རྫས་སྣ་ཚོགས་བྲིན་ཞིང་། སྒོར་ཁྲི10ལྷག་ཙམ་ཕྱིར་ཚོང་བྱས།

5.png

འགྲེམས་སྟོན་དུ་ཞུགས་པའི་ཁེ་ལས་ཀྱིས་ཐད་གཏོང་ལས་ཚོང་ཟོག་འཚོང་བཞིན་པ། འཕྲིན་གཏོང་བ་ལི་ཐིང་ཅུན། ཀྲའོ་གོ་ཅུན་གྱིས་པར་འདོན་སྤྲོད་བྱས།


མཉམ་སྤྱོད།