དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གློ་ཚད་འགོག་སྨན།

2024-05-27 11:20:06   |   219

སྒྲིག་སྒྱུར།    དོན་འགྲུབ་མཚོ།    ཡོང་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།    བཤེར་འབེབས།    རིན་ཆེན་ཚེ་རིང་།


གློ་ཚད་ཟླུམ་སྲིན་འགོས་ནད་ནི་འཛམ་གླིང་གི་ཁྱབ་ཁོངས་སུ་ཤི་རྐྱེན་གཙོ་གྲོས་ཀྱི་གཅིག་ཡིན། དེ་ནི་གློ་ཚད་དང་ཁྲག་སྲིད་ནད། ཀླད་སྐྱིའི་ཚ་ནད་དང་བར་རྣའི་གཉན་ཚད་སོགས་འབྱུང་རྐྱེན་གྱི་ནད་རིག་གཙོ་བོ་ཞིག་ཡིན། ལུས་ཕུང་ཞན་པའི་བྱིས་པ་དང་རྒན་པ། གཞན་རིམས་འགོག་ནུས་པ་ཞན་པའི་ནད་པར་མཚོན་ན་ཚེ་སྲོག་ལ་ཧ་ཅང་ཉེན་ཁ་ཆེ་བས་རྐྱེན་གྱིས། ཁོ་ཚོར་མཚོན་ན་ཟླུམ་སྲིན་རིམས་འགོག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན།

གློ་ཚད་རིམས་འགོག་སྨན་ཁབ་ནི་རིམས་འགོག་ནུས་པ་ཞན་པ་དང་དབང་བོ་སྐྱོན་ཅན་གྱི་རིགས་ལ་རྒྱག་དགོས། དཔེར་ན། ལུས་ཕུང་ཞན་པའི་བྱིས་པ་དང་། རིམས་འགོག་ནུས་པ་ཞན་པའི་མི་དར་མ། དེ་ཡང་དཔེར་ན། གཅིན་པ་མངར་འགྱུར་གྱི་ནད་པ་དང་གཤེགས་བཅོས་བྱེད་མྱོང་བའི་ནད་པ། སྐྲན་ངན་རྫས་འགྱུར་གྱིས་སྨན་བཅོས་བྱས་པའི་ནད་པ། ཁྲག་རྩའི་མ་ལག་ལ་གནོད་པ་ཡོད་པའི་ནད་པ། དོན་སྣོད་བརྗེ་སྤོར་གཤེགས་བཅོས་བྱེད་མྱོང་བའི་ནད་པ་ལས་གཞན་དུས་ཡིན་རིང་པོར་རིམས་འགོག་སྨན་རྫས་བསྟེན་མྱོང་བའི་ནད་པ། ལོ་དྲུག་ཅུ་རེ་ལྔ་ལས་བརྒལ་བའི་ནད་པར་མཚོན་ན། ལྷག་པར་དུ་རྒན་གསོ་ཁང་ནང་དུ་ཡིན་རུང་འགོར་བའི་ནད་པ་ཡིན་ནའང་འགོག་སྨན་ངེས་པར་དུ་རྒྱག་དགོས། 

གློ་ཚད་འགོག་ཁབ་ཀྱིས་གློ་ཚད་ཡོད་ཚད་སྔོན་འགོག་བྱེད་མི་ཐུབ། འོན་ཀྱང་། སྔོན་འགོག་བྱེད་ཐབས་གཞན་མེད་པས་གློ་ཚད་འགོག་ཁབ་འདི་ངེས་པར་དུ་འདེམས་དགོས། མིག་སྔར་བཀོལ་སྤྱོད་བྱེད་བཞིན་པའི་གློ་ཚད་འགོག་ཁབ་ལ། ཚད་རིམས་བདུན་ཅན་གྱི་གློ་ཚད་ཟླུམ་སྲིན་དང་ཟུང་འབྲེལ་བྱས་པའི་གློ་ཚད་འགོག་ཁབ་དང་། ཚད་རིམས་ཉེར་གསུམ་ཅན་གྱི་གློ་ཚད་ཟླུམ་སྲིན་སྣ་འདུས་མངར་ཆའི་འགོག་ཁབ་གཉིས་ཡོད།

ཚད་རིམས་བདུན་ཅན་གྱི་གློ་ཚད་ཟླུམ་སྲིན་འགོག་ཁབ་ནི་ལོ་གཉིས་མན་ཆད་ཀྱི་བྱིས་པ་ཚོར་རྒྱག་དགོས་ལ། མིག་སྔར་ལོ་གཉིས་མན་ཆད་ཀྱི་བྱིས་པ་ཚོར་འཕྲོད་པའི་གློ་ཚད་ཟླུམ་སྲིན་འགོག་ཁབ་གཅིག་པུའང་ཡིན། 

ཚད་རིམས་ཉེར་གསུམ་ཅན་གྱི་གློ་ཚད་ཟླུམ་སྲིན་སྣ་འདུས་མངར་ཆའི་འགོག་ཁབ་ནི། ལོ་གཉིས་ཡན་ཆད་ཀྱི་མི་རྣམས་ལ་བརྒྱབ་ཆོག  གློ་ཚད་ཟླུམ་སྲིན་འགོག་ཁབ་ནི་ག་དུས་ཡིན་ཡང་བརྒྱབ་ཆོག  འོན་ཀྱང་། གློ་ཚད་ཟླུམ་སྲིན་གྱི་ནད་རིགས་འདི་དགུན་དཔྱིད་གཉིས་ཀྱི་སྐབས་སུ་འཕར་བ་ཞིག་ཡིན། དེའི་རྐྱེན་གྱིས། རྒྱ་ཆེ་བའི་ནད་པ་རྣམས་ལ་གསལ་འདེབས་བྱེད་རྒྱུ་ཞིག་ལ། སྟོན་ཚུགས་པའི་དུས་སམ་ཡང་ན་དཔྱིད་མགོ་ཚུགས་སྐབས་འགོག་ཁབ་བརྒྱབ་ན་ལྷག་ཏུ་བཟང་། 

གློ་ཚད་ཟླུམ་སྲིན་འགོག་ཁབ་བརྒྱབ་རྗེས། ལོ་ལྔ་ནས་བཅུའི་ནང་དུ་ལུས་ཁམས་ལ་གློ་ཚད་ཟླུམ་སྲིན་རིགས་ནད་མགོ་བའི་ཚད་ཇེ་དམའ་རུ་འགྲོ་ངེས་ཡིན།  རིམས་འགོག་ནུས་ཤུགས་ཚད་ལྡན་ཡིན་པའི་མི་རྣམས་ལ། ཚད་རིམས་ཉེར་གསུམ་ཅན་གྱི་གློ་ཚད་ཟླུམ་སྲིན་འགོག་ཁབ་ཐེངས་གཅིག་བརྒྱབ་པས་ཆོག འོན་ཀྱང་། མཚེར་བ་གཤེགས་བཅོས་བྱེད་མྱོང་བའི་ནད་པ་རྣམས་ལ་མཚོན་ན། ལོ་ལྔ་རེའི་མཚམས་ནས་འགོག་ཁབ་ཐེངས་གཅིག་རེ་བརྒྱབ་ན་ལེགས།

ལོ་བཅུའི་མན་ཆད་ཀྱི་མཚེར་བ་གཤེགས་བཅོས་བྱེད་མྱོང་མཁན་གྱི་ནད་པའམ་ཡང་ན། ཕྲ་ཕུང་རང་བཞིན་གྱི་ཁྲག་ཤེད་ནད་ཡོད་པའི་བྱིས་པ་ཚོར་མཚོན་ན། ལོ་སོ་གསུམ་ནས་ལྔ་རེའི་ནང་དུ་འགོག་ཁབ་ཐེངས་རེ་བརྒྱབ་ན་བཟང་། སྤྱིར་བཏང་ཡིན་ན་འགོག་ཁབ་ཐེངས་གཉིས་ལ་བརྒྱབ་རྗེས་ཐེངས་གསུམ་པ་རྒྱག་མི་དགོས།   སྨན་རྫས་ཚང་མར་སྨན་ལོག་ཡོད་པས་། གློ་ཚད་འགོག་ཁབ་བརྒྱབ་རྗེས་རྒྱུན་མཐོང་གི་སྨན་ལོག་གང་འདྲ་འབྱུང་ཟེར་ན། 

རྒྱུན་ཏུ་ཏུའུ་སོ་བརྒྱད་ཡས་མས་ཀྱི་ཚ་དྲོད་རྒྱས་པ། དཔེར་ན། ལུས་ཤུགས་ཉམས་པ་དང་ནད་པ་ལ་ལར་སྨན་ཁབ་བརྒྱབ་ཤུལ་དུ་ན་ཟུག་སྐྱེ་བའམ། རྨ་དམར་པོ་འབུད་པ། ཚ་རྒྱས་པ། སྐྲངས་པ་སོགས་ཀྱི་སྣང་ཚུལ་འབྱུང་།  གལ་སྲིད་ཚབས་ཆེན་རང་བཞིན་གྱི་ཚོར་སྣང་འདི་བྱུང་ནའང་ཚང་མས་དེར་སེམས་ཁྲལ་བྱེད་མི་དགོས། གལ་ཏེ་གོང་གསལ་གྱི་ཚོར་སྣང་འདི་དག་གཟའ་འཁོར་གཅིག་གི་རྗེས་སུ་སྔར་བཞིན་མི་ཡལ་ན་མྱུར་དུ་སྨན་པར་སྟོན་དགོས།

ནད་པ་ལ་ལར་འགོག་ཁབ་མི་འཕྲོད། དཔེར་ན། འགོག་ཁབ་ནང་གི་སྨན་རྫས་ལ་ལ་ལུས་སྟེང་ལ་མི་མི་འཕྲོད་པའམ། ཡང་ན་སྦྲུམ་མ་དང་ནུ་མ་སྣུམ་གྱིས་བུད་མེད། གཞན་རྫས་འགྱུར་སྨན་སྣ་བཀོལ་མྱོང་བའི་ནད་པ་དང་རིམས་འགོག་རྫས་འགྱུར་སྨན་སྣ་བཀོལ་མྱོང་བའི་ནད་པ་རིགས་ལ་འགོག་ཁབ་འདི་མི་འཕྲོད་པ། ཚད་རིམས་ཉེར་གསུམ་ཅན་གྱི་གློ་ཚད་ཟླུམ་སྲིན་འགོག་ཁབ་ལོ་གཉིས་མན་ཆད་ཀྱི་བྱིས་པ་ཚོར་རྒྱག་མི་རུང་། 


མཉམ་སྤྱོད།