དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས“འབྲུབ་འགོག་འཆིང་ཐག”ལ་དམ་པོར་འཇུས་ནས“བདེ་འཇགས་རྩིག་པ”བརྟན་པོར་བསྐྲུན།

2024-05-28 15:13:33   |   2239

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་འབྲུབ་འགོག་གེགས་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་ཞིང་ཆེན་དང་ཁུལ་གྱི་འབྲུབ་འགོག་ཐན་འགོག་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་སྒོས། “དུས་དང་རྣམ་པ་ཀུན་ཏུ་སྣང་ཆུང་བྱེད་མི་ཐུབ་པའི”འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་ཆེ་བའི་བསམ་པ་བཅས་ཀྱི་ཐོག་ནས་བཀོད་སྒྲིག་སྔོན་ལ་བྱེད་པ་དང་། ཉེན་ཁ་སྔོན་ལ་འཇོག་པ། ཉེན་སེལ་སྔོན་ལ་བྱེད་པ་བཅས་མཐའ་འཁྱོངས་བྱས་ཐོག འབྲུབ་འགོག་ཐན་འགོག་གི་ལས་དོན་ཁག་ཏན་ཏིག་ངང་བསྒྲུབས།

མཐོ་ཚད་ནས་སྐུལ་འདེད་བཏང་སྟེ་འབྲུབ་འགོག་བདེ་འཇགས་ཀྱི་འགན་འཁྲིའི་འབྲེལ་ཐག་རྒྱུན་མཐུད་ངང་སྣུར་སྲིང་བྱས་ཡོད། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་འགན་འཁྲི་ནན་ཏན་དུ་བཏང་སྟེ་མཉམ་འགོག་མཉམ་བཅོས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་། འབྲུབ་འགོག་གེགས་སེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་འབྲུབ་འགོག་ལས་དོན་ཡག་པོར་བསྒྲུབ་པའི“རྩ་གནད”དང“བླ་སྲོག”ཏུ་བརྩིས་ནས། རྫོང་ཨུའི་རྒྱུན་ལས་ཨུ་ལྷན་དང་རྫོང་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ། རྫོང་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་བཅས་ཀྱིས་རྗེས་འདེད་སློབ་སྦྱོང་དང་རྒྱུན་དུ་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་པར་མ་ཟད། བདེ་འཇགས་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད། བདེ་འཇགས་འགོག་ཟོན་བཀོད་གཏོང་ཚོགས་འདུ་སོགས་ཆེད་དོན་ཚོགས་འདུ་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ནས་གཙོ་གནད་དུས་མཚམས་དང་ལྷུ་ཚིགས་གལ་ཆེན་གྱི་འབྲུབ་འགོག་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་། རྫོང་རིམ་པའི་འགོ་ཁྲིད་ཀྱིས1+10གཞི་རིམ་དང་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་དང་ཟུང་འབྲེལ་བྱས་ཤིང་། 《མདོ་ལ་རྫོང་འབྲུབ་འགོག་ཐན་འགོག་གི“རིམ་བཞིའི”འགན་ལེན་འགན་འཁྲིའི་ལམ་ལུགས་ཀྱི་ལས་དོན་ཇུས་གཞི》དང་། 《རྫོང་འབྲུབ་འགོག་ཐན་འགོག་བཀོད་འདོམས་ཁོངས་མིའི་སྡེ་ཚན་གྱིས་ཡུག་བགོས་འགན་གཙང་ལེན་གྱི་འགན་འཁྲི་ཁུལ་ཁ་གསལ་བཟོ་བ་དང་དེ་བཞིན་འབྲུབ་འགོག་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་ཡིག་ཆ་བཟོས་ནས་བཏང་བ་དང་། བརྙན་ལམ་དང་ཁ་པར་སོགས་ཀྱི་རྣམ་པ་བརྒྱུད་ཡུལ་གྲོང་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་བཀོད་གཏོང་བྱས་ཏེ། ཡུལ་གྲོང་ཁོངས་གཏོགས་ཀྱི་འགན་འཁྲི་དང་ལས་རིགས་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་སྔར་བས་ནན་ཏན་དུ་བཏང་།

མཐིལ་རྟོགས་གྲལ་བཤེར་གཏིང་ཟབ་བྱས་ནས་འབྲུབ་འགོག་གི་བྱུར་རྐྱེན་ནུས་ཤུགས་ཡོད་རྒུས་ཡག་པོར་བསྲུངས། “འབྲུབ་ཆུ་ཆེན་པོ་སྔོན་འགོག་དང་། ཉེན་ཁ་ཆེན་པོ་སྔོན་འགོག གེགས་རྐྱེན་ཆེན་པོ་སེལ་བ”བཅས་ཀྱི་བླང་བྱ་གཞིར་བཟུང་། འབྲུབ་འགོག་སྟོབས་ཤུགས་དང་བྱེད་ཐབས་ཇེ་ལེགས་སུ་གཏོང་བ་དང་། སྡེ་ཚན་དབར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། འབྲུབ་འགོག་དང་འབྲུབ་ཆུ་གྲ་སྒྲིག་གི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ། རྫོང་ཁོངས་སུ་ཐོ་འགོད་དེབ་ཏུ་གནས་པ73(བཙུན་མོ་གཞོང་གྲོང་རྡལ་གྱི38དང་། རྫ་དམར་ཡུལ་ཚོའི22 འབྲོང་ལུང་ཡུལ་ཚོའི10 ཨ་རིག་ཡུལ་ཚོའི2 མཁར་དམར་གྲོང་རྡལ་གྱི1)བཅས་ཀྱི་ས་གཤིས་གནོད་འཚེའི་བྱུར་རྐྱེན་གནས་ལ“མ་ལུས་ཡོངས་ཁྱབ་རྣམ་པའི”སྐོར་ཞིབ་གྲལ་བཤེར་བྱས་པ་དང་། རིགས་དབྱེ་ནས་གྲལ་བཤེར་རྩིས་ཁྲ་བཟོས་པའི་ནང་ཁག28བཅོས་སྒྲིག་བྱས་པ་མ་ཟད། ས་གཤིས་གནོད་འཚེའི་བྱུར་རྐྱེན་གནས16ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག123བཅུག་ཅིང་། ཞིང་ཆེན་དང་ཁུལ། རྫོང་གིས་དུས་ཚོད24ཡི་ཉེན་ཟོན་ལྟ་ཞིབ་མཉམ་གཅིག་ཏུ་བྱེད་བཞིན་ཡོད་ལ། ཉེན་ཟོན་ཆ་འཕྲིན་དུས་ཚོད་ཕྱེད་ཀའི་ནང་ཐག་གཅོད་ཡར་ཞུ་འགྲུབ་པ་བྱས་ཡོད། འཕྲེད་ཕྱོགས་མཐའ་རུ་ཐུག་ཅིང་གཞུང་ཕྱོགས་མཐིལ་དུ་ཐུག་པའི་ཉེན་ཟོན་ལྟ་ཞིབ་ལམ་སྲོལ་བཙུགས་ཡོད། ཆུ་ལོག་གནོད་འཚེའི་ཉེན་ཟོན་ལས་སྟེགས་དང་། ཆར་བ་འབབ་ཚད་ས་ཚིགས32 བརྙན་ལམ་ཆུ་གནས་ས་ཚིགས4ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས། ཉེན་ཟོན་སྔོན་བརྡ་མ་ལག82ལ་སྲུང་སྐྱོང་བྱེད་བཞིན་ཡོད། སྔོན་དཔག་བྱས་ན་ཟླ5བའི་ཚེས20ཉིན་གྱི་གོང་དུ་ཚང་མ་ལེགས་གྲུབ་ཟིན་ནས་འཁོར་སྐྱོད་ཚད100%ལ་སླེབས་ཡོད། ཉེན་ཟོན་ཆ་འཕྲིན་བསྡུ་ལེན་བྱེད་མཁན་གྱི་མིང་ཐོ་གསར་སྒྱུར་དང་འཐུས་ཚང་དུ་བཏང་ནས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་གནད་ལ་འཁེལ་བའི་ངང་བསྐུར་ཐུབ་པ་དང་བསྡུ་ལེན་བྱེད་ཐུབ་པའི་འགན་ལེན་བྱས། 

གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་ནས་འབྲུབ་འགོག་གྲ་སྒྲིག་གི“བདེ་འཇགས་དྲ་བ”ནུས་ཤུགས་ཡོད་རྒུས་བཀོད་སྒྲིག་བྱས། མི་འདང་ས་ཞན་ཆ་ལ་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས“དངོས་ཟོག་གསོག་འཇོག་དང་། དྲིལ་སྒྲོག་ཁྲིད་སྟོན། འཕྲལ་སྡོམ་སྦྱོང་བརྡར”བཅས་ཀྱི་རང་འགུལ་དམག་འཐབ་ལེགས་པོར་བརྒྱབ། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་འཕྲལ་སྡོམ་སྣེ་ཁྲིད་དང་། ཡུལ་གྲོང་ཁག སྡེ་ཚན་ཁག་གིས་དུས་ཚོད24ཡི་ལས་རེས་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་འཕྲལ་སྡོམ་དང་ཆུ་བེད། རང་བྱུང་ཐོན་ཁུངས། མེ་གསོད་སོགས་སྡེ་ཚན་མང་པོའི་ཆ་འཕྲིན་མཉམ་འགུལ་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་། འཕྲལ་སྡོམ་ཐག་གཅོད་དང་ལྷག་པར་དུ་མི་སྣ་གཞན་སྤོར་ཉེན་གཡོལ་གྱི་བརྒྱུད་རིམ་ཞིབ་ཚགས་སུ་བཏང་། “བྱུར་རྐྱེན་གཅིག་ལ་གྱོད་དཔེ་གཅིག”གི་རྩིས་ཐོ་ལམ་སྲོལ་དོན་འཁྱོལ་བྱས། གཞི་རིམ་གྱི“གཅིག་ཚན་དྲུག”གི་འབྲུབ་འགོག་འཕྲལ་སྡོམ་ནུས་པ་བསྐྲུན་པ་དང་། ཁ་འགྲེམས་ལམ་ཐིག32 རིགས་ཁག་གི་ལེ་ལག་ཚང་བའི་འཕྲལ་སྡོམ་ཉེན་གཡོལ་གནས24བཀོད་སྒྲིག་བྱས་ཡོད། “སྔོན་དཔག་བཞི”ཡི་ལས་དོན་མངོན་དོད་ཀྱིས་བསྒྲུབས་ནས《མདོ་ལ་རྫོང་གི་འབྲུབ་འགོག་འཕྲལ་སྡོམ་སྔོན་ཇུས》དང་དེ་བཞིན་རྫོང་ཡོངས་ཀྱི་ཡུལ་གྲོང7དང་། སྲིད་འཛིན་སྡེ་བ45ཡི“ཤོག་ལྷེ་གཅིག”གི་ཆུ་ལོག་གནོད་འཚེ་སྔོན་འགོག་ཇུས་གཞི་བཟོས་ཤིང་འཐུས་ཚང་དུ་བཏང་། དངོས་ཟོག་འགན་སྲུང་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མ་དངུལ་སྒོར་ཁྲི120གྲབས་གསོག་བྱས་ཏེ་དམག་མི་རྐྱང་པའི་རོགས་སྐྱོབ་སྒྲིག་ཆས་དང་། འཕྲལ་སྡོམ་རོགས་སྐྱོབ་རླངས་འཁོར་སོགས་འཕྲལ་སྡོམ་དངོས་ཟོག་ཉོ་སྒྲུབ་བྱས་ཡོད། རྫོང་རིམ་པ་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་གི་རིགས་དང་གྲངས་འབོར་སྔར་བས་ཇེ་མང་དུ་བཏང་བ་དང་འབྲེལ་མཁར་དམར་གྲོང་རྡལ་དང་། མུ་རི་གྲོང་རྡལ། ཨ་རིག་ཡུལ་ཚོ། རྫ་དམར་ཡུལ་ཚོ། འབྲོང་ལུང་ཡུལ་ཚོ། གཡང་ལུང་ཡུལ་ཚོ་བཅས་སུ་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ས་ཚིགས་བཙུགས་ཤིང་། རྫོང་རིམ་པའི་འཕྲལ་སྡོམ་དངོས་ཟོག་མཛོད་ནས་རས་གུར་དང་། མལ་ཁྲི། སྲིང་བལ་ལྭ་རིང་སོགས2600གཏོང་འགྲེམ་བྱས།


མཉམ་སྤྱོད།