དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་འདབ་ཆགས་ཀྱི“རུས་ཡིག”ཐོག་མར་བཟོས་པ།

2024-05-29 08:48:52   |   828

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་ལེན་མཐར་ཕྱིན་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་། མདའ་བཞི་རྫོང་གི་འདབ་ཆགས་གཙོ་བོར་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དང་ཁྱུ་ཚོགས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ། སྲོག་ཆགས་ཀྱི་སྣ་མང་རང་བཞིན་དང་འགུལ་སྐྱོད་ཆོས་ཉིད་ལ་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་སྔར་ལས་བཟང་པོ་བྱེད་ཆེད། མདའ་བཞི་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་འདབ་ཆགས་མཐུན་ཚོགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་དང་མཉམ་དུ་རྒྱུན་གཏན་གྱི་མིས་བཟོས་སྐོར་ཞིབ་ལྟ་ཞིབ་ཚད་ལེན་དང་། ཕྱི་རོལ་དམར་ཕྱིའི་པར་ཆས་ལྟ་ཞིབ་ཚད་ལེན་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་མདའ་བཞི་རྫོང་གི་རི་སྐྱེས་སྲོག་ཆགས་ཀྱི་ཆ་འཕྲིན་ཁྱོན་ཡོངས་ནས་རྒྱུས་ལོན་གསལ་བོ་བྱས། 

ལྟ་ཞིབ་ཚད་ལེན་བྱེད་པའི་བརྒྱུད་རིམ་ཁྲོད། ཆེད་ལས་ལག་རྩལ་མི་སྣས་ཚན་རིག་རང་བཞིན་དང་བཀོལ་སྤྱོད་རང་བཞིན། བདེ་འཇགས་རང་བཞིན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་དམར་ཕྱིའི་པར་ཆས་ཀྱི་ལྟ་ཞིབ་ཚད་ལེན་ལག་རྩལ་དང་ཐད་ཀར་གྲངས་བགྲང་ཐབས། ཐིག་དཔེའི་བྱེད་ཐབས། ཚེག་དཔེའི་བྱེད་ཐབས། འཚོལ་བཤེར་བྱེད་ཐབས་སོགས་སྤྱད་ནས་རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་བརྒྱུད་ལམ་དང་ཟས་འཚོལ་ས། དེ་བཞིན་འགུལ་སྐྱོད་ཅུང་མང་བའི་ས་ཁུལ་བཅས་སུ་གཙོ་གནད་དུ་འདེམས་ནས་གྲངས་འབོར་སྡོམ་རྩིས་བྱས་པ་ཡིན་ལ། གཙོ་བོ་འདབ་ཆགས་རིགས་དང་རི་སྐྱེས་འོ་འཐུང་སྲོག་ཆགས་ཀྱི་ཁྱབ་ཁོངས་འགྱུར་ལྡོག་དང་ཁྱུ་ཚོགས་ཀྱི་འགུལ་རྣམ་འགྱུར་ལྡོག འཚོ་སྡོད་ཁུལ་གྱི་སྐྱེ་ཁམས་འགྱུར་ལྡོག སྲུང་སྐྱོང་རིམ་པ་དང་དེ་བཞིན་འཇིགས་སྐུལ་རྒྱུ་རྐྱེན་གཙོ་བོ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས། 

01.jpg

ཞིབ་དཔྱད་ཚད་ལེན་དང་དབྱེ་ཞིབ་བྱས་པ་བརྒྱུད། མདའ་བཞི་རྫོང་གིས་འདབ་ཆགས་རིགས་ཚོགས10དང་ཚན་ཁག22དང་རིགས55དང་། འདབ་ཆགས859ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། འདབ་ཆགས་རིགས55ཡི་འཚོ་སྡོད་བྱེད་སའི་ས་ཁུལ་ལྟར་རྣམ་པ་དབྱེ་ཡོད་པ་དེའི་ནང་དབྱར་དུས་ཀྱི་དུས་བྱ་རིགས22དང་། སྡོད་བྱ་རིགས21དང་ཡུལ་སྐོར་བྱ་རིགས9དང་། དགུན་ཁའི་དུས་བྱ3བཅས་ཡོད་པ་རེད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རིགས2ཡོད་པ་སྟེ། ཁྲུང་ཁྲུང་སྐེ་ནག་དང་གླག་ཡིན། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས10ཡོད་པ་སྟེ། ངང་པ་དང་ཆུ་བྱ་ནག་པོ། ཁྲུང་ཁྲུང་སྐེ་ནག མཐིང་རིལ། བྱ་རྒོད་སོགས་ཡོད། དེ་དང་ཆབས་ཅིག་རི་སྐྱེས་འོ་འཐུང་སྲོག་ཆགས་ཀྱི་རིགས3དང་ཚན་ཁག5རིགས6དང་། སྲོག་ཆགས231ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས1ཡོད་པ་དེ་ནི་གཙོད་ཡིན་པ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས་གཉིས་ཡོད་པ་སྟེ། གནའ་བ་དང་ཤྭ་བ་ཡིན།

02.png

ཐེངས་འདིའི་ལྟ་ཞིབ་ཚད་ལེན་ལས་དོན་གྱིས་མདའ་བཞི་རྫོང་གི་འདབ་ཆགས་རིགས་དང་ཁྱུ་ཚོགས། འཚོ་སྡོད་ཁུལ་གྱི་གནས་ཚུལ་སོགས་རྨང་གཞིའི་གྲངས་གཞི་ཁ་གསབ་དང་འཐུས་ཚང་དུ་བཏང་བ་དང་། མདའ་བཞི་རྫོང་གི་འདབ་ཆགས་ཐོན་ཁུངས་སྔར་བས་གསལ་པོ་ཤེས་པ་དང་། འདབ་ཆགས་ཁྱིམ་རྒྱུད་ཀྱི་རུས་ཡིག་བཟོས་ནས་ས་གནས་དེ་གའི་འདབ་ཆགས་ཐོན་ཁུངས་ཀྱི་གྲངས་གཞི་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་མདའ་བཞི་རྫོང་གི་འདབ་ཆགས་ཐོན་ཁུངས་ཀྱི་གནས་ཚུལ་ལ་དཔྱད་དཔོག་ཡང་དག་བྱ་ཆེད་ནུས་ལྡན་གྱི་གྲངས་གཞི་མཁོ་འདོན་བྱས་ཡོད་པ་རེད།

03.jpg

རྗེས་ཕྱོགས། མདའ་བཞི་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་གྱི་ལག་རྩལ་སྒྲིག་སྲོལ་གྱི་བླང་བྱ་གཞིར་བཟུང་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་ཉེན་བརྡ་བྱང་བུ་བསྒྲུབས་ནས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁུལ་ལ་གཏོར་བརླག་ཉུང་དུ་གཏོང་བ། དཔྱིད་སྟོན་དུས་ཚིགས་གཉིས་ཀྱི་གནས་སྤོ་འདབ་ཆགས་ལྟ་ཞིབ་ཚད་ལེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ།  མདའ་བཞིའི་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་ལས་དོན་ཚད་ལྡན་ཅན་དུ་འགྱུར་བར་འགན་ལེན་བྱ་རྒྱུ་རེད།


མཉམ་སྤྱོད།