དེ་རིང་ནི2024ལོའི་ཟླ11པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཧྲན་ཏུང་ཞིང་ཆེན་གྱི་ཞིང་ཨུའི་ཧྲུའུ་ཅི་ལིན་ཝུའུ་དང་མཇལ་འཛོམས་གནང་།

2024-06-03 10:28:45   |   2297

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས2ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་དེ་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱི་ཧྲན་ཏུང་ཐོག་ཁང་ཆེན་མོར་ཧྲན་ཏུང་ཞིང་ཨུའི་ཧྲུའུ་ཅི་ལིན་ཝུའུ་དང་མཇལ་འཛོམས་གནང་།

1.jpg

ལིན་ཝུའུ་ཡིས་མཚོ་བྱང་གི་འཐུས་མི་ཚོགས་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ལིན་ཝུའུ་ཡིས་མིག་སྔར་ཧྲན་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་པ་དང་། “མདུན་དུ་སྐྱོད་པ་དང་གདུང་མ་ཆེན་པོ་འདེགས་པའི”འགན་འཁྲི་འཁུར་སེམས་བརྟན་པོ་བཅིངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་གནད་ལ་འཁེལ་བའི་སྒོ་ནས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་བསྐྲུན་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ལ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་དབྱེ་བའི་མཐོ་ས་གསར་པ་བསྐྲུན། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དམ་འཛིན་བྱས་ཏེ། ནུས་ཁུངས་བརྗེ་སྒྱུར་དང་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་སྒྲིག་ཆས་མང་པོ་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་བ་གསར་པར་བརྗེ་བ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་དང་། རྨང་གཞི་སྲ་བརྟན་དང་ཇེ་ལེགས་ཇེ་རྒྱས་སུ་འགྲོ་བཞིན་ཡོད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཧྲན་ཏུང་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད།

2.jpg

ལིན་ཝུའུ་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཧྲན་ཏུང་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཁ་གཏད་མཚོ་སྐྱོར་ལས་དོན་དེ་རང་གི་འགན་འཁྲི་ཞིག་དང་འོས་འགན་ཞིག་ཏུ་བརྩིས་ནས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། མ་འོངས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཐོན་ལས་འཕེལ་རྒྱས་དང་། རིག་སྟོབས་རོགས་སྐྱོར། དམངས་འཚོ་ལེགས་གཏོང་སོགས་ཀྱི་རོགས་སྐྲུན་རྣམ་གྲངས་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་དེ་བས་ཡག་པོ་བསྒྲུབ་རྒྱུ་ཡིན། ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་འགན་འཁྲི་དང་འོས་འགན་བློ་ལ་བརྟན་པོར་ངེས་ནས་ནན་ཏན་གྱིས་རང་འགན་གཙང་སྒྲུབ་བྱས་ཏེ་མཚོ་སྐྱོར་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད།

3.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་བསྟན་དོན། ཧྲན་ཏུང་ཞིང་ཆེན་གྱིས་མཚོ་བྱང་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལྷག་བསམ་ཟོལ་མེད། དངོས་འཛིན་དངོས་སྒྲུབ་བཅས་ཀྱི་ཀུན་སློང་གིས་མཚོ་བྱང་འཕེལ་རྒྱས་གཏོང་བར་ནུས་པ་བཏོན་པ་དང་། སྟོབས་ཤུགས་སྦྱིན་པ། ཕན་འབྲས་ཐོན་པར་བྱས་ཡོད། ལྷག་པར་དུ“ལྔ་བཅུ་བཞི”ཚུན་དུ་ཧྲན་ཏུང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“མཚོ་བྱང་ལ་མཁོ་ན། ཧྲན་ཏུང་གིས་སྤྲོད་ངེས་”ཞེས་པ་མུ་མཐུད་རྒྱུན་འཛིན་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་རོགས་སྐྱོར་མཉམ་ལས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་ཡོད། མཚོ་བྱང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་མཛུབ་ཁྲིད་འོག་གསར་གཏོད་ལ་སྔར་བས་ཤུགས་སྣོན་དང་། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྤྱོད་ཚུལ་འགྱུར་ལྡོག་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཧྲན་ཏུང་གིས་ཐོན་ལས་དང་། དམངས་འཚོ། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྤེལ་རེས་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མཛེས་སྡུག་ལྡན་པའི་མཚོ་བྱང་གསར་པ་འཛུགས་སྐྲུན་བྱེད་རོགས་བྱ་རྒྱུའི་རེ་བ་སྙིང་ནས་ཞུ།

ཧྲན་ཏུང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཧྥན་ཅིན་པོ་དང་ཧྲེང་ཀྲང་གཞོན་པ་ཁྲེན་ཕིང་ཚོགས་འདུར་ཞུགས། 

ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པའམ་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པའི་རུ་དཔོན། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཆེ་ཝང་ཡུང་ཁྲང་། ཁུལ་ཀྲང་གཞོན་པ་མཱ་རུའུ་ཞང་བཅས་དང་དེ་བཞིན་ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་མཉམ་དུ་ཕེབས་ཡོད་པ་རེད།


མཉམ་སྤྱོད།