དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིག་ཚོ་པའི་འབྲོག་པའི་རིག་གནས་འཚོ་བའི་ཉམས་ལེན་རྟེན་གཞི་དེ་རྒྱལ་ཡོངས་ཀྱི་སྒེར་འཁོར་གནས་སྐོར་སྒར་ས་ཁག་བཞི་པའི་མིང་ཐོའི་ནང་ཚུད་པ།

2024-06-06 11:11:11   |   212

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6ཚེས3ཉིན། རྒྱལ་ཡོངས་ཀྱི་སྒེར་འཁོར་དང་གནས་སྐོར་རླངས་འཁོར5Cདང4Cརིམ་པའི་སྒར་ས་ཁག་བཞི་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྒར་ས་གཉིས་བདམས་ཡོད།

ད་ཐེངས་རྒྱལ་ཡོངས་ཀྱི་སྒེར་འཁོར་དང་གནས་སྐོར་རླངས་འཁོར4Cརིམ་པའི་སྒར་ས་ཁག་བཞི་པའི་མིང་ཐོའི་ནང་ཚུད་པ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཚ་འདམ་ཆེ་བའི་འོད་བརྙན་གྲོང་གི་སྒེར་འཁོར་གནས་སྐོར་སྒར་ས་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨ་རིག་ཚོ་པའི་འབྲོག་པའི་རིག་གནས་འཚོ་བའི་ཉམས་ལེན་རྟེན་གཞི་གཉིས་ཡིན་པ་རེད།

རྒྱལ་ནང་གི་སྒེར་འཁོར་བཏང་ནས་གནས་སྐོར་དུ་སྐྱོད་པའི་གནས་སྐོར་བྱ་ཡུལ་གྱི་མིང་ཐོ་དང་སྒེར་འཁོར་བཏང་ནས་གནས་སྐོར་དུ་སྐྱོད་པའི་ལམ་ཐིག་འོས་སྦྱོར་མིང་ཐོའི་ཁྲོད་དུ། མཚོ་སྔོན་ནི་གནས་སྐོར་བས་ཐོག་མར་གནས་སྐོར་དུ་སྐྱོད་ས་གདམ་ག་བྱེད་ཡུལ་དུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་གནས་སྐོར་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། གནས་སྐོར་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཤུགས་ཆེན་བཏང་སྟེ། མཛེས་ལྗོངས་ལྟ་ན་སྡུག་པ་དང་ཁྱད་ཆོས་མངོན་གསལ་དོད་པ། ཉམས་ལེན་རང་བཞིན་ཆེ་བ། སྐུལ་ཁྲིད་རང་བཞིན་ཆེ་བ། བར་ཐག་འོས་འཚམ་བཅས་ཀྱི་སྐྱེ་ཁམས་གནས་སྐོར་གྱི་མཛེས་ལྗོངས་ལམ་ཐིག་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ནས། གནས་སྐོར་འགྲིམ་འགྲུལ་དྲ་བ་ལེགས་པོ་ཤར་གཏོང་བྱས་ཡོད། 

སྒེར་འཁོར་བཏང་ནས་གནས་སྐོར་དུ་འགྲོ་བ་ནི་རང་དབང་ཆེ་བ་དང་ཁྱད་གཤིས་ལྡན་པའི་གནས་སྐོར་བྱེད་སྟངས་ཤིག་ཡིན་པའི་ངོས་ནས་གནས་སྐོར་བས་དགའ་པོ་བྱེད་ཀྱི་ཡོད། ནུབ་རྒྱུད་ས་ཁུལ་གྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཀྱིས་ལམ་ཐག་རིང་པོའི་སྒེར་འཁོར་བཏང་ནས་གནས་སྐོར་དུ་ཡོང་མཁན80%ཡི་ཡིད་དབང་བཀུག་ཡོད། ཀན་སུའུ་དང་མཚོ་སྔོན་གྱི་སྐོར་ལམ་ཆེ་མོ་དེ་ས་ཁོངས་ནང་གི་གནས་སྐོར་དུ་སྐྱོད་མཁན་མང་ཤོས་ཀྱི་ལམ་ཐིག་རིང་པོའི་ཐོག་སྒེར་འཁོར་བཏང་ནས་གནས་སྐོར་དུ་འགྲོ་བའི་ལམ་ཐིག་གི་མིང་ཐོའི་ནང་ཡང་ཡང་ཚུད་ཡོད།

གནས་སྐོར་བར་དེ་བས་ཕུན་སུམ་ཚོགས་པའི་གནས་སྐོར་ཉམས་ལེན་ཡོད་ཆེད། མཚོ་སྔོན་གྱི་ས་གནས་ཁག་གི་རིག་གནས་གནས་སྐོར་སྡེ་ཁག་དང་གནས་སྐོར་ཁེ་ལས་ཀྱིས་མཚོ་ནུབ་སྐོར་ལམ་ཆེན་པོ་དང་། མཚོ་སྔོན་པོའི་སྐོར་ལམ། རྨ་ཆུའི་བར་ཁྱམས་སྐོར་ལམ་སོགས་སྐྱེ་ཁམས་གནས་སྐོར་ལམ་ཐིག་རབ་དང་རིམ་པ་གཙོ་གནད་ཐོག་བཏོན་ཡོད་ལ། དེའི་ཁྲོད་ཐང་གཅོད་དང་ཁང་འཁོར་སོགས་ཉམས་ལེན་སྣ་ཚོགས་ཚུད་ཡོད་པ་དང་། གནས་སྐོར་ལམ་ཐིག་གིས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རི་ཀླུང་དང་ནགས་ཚལ། རྩྭ་ཐང་། ན་འདམ། ཐང་རྒོད་སོགས་སྐྱེ་ཁམས་མཛེས་ལྗོངས་འགྲེམས་སྟོན་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་་མཛེས་ལྗོངས་མངོན་པར་བྱས་ཡོད། སྒེར་འཁོར་བཏང་ནས་གནས་སྐོར་བྱེད་པའི་རྨང་གཞིའི་སྒྲིག་བཀོད་མུ་མཐུད་འཐུས་ཚང་དང་སྒེར་འཁོར་བཏང་ནས་གནས་སྐོར་བྱེད་པའི་ལམ་ཐིག་མུ་མཐུད་རིམ་སྤོར་བྱས་ནས། ཞིང་ཆེན་ཕྱི་ནང་གི་སྒེར་འཁོར་བཏང་ནས་གནས་སྐོར་བྱེད་མཁན་རིགས་ཚོགས་ཀྱི་དགའ་བསུ་ཐོབ་པར་གྲ་སྒྲིག་བྱས་ཡོད།


མཉམ་སྤྱོད།