དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-07 06:50:39   |   232

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ6པའི་ཚེས6ཉིན། ཀྲུང་གོ་དང་ཁེར་གྷི་སི་ཐན།(吉尔吉斯斯坦) དེ་ནས་ཨུ་ཟ་བྷེ་ཁི་སི་ཐན(乌兹别克斯坦)བར་གྱི་ལྕགས་ལམ་རྣམ་གྲངས་ཀྱི་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་བར་གྱི་གྲོས་ཆོད་ལ་མིང་རྟགས་འགོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་ཡུའེ་ཡེ་ཧྥུའུ་བཅས་ཀྱིས་བརྙན་ལམ་ཐོག་ནས་གྲོས་མཐུན་ལ་མིང་རྟགས་བཀོད་པར་རྟེན་འབྲེལ་ཞུས།

  • ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཁེན་ཨེན་སློབ་ཆེན་གྱི་སློབ་གཙོ་ལཱ་མོང·ལེ་པོ་ལེ་ཐེ་ལ་འཕྲིན་ལན་བསྐུར་ནས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀའི་མཐོ་རིམ་སློབ་ཆེན་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་ལྕག་བྱས་ཏེ། ཀྲུང་ཨའི་མཛའ་མཐུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་གསུང་ཡོད།

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་2024ལོའི་གཙོ་གནད་ལས་འགན་》པར་འགྲེམས་བྱས།

  • དེ་རིང་། རྒྱུགས་སྤྲོད་སློབ་མ་ཁྲི་1342རྒྱུགས་རར་ཕྱིན་ནས། 2024ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ནང་ཞུགས་རྒྱུ་རེད།

  • མིག་སྔར། རྒྱལ་ཡོངས་ས་གནས་ཁག་གི་དགུན་གྲོ་མུའུ་དུང་ཕྱུར་1.9བསྡུས་པ་དང་བསྡུ་ཚད་57%ལ་ཐོན་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཚོད་ལྟ་ཁུལ་དྲུག་ཏུ་རླུང་གློག་དང་འོད་ཤུགས་གློག་གཏོང་གི་ཐོན་ཁུངས་ལ་ཁྱབ་བཤེར་བྱ་རྒྱུ་རེད།

  • ཚེས6ཉིན། ཁྲང་ཨི་ཨང་རྟགས་དྲུག་པའི་ཡར་འཕགས་འཕྲུལ་ཆས་དང་། འཁོར་ལམ་འཕྲུལ་ཆས། ཕྱིར་ལོག་ཡོ་བྱད་བཅས་ཀྱི་མཉམ་སྒྲིག་གཟུགས་ཀྱིས་ཟླ་བའི་གོ་ལའི་འཁོར་ལམ་ནས་སྦྲེལ་མཐུད་ལེགས་འགྲུབ་བྱུང་བ་དང་། དེ་ནས་ཟླ་བའི་གོ་ལའི་མ་དཔེའི་སྣོད་ཆས་དེ་བདེ་འཇགས་ངང་ཕྱིར་ལོག་ཡོ་བྱད་དུ་སྤོ་སྒྱུར་བྱས་པ་རེད།

02.jpg

  • ཚེས6ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་ཀུའུ་ཧྲེན་སྲུང་སྐར་ཨང་རྟགས་དང་པོའི་ཚོང་ལས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། སྲུང་སྐར་TEE-01Bཡར་འཕེན་གཏོང་ཐུབ་པ་དང་། ད་ཐེངས་ཀྱི་ལས་འགན་ནང་ད་དུང་ནཱ་ཤིན་ཨང་རྟགས་གསུམ་པའི་སྲུང་སྐར་Aདང་སྲུང་སྐར་Bབཞག་ནས་འཕེན་གཏོང་བྱས་ཡོད།

  • ས་གནས་དེ་གའི་དུས་ཚོད་ཚེས6ཉིན། ཡོ་རོབ་ཀྲུང་དབྱང་དངུལ་ཁང་གིས་སྐྱེད་ཀའི་ཚད་གཞི་25གཅོག་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཚོགས།

  • ཚེས8ནས་ཚེས14ཉིན་བར། བྱང་ཕྱོགས་ཀྱི་ད་ལོ་དྲོད་ཚད་མཐོ་ཤོས་ཀྱི་གནམ་གཤིས་ཐོན་རྒྱུ་ཡིན་པ་དང་། ཧྭ་བྱང་དང་ཧོང་ཧོའེ་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མཐོ་ཤོས་40℃ལས་བརྒལ་རྒྱུ་རེད།

  • ནོར་སྲིད་པུས་བརྡ་ཐོ་བཏང་ནས། ཚེས14ཉིན། 2024ལོའི་ལོ་50ཡི་རིང་གི་དུས་ཡུན་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམས་སྤེལ་བྱ་རྒྱུ་རེད།

  • རང་བྱུང་ཐོན་ཁུངས་པུས་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། 2023ལོའི་བར་དུ། རྒྱལ་ཡོངས་སུ་མཚོ་ཆུ་ཚྭ་མེད་བཟོ་བའི་ལས་གྲྭ་156ཡོད་པ་དང་། ལས་གྲྭའི་གཞི་ཁྱོན་ཉིན་རེར་ཏུན་ཁྲི་252ལས་བརྒལ་ཡོད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་དུ། རླངས་འཁོར་བེད་མེད་གསར་སྒྱུར་གྱི་ཁ་གསབ་རེ་ཞུ་བྱེད་ཚད་ཁྲི་4ལས་བརྒལ་ཡོད།

  • ཚེས6ཉིན། ཧྲའན་ཞི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་རིན་གཞོན་པ་ལི་ཅིན་ཀྲུའུ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་པ་དང་། ལི་ཅིན་ཀྲུའུ་ཡིས་ལྐོག་རྔན་སྒོར་དུང་ཕྱུར་4.32བླངས་པར་ཞུ་གཏུག་བྱས་པ་རེད།

  • ཚེས20ཉིན་ནས་བཟུང་། ལྕགས་ལམ་སྡེ་ཚན་གྱིས་པེ་ཅིང་ནས་ཀོང་ཏུང་དང་། ཧྲང་ཧའེ་ནས་ཁུན་མིང་། ཀུའེ་ཀྲོའུ་ནས་ནན་ཅིན་བར་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཐོག“སྒྲ་མེད་འཁོར་སྒྲོམ”ཞབས་ཞུ་མཁོ་འདོན་བྱེད་པའི་ཤུགས་འགྲེམས་མེ་འཁོར་20གསར་དུ་བསྣན་ཡོད།

  • ཚེས5ཉིན། འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་མུའུ་ཉི་ཧེ་ས་ཚིགས་ཀྱི་སྐྱེས་པའི་སྨི་25ཡི་མེ་མདའ་མྱུར་འཕེན་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད། ཀྲུང་གོའི་འགྲན་ཞུགས་པ་ལི་ཡུའེ་ཧུང་གིས་གསེར་གྱི་རྟགས་མ་བླངས།

03.jpg

  • ཚེས6ཉིན། འགྲུལ་སྐྱེལ་ཟོག་སྒྱུར་རྣམ་པའི་ARJ21གནམ་གྲུ་ཐོག་མ་ཚོང་ལས་འཕུར་སྐྱོད་ཐེངས་དང་པོ་ལེགས་འགྲུབ་བྱུང་།

04.jpg

  • ཡུན་ནན་ནས་འབུ་ཕྲའི(真菌)སྐྱེ་དངོས་རིགས་གསར་པ་ཆེ་གྲས་ཤིག་ཤེས་རྟོགས་བྱུང་བ་དང་། དེར“ཡུང་ཕིང་པགས་གདུགས”(永平囊皮伞)ཞེས་མིང་བཏགས།

སྲིད་ཇུས།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས། འཛད་སྤྱོད་པས་ཚོང་ཟོག་དང་ཞབས་ཞུའི་ཆ་འཕྲིན་གནས་ཚུལ་རྒྱུས་ལོན་བྱས་མེད་པར། སྔོན་སྤྲོད་དངུལ་སྤྲད་རྗེས་ཀྱི་ཉིན་7ནང་ཚུན་དུ་དོན་མེད་དུ་གཏོང་དངུལ་ཕྱིར་སློག་བྱ་རྒྱུའི་རེ་ཞུ་བྱེད་ཆོག་ཅེས་བསྟན་ཡོད།

  • ཧྥུའུ་ཅན་གྱིས་ཧྥུའུ་ཅན་དུ་ཡོད་པའི་ཐའེ་ཝན་སྤུན་ཟླས་གནས་སྡོད་ལག་ཁྱེར་ལ་བརྟེན་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཆོག་པ་གསལ་བོར་བཏོན།

  • ཧྲང་ཧའེ་ཡིས་བྱེད་ཐབས་བཏོན་ནས་མཁའ་ཐོག་ནས་ཞིང་ལས་ཐོན་རྫས་སོས་པ་སྐྱེལ་འདྲེན་བྱེད་པའི“ལྗང་མདོག་བགྲོད་ལམ་”བཙུགས་ཏེ། ཞིང་ལས་ཐོན་རྫས་སོས་པར་ཆུ་ཚོད་7x24ཡི་ཞིབ་བཤེར་རེ་ཞུ་བྱས་ཆོག

དེ་རིང་གི་གནམ་གཤིས།

05.jpg

  • ནང་སོག་གི་དབུས་རྒྱུད་དང་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ལིའོ་ཉིང་གི་ནུབ་རྒྱུད། ཧྲན་ཞིའི་ནུབ་བྱང་རྒྱུད། ཧོ་པེ་ཡི་ས་ཆ་མང་ཆེ་བ་དང་། པེ་ཅིང་། ཐེན་ཅིན། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ཧྭ་ནན་གྱི་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་ཧོ་པེའི་ནུབ་བྱང་རྒྱུད་དང་། སི་ཁྲོན་གཤོང་སའི་ཤར་ལྷོའི་རྒྱུད། ཁྲུང་ཆིང་གི་ནུབ་རྒྱུད། ཀུའེ་ཀྲོའུ་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།