དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-17 07:10:56   |   1291

སྒྲིག་སྒྱུར། ཀླུ་མོ་མཚོ།    ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།  

  • ཞིང་ལས་དང་གྲོང་གསེབ་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ཚེས15ཉིན་བར་རྒྱལ་ཡོངས་སུ་དགུན་གྲོ་མུའུ་དུང་ཕྱུར3.1བསྡུས་ཟིན་པ་དང་བརྔ་བསྡུ་བྱེད་ཚད་བཅུ་ཆ་དགུ་ལས་བརྒལ་ཡོད་པ་རེད། 

  • རྒྱལ་ཁབ་ནུས་ཁུངས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོའི་དུས་མཇུག་བར་རང་རྒྱལ་གྱི་ནུས་ཁུངས་གསོག་འཇོག་འཕྲུལ་འཁོར་གསར་པའི་གློག་འདོན་ཚད་སྟོང་ཝ་ཁྲི3500ལས་བརྒལ་བ་དེ་2023ལོའི་ལོ་མཇུག་དང་བསྡུར་ན12%ལྷག་ཙམ་འཕར་ཡོད་པ་རེད། 

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར25782.5ཡིན་པ་དང་། ཆུ་མཛོད་ཆེ་འབྲིང་གི་ཆུ་གསོག་སྤྱིའི་ཆ་ནས་མང་དུ་ཕྱིན་ནས་མཚེའུ་ཡི་ཆུ་གསོག་བལྟོས་བཅས་ཀྱིས་བརྟན་པོ་ཡོད་པ་རེད། 

  • བསྡོམས་རྩིས་གསར་ཤོས་ལས་མངོན་པར། ཟླ་ལྔ་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་འཆར་འགོད་དུ་ནུས་ཆེའི་རྩིས་འཁོར་ཁྱུ་ཚོགས་ལྡན་པའི་རིག་རྩིས་ལྟེ་གནས་བཅུ་ལྷག་ཡོད་པ་རེད། 

  • 2024ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པའི་ལས་རིགས་ཐོབ་ཐང་ཡིག་རྒྱུགས་ཀྱི་མིང་ཐོ་འགོད་མཁན་མི་གྲངས་ཁྲི188.ཡོད་པ་དེ2023ལོ་ལས26%འཕར་ཡོད། 

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་རང་རྒྱལ་གྱི་བཅོས་སྐྱོང་ཐུབ་པའི་བྱེ་འགྱུར་ས་ཆའི53%བཅོས་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད། 

  • རྒྱལ་ཁབ་སྨན་སྐྱོབ་ཅུས་ཉེ་ཆར《ཐོན་ལས་ཚན་རིག་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་འཛུགས་པའི་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》དཔར་འགྲེམ་བྱས་ནས། ས་གནས་ཁག་གི་སྔར་ཡོད་ཀྱི་ཐོན་ལས་ཚན་རིག་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་ཁག30ལ་བསྡུ་སྒྲིལ་བྱས་ཏེ། བུ་བཙའི་ཞབས་ཞུ་རིམ་སྤོར་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། 

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་ལྔ་པར་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ཐེངས་གྲངས1724བཏང་བ་དང་། དངོས་ཟོག་ཚད་ལྡན་སྒམ་ཁྲི18.6སྐྱེལ་འདྲེན་བྱས་པ་དེ་སོ་སོར་དུས་མཚུངས་ལས14%དང13%འཕར་ནས། ཟླ་རེར་སྐྱེལ་འདྲེན་བྱེད་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། 

    9d425e767eb30efd3eaa1a0f659e16c.jpg

  • ཚེས16ཉིན། འཛམ་གླིང་བུད་མེད་ཕའེ་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ཀྲུང་གོའི་ཞང་ཀང་ས་ཚིགས་ཀྱི་འགྲན་བསྡུར་ཁྲོད། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གིས་བསྡུར་གྲངས3བསྡུར0ཡིས་ཕོ་ལན་གྱི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་ཕམ་པར་བརྒྱབ་ནས། བསྟུད་མར་ཐེངས་བཞི་ལ་རྒྱལ་ཁ་ཐོབ་པ་རེད། 

    0f7635d4a6233b85a9dbbd699d83262.jpg

  • ཚེས16ཉིན་ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་གཟིངས”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྱིས་ཀྲེ་ཅང་ཀྲོའུ་ཧྲན(舟山)གྱི་དམག་དོན་གྲུ་ཁ་ཞིག་ནས་གྲུ་ཐག་བཀྲོལ་ནས། “ཞི་མཐུན་འགན་འཁྲི—2024”ཡི་ལས་འགན་སྒྲུབ་ཀྱི་ཡོད། 

    སྤྱི་ཚོགས།

13156ad82e1b23595c78fb82be0aa70.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་ཚེས16ཉིན་་ཆུ་ལོག་གནོད་འཚེའི་དམར་པོའི་གནམ་གཤིས་སྔོན་བརྡ་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པ་ལྟར་ན། ཚེས16ཉིན་ནས་ཚེས17ཉིན་གྱི་ཆུ་ཚོད20བར་ཀྲེ་ཅང་ལྷོ་ནུབ་རྒྱུད་དང་ཧྥུ་ཅན་བྱང་རྒྱུད། ཀོང་ཞི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཡོད་པ་རེད།

  •  སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་སྒོ་དབྱེའི་སློབ་ཆེན་གྱི་ཚེ་གང་སློབ་གསོའི་ལས་སྟེགས2022ལོའི་ཟླ5པར་དྲ་ཐོག་ཏུ་སྤྱོད་མགོ་བརྩམས་ཚུན། ཁྱོན་མི་ཐེངས་ཁྲི6000ཙམ་ལ་ཞབས་འདེགས་ཞུས་ཡོད། 

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ཨུ་དང་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

    6b227887af3922027ddb5ca9b9a506c.jpg

  •  ལོ་བདུན་རིང་འཛུགས་སྐྲུན་བྱས་པ་བརྒྱུད། ཧྲེན་ཀྲུང་བགྲོད་ལམ(深中通道)དེ་ཚེས16ཉིན་རྩིས་སྤྲོད་རྩིས་ལེན་བྱས་པ་རེད།

  •  ཚེས15ཉིན་པེ་ཅིང་དང་ཤང་ཀང་དང་། ཧྲང་ཧའེ་དང་ཤང་ཀང་དབར་མྱུར་བགྲོད་ལྕགས་ལམ་གྱི་ཤུགས་འགྲེམ་མེ་འཁོར་ཐོག་མར་བཏང་བ་དང་། པེ་ཅིང་དང་ཤང་ཀང་དང་། ཧྲང་ཧའེ་དང་ཤང་ཀང་དབར་ཞག་གཅིག་རིང་སླེབས་ཐུབ་པ་མངོན་འགྱུར་བྱུང་ཡོད། 

    cc3f0d2cc7a0632bde3c7e01899cb1f.jpg

  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་ཉིན་ཤས་གོང་ཆར་དུས་ཀྱི་རྫོགས་ལྡན་དུས་ཚོད་དམ་འཛིན་བྱས་ནས། མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱས་པའི་གོ་ལ་ཧྲིལ་པོའི་ཉེན་ཁ་ཆེ་བའི་དངོས་རིགས་ཆའོ་ཅ་ཝུའུ་ཐང་ཤིང(巧家五针松)གི་རབས་གསུམ་པའི་མྱུ་གུ1000ཕྱི་རོལ་དུ་ཐོག་མར་སྤོ་འཛུགས་བྱས་པ་རེད། 

    faf354c28504c22f7dd0ab7cd8487d1.jpg

  • ཚེས15ཉིན་རྒྱལ་ཁབ་ཀྱི་ནོར་བུ་རིམ་པའི་རིག་དངོས་ཆུས་ཅུའུ(曲裾)སྲིང་བལ་གྱི་གྱོན་ཆས་ཐོན་རྫས་ཧུའུ་ནན་རྟེན་མཛོད་ཁང་དུ་ཐོག་མར་འགྲེམ་སྟོན་བྱས་པ་རེད།

  •  པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་གྱི“ཉིན་གཅིག་གནས་སྐོར”དང་བ་གླང་གིས་སྤ་སེ་ལོག་འཚོང་སོགས་གནས་སྐོར་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་བ་དང་། རིམ་རྩིས་བྱས་ན་ཉེས་དོན་བཀག་ཉར་བྱས་པའི་ཉེས་གསོག་དོགས་ཅན17དང་མི202སྲིད་འཛིན་བཀག་ཉར་བྱས་ཡོད། 

    640.gif

  • ཧུའུ་ནན་ཞང་ཐན་གྱི་ལོ5ལ་སླེབས་པའི་བུ་ཆུང་ཞིག་གཟབ་གཟབ་མ་བྱས་པར་ཆུ་ཡུར་དུ་ལྷུང་བས། ཉེན་ཁ་ཆེ་བའི་སྐབས་སུ་དམག་འཁྱུར་དམག་མི་ཞུང་སུང་ལིན་མྱུར་དུ་ཆུ་ནང་དུ་མཆོངས་ནས་བུ་ཆུང་དེ་བདེ་བླག་ངང་བསྐྱབས་པ་རེད། 

    སྲིད་ཇུས།

  • ཐེན་ཅིན་གྱིས་བྱེད་ཐབས་བཏོན་ནས་ཟླ7ཚེས1ཉིན་ནས་བཟུང་། ཁྲག་འབུལ་ཐེངས20ལས་བརྒལ་བའམ་ཡང་ན་རིམ་རྩིས་བྱས་ན་ཁྲག་འབུལ་ཚད་ཧའོ་ཧྲེང4000ལས་མང་བའི་རིན་མེད་ཁྲག་འབུལ་མཁན་གཞུང་བཙུགས་སྨན་ཁང་གི་སྤྱིར་བཏང་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་སྨན་བཅོས་ཀྱི་སྨན་རིན་རྩ་ཆག་བཏང་ཆོག

  • ཀོང་ཞིས་བརྡ་ཐོ་བཏང་ནས། རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་དབྱེ་འབྱེད་ཚད་གཞིའི་གཏན་འབེབས་དང་མཐུན་པའི་ཁེ་ལས་ཆུང་ཕྲན་ལ་གཏན་འཇགས་རྒྱུ་ནོར་ཐོ་འགོད་གྲོན་དངུལ་རྩ་ཆག་གཏོང་རྒྱུ་རེད། 

  • ཀོང་ཏུང་ཀོང་ཀྲོའུ་ཡིས་བསམ་འཆར་བསྡུ་ལེན་བྱས་ནས། སློབ་གྲྭས་སློབ་མས་ལག་ཐོགས་ཁ་པར་སོགས་རིག་ནུས་མཐའ་སྣེའི་ཐོན་རྫས་འཁྱེར་ནས་སློབ་གྲྭར་སྤྱོད་པའམ་ཡང་ན་སློབ་གྲྭར་སྤྱོད་རྒྱུ་གཏན་འགོག་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།

     དེ་རིང་གི་གནམ་གཤིས།

85587f6352ee87df512582b15075ca4.jpg

  • འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ལྷོ་རྒྱུད་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཧེ་ལུང་ཅང་གི་བྱང་རྒྱུད་སོགས་སུ་དྲག་ཆར་འབབ་པ་དང་། དེའི་ནང་ཧུའུ་ནན་དབུས་རྒྱུད་དང་ཅང་ཞིའི་དབུས་རྒྱུད། ཀྲེ་ཅང་ལྷོ་རྒྱུད། ཧྥུ་ཅན་བྱང་རྒྱུད། ཀུའེ་ཀྲོའུ་ཤར་ལྷོའི་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 



མཉམ་སྤྱོད།