དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་མཐོ་རྒྱུགས་སྐར་གྲངས་ཟླ6པའི་ཚེས25ཉིན་ཡས་མས་སུ་ཁྱབ་བསྒྲགས་བྱ་རྒྱུ་རེད།

2024-06-18 11:05:47   |   2431

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས17ཉིན། 2024ལོའི་མཐོ་རྒྱུགས་དཀྱུས་མའི"རྒྱུགས་ཤོག་དཔྱད་བསྡུར་སྒོ་འབྱེད་ཉིན་མོའི"བྱེད་སྒོ་སྤེལ་ལ། རྒྱུགས་སྤྲོད་སློབ་མའི་ཁྱིམ་བདག་གི་འཐུས་མི་དང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན། གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པ་སོགས་མི20ལྷག་ཙམ་གྱིས་ཡུལ་དངོས་ནས་མཐོ་རྒྱུགས་དཔྱད་བསྡུར་གྱི་ཡུལ་དངོས་ལ་ལྟ་སྐོར་བྱས་པ་དང་། རྒྱུགས་ཤོག་དཔྱད་བསྡུར་ས་ཚིགས་ཀྱི་སྤྱི་ཁྱབ་འགན་འཁུར་བ་དང་འབྲེལ་ཡོད་བསླབ་ཚན་དཔྱད་བསྡུར་འགན་འཁུར་བས་རྒྱུགས་ཤོག་དཔྱད་བསྡུར་བྱ་བའི་གནས་ཚུལ་སོ་སོ་ངོ་སྤྲོད་བྱས།

མཚོ་སྔོན་ཞིང་ཆེན་གྱི2024ལོའི་མཐོ་རྒྱུགས་ཀྱི་དྲ་ཐོག་རྒྱུགས་ཤོག་དཔྱད་བསྡུར་བྱ་བ་དེ་ཟླ6པའི་ཚེས11ཉིན་ནས་བཟུང་དངོས་སུ་སྤེལ་མགོ་བརྩམས། རྒྱུགས་ཤོག་དཔྱད་བསྡུར་བྱ་བའི་ནང་དགེ་རྒན430ལྷག་ཙམ་སྐོང་འཐེན་བྱས་ནས་ཁྱོན་རྒྱུགས་ཤོག་ཁྲི21.8ལྷག་ཙམ་ལ་དཔྱད་བསྡུར་བྱས།

མིག་སྔར། རྒྱུགས་ཤོག་དཔྱད་བསྡུར་གྱི་འབྲེལ་ཡོད་བྱ་བ་མཇུག་སྒྲིལ་ལ་ཡོད་ཅིང་། རྒྱུགས་ཤོག་དཔྱད་བསྡུར་བྱ་བ་མཇུག་སྒྲིལ་རྗེས་རྒྱུགས་ཤོག་དཔྱད་བསྡུར་གྱི་གཞི་གྲངས་ལ་འཐེན་བཤེར་བསྐྱར་ཞིབ་དང་། སྐར་གྲངས་དག་བཤེར་དང་སྐར་གྲངས་མཉམ་སྡེབ་སོགས་བྱས་ནས་མཐོ་རྒྱུགས་རྒྱུགས་ཤོག་གི་དཔྱད་བསྡུར་བྱ་བ་དྲང་གཞག་དྲང་བདེན་དང་གཟབ་ནན་ཚད་ལྡན་ཡོང་པར་འགན་ལེན་བྱ་རྒྱུ་ཡིན་ཞིང་། སློབ་བསྡུའི་སྐར་མཚམས་དང་རྒྱུགས་སྤྲོད་སློབ་མའི་སྐར་གྲངས་ཟླ6པའི་ཚེས25ཉིན་ཡས་མས་སུ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱ་རྩིས་འདུག


མཉམ་སྤྱོད།