དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤུགས་སྒྲིལ་ནས་སྐུལ་འདེད་དང་ཕྱོགས་ཡོངས་ནས་ཇུས་འགོད་བྱས་ཏེ། མདའ་བཞིས་མཁར་གྲོང་གྲགས་ཅན་སྙན་སེང་ཞུ་བའི་ལས་དོན་སྐས་རིམ་གསར་པར་སླེབས་སུ་བཅུག་པ།

2024-06-24 16:49:56   |   1279

རྩོམ་སྒྲིག ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མདའ་བཞི་རྫོང་གིས་རྒྱལ་ཁབ་ལོ་རྒྱུས་རིག་གནས་གྲགས་ཅན་མཁར་གྲོང་འཛུགས་སྐྲུན་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་ཝུའུ་ཀྲི་ཁྲེང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་། ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་གཏམ་བཤད་གནང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཀྲང་ཧྲི་དབྱིན་གྱིས་མདའ་བཞི་རྫོང་གི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་ལས་དོན་གྱི་འཕེལ་རིམ་སྙན་ཞུ་བྱས། ཀྲུང་གོ་མཁར་གྲོང་འཆར་འགོད་ཞིབ་འཇུག་ཁང་གི་ཆེད་མཁས་པས་རྒྱལ་ཁབ་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་ཇི་ལྟར་འཛུགས་དགོས་པའི་གནད་དོན་ལ་དམིགས་ནས་ཆེད་དོན་འཆད་འཁྲིད་གནང་ཞིང་། མདའ་བཞི་རྫོང་གི་རྒྱལ་ཁབ་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་འཛུགས་པའི་ལས་དོན་ལ་མཛུབ་ཁྲིད་དང་བསམ་འཆར་བཏོན། སྡོད་ཁང་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་གཞོན་པ་ཐང་ཞའོ་ཅན་དང་ཀྲུང་གོ་མཁར་གྲོང་འཆར་འགོད་ཞིབ་འཇུག་ཡན་ལག་ཁང་གི་སྤྱི་ཁྱབ་འཆར་འགོད་གཞོན་པ་ཧྲི་སུའུ་ཡོན། ཁུལ་དང་རྫོང་གི་འབྲེལ་ཡོད་མགོ་ཁྲིད། གཞན་ཡང་ཀྲུང་གོ་མཁར་གྲོང་འཆར་འགོད་ཞིབ་འཇུག་ཁང་གི་འབྲེལ་ཡོད་ཆེད་མཁས་པ་བཅས་ཚོགས་འདུར་ཞུགས།

  ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། གཅིག་ནས་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ནས་གསར་གཏོད་ལས་དོན་གྱི་རང་འགུལ་རང་བཞིན་ཆེ་རུ་གཏོང་དགོས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྡེ་ཁག་གིས་རྒྱལ་ཁབ་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་སྐྲུན་པའི་དོན་སྙིང་གལ་ཆེན་དང་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། གསར་སྐྲུན་གནད་དོན་གྱི་ཞན་ཆ་ལ་དོ་སྣང་དང་ལོ་རྒྱུས་ཀྱི་ཐོན་ཁུངས་ལེགས་ཆ། གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ཕྱི་ནང་གི་ས་ཁུལ་གཞན་དག་གསར་སྐྲུན་བྱས་པའི་དཔེ་དབྱིབས་དང་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། གསར་སྐྲུན་ལས་དོན་ཁག་དམ་འཛིན་དང་ཞིབ་ཚགས་བྱས་ནས་མདའ་བཞི་རྫོང་གི་རྒྱལ་ཁབ་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་འཛུགས་སྐྲུན་ལས་དོན་སྐུལ་འདེད་གཏོང་བར་འགན་ལེན་བྱས། གཉིས་ནས་བྱེད་ཐབས་མང་པོ་སྤྱད་དེ་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མདའ་བཞི་རྫོང་དང་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་བསྐྲུན་པའི་ཚད་གཞི་ལྟར། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཟླ6ཚེས18ཉིན་དཔར་འགྲེམ་བྱས་པའི《མདའ་བཞི་རྫོང་དང་སྟོང་སྐོར་རྫོང་། ཡུལ་ཤུལ་གྲོང་ཁྱེར་གྱི“གྲོང་ཁྱེར་གསུམ”མཉམ་དུ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་བསྐྲུན་རྒྱུའི་ལས་དོན་ཇུས་གཞིའི》ནང་གཏན་འཁེལ་བྱས་པའི་ལས་དོན་དམིགས་ཚད་དང་ལས་འགན། སྙན་ཞུའི་གོ་རིམ། ལས་དོན་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་འཆར་འགོད་ཇུས་གཞི་བཟོ་འགོད་དང་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན། རིག་གནས་ཐོན་ཁུངས་སྲུང་སྐྱོབ། མཁར་གྲོང་སྒྱུར་བཀོད་ལེགས་གཏོང་སོགས་གོ་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱས་ནས། ཕྱོགས་ཡོངས་ནས་མདའ་བཞིའི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་ལས་དོན་སྙན་ཞུ་འབུལ་བར་གྲ་སྒྲིག་ཡག་པོ་བྱེད་དགོས། གསུམ་ནས་གཅིག་གྱུར་གྱིས་སྐུལ་འདེད་བྱས་ནས་གསར་གཏོད་ལས་དོན་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་བསྐྲུན་པའི་དུས་ཚོད་ཐུང་ལ་ལས་འགན་ལྕི་བ་དང་། མདའ་བཞི་རྫོང་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་ཚོད་སྐོར་ཚད་གཞི་དང་ལས་འགན་དབྱེ་འབྱེད་རེའུ་མིག་བཟོ་བའི་ཐད་ཞིབ་བསྡུར་བྱས་ཏེ་ཆད་ལུས་ཞིབ་བཤེར་དང་ཁ་གསབ་དམ་འཛིན་བྱས་པ་དང་། ལས་དོན་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས་ཚུལ་བཤད།
     ཝུའུ་ཀྲི་ཁྲེང་གིས་མདའ་བཞི་རྫོང་གི་རྒྱལ་ཁབ་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་བསྐྲུན་པའི་ལས་དོན་ཐད་བླང་བྱ་འགའ་བཏོན་པ་སྟེ། གཅིག་ནས་མཐོ་སའི་ལངས་གནས་མཐའ་འཁྱོངས་བྱས་ཏེ་སྲུང་སྐྱོང་སྔོན་ལ་བྱེད་པའི་བསམ་བློའི་འདུ་ཤེས་བརྟན་པོ་འཛུགས་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་རྒྱུས་ལ་འགན་འཁུར་རྒྱུ་དང་མི་དམངས་ལ་འགན་འཁུར་རྒྱུའི་སྙིང་སྟོབས་སུ་བྱས་ནས་ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་དང་མཁར་གྲོང་གསར་སྤེལ་སྒྱུར་བཀོད། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱེད་དགོས། ཉེ་བའི་ལོ་ཤས་རིང་མདའ་བཞི་རྫོང་གིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་དམིགས་ཏེ། ཀྲུང་གོའི་མ་རྡུལ་མཚོན་ཆ་དང་པོ་ཞིབ་བཟོ་རྟེན་གཞི་སྲུང་སྐྱོབ་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་ནས་སྲུང་སྐྱོང་དང་འཕེལ་རྒྱས་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་དགོས། དེའི་རྨང་གཞིའི་ཐོག་མདའ་བཞི་རྫོང་གིས་མཁར་གྲོང་ལོ་རྒྱུས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་ལས་དོན་ལ་ཤུགས་སྣོན་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས། གཉིས་ནས་གོ་རིམ་ལྡན་པའི་སྒོ་ནས་ཇུས་འགོད་དང་བཀོད་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲུང་སྐྱོབ་དང་འཕེལ་རྒྱས་གཉིས་མཉམ་དུ་འཛིན་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། མིག་སྔར་མདའ་བཞིས“ས་ཆ་བཞི”འཛུགས་སྐྲུན་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་སོགས་བླང་བྱ་གསར་པ་དང་ཐོན་ལས་གསར་པ་དང་ལེན་བྱེད་བཞིན་ཡོད། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་མདའ་བཞིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཁྱད་ཆོས་ཀྱི་ཐོན་ཁུངས་ལ་གདེང་འཇོག་བྱས་ཏེ། མདའ་བཞིའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་རིག་གནས་དང་ལོ་རྒྱུས་རིག་གནས། གསར་བརྗེའི་རིག་གནས། མི་རིགས་རིག་གནས། མཐོ་སྒང་རིག་གནས་བཅས་ཀྱི་རིན་ཐང་སླར་ཡང་ཤེས་རྟོགས་དང་ནུས་ཤུགས་ཡོད་རྒུས་ལག་ལེན་བྱེད་དགོས། མདའ་བཞིས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་སྙན་ཞུ་འབུལ་སྐབས། མཁར་གྲོང་འཛུགས་སྐྲུན་གྱི་ཁུར་པོ་ནས་མཁར་གྲོང་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་སྒྱུར་བ་དང་། རིག་དངོས་རྐྱང་པའི་སྲུང་སྐྱོང་ནས་རིག་གནས་བར་སྟོང་དང་རིག་གནས་ཁོར་ཡུག་སྲུང་སྐྱོང་དུ་སྒྱུར་བ། སྲིད་འཛིན་བཙན་ཤེད་སྲུང་སྐྱོང་ནས་དམངས་ཚོགས་ཀྱི་ཤེས་རྟོགས་སྲུང་སྐྱོང་དུ་སྒྱུར་བ་དང་དུས་མཇུག་མྱུར་སྐྱོབ་ནས་དུས་མགོའི་ནང་ཞུགས་པའི་ལམ་སྲོལ་དུ་སྒྱུར་དགོས། གསུམ་ནས་སྙན་ཞུ་ཕུལ་ནས་སྲུང་སྐྱོང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་དོན་སྐུལ་འདེད་གཏོང་དགོས། མིག་སྔར་མདའ་བཞིའི་སྙན་ཞུའི་ལས་དོན་ནི“སྙིང་བཅུད་ཐོན་ཁུངས་སྔོག་འདོན་དང་། མདའ་བཞིའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་འབུར་དུ་ཐོན་པ། རིག་གནས་ཀྱི་སྣང་ཚུལ་གཏོད་པ་དང་མཁར་གྲོང་གི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་བཅས་གཙོ་གནད་དུ་འཛིན་པ་དང་། “རྩ་བ་སྲུང་དང་རྣམ་པ་སྲུང་བ”བཅས་བྱེད་ཕྱོགས་སུ་བྱས་ནས་མཁར་གྲོང་གི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་ཡག་པོ་བྱེད་པ་དང་མཁར་གྲོང་གི་ལོ་རྒྱུས་རིག་གནས་ཁྱད་ཆོས་མངོན་པར་བྱེད་དགོས། ཡིག་ཆའི་སྙན་ཞུ་འབུལ་བའི་ལས་དོན་དང་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ཞིབ་འཇུག་བྱས་ནས་མདའ་བཞིའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་དང་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱེད་དགོས། ལོ་རྒྱུས་རིག་གནས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ལ་ཤུགས་སྣོན་དང་ལོ་རྒྱུས་རིག་དངོས་སྲུང་སྐྱོང་ཉམས་གསོ་ལས་གཞི་དམ་འཛིན་ཡག་པོ་བྱས་ནས་མདའ་བཞི་རྫོང་གི་མཁར་གྲོང་སྙན་ཞུ་འབུལ་བའི་ལས་དོན་སྐས་རིམ་གསར་པར་སླེབས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཚུལ་བསྟན།


མཉམ་སྤྱོད།