དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་གྲོང་གསེབ་དང་འབྲོག་ཁུལ་ལས་དོན་མགོ་ཁྲིད་ཚོགས་ཆུང་གི2024ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས།

2024-06-25 10:28:16   |   1550

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས24ཉིན། ཁུལ་ཨུའི་གྲོང་གསེབ་དང་འབྲོག་ཁུལ་ལས་དོན་མགོ་ཁྲིད་ཚོགས་ཆུང་གི2024ལོའི་ཚོགས་འདུ་ཐེངས་དང་པོ་དང་ཁུལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།   ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི་ནུས་ལྡན་འབྲེལ་མཐུད་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་ནུས་ལྡན་འབྲེལ་མཐུད་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁུལ་ཡོངས་ཀྱི་ནུས་ལྡན་འབྲེལ་མཐུད་ལས་དོན་གྱི་བརྡ་ཁྱབ་བཏང་བ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ལས་དོན་བཀོད་སྒྲིག་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་ཚོགས་འདུར་ཞུགས།

11.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་ཞིབ་འཇུག་དང་། སྐུ་དངོས་ཀྱིས་བཀོད་སྒྲིག སྐུ་དངོས་ཀྱིས་སྐུལ་འདེད་བྱས་པའི་ལས་དོན་གལ་ཆེན་ཞིག་ཡིན། ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དཔྱད་ཞིབ་དཔྱད་དཔོག་དང་ཚུར་ལན་གནད་དོན་དག་ཐེར་དམ་འཛིན་ཏན་ཏིག་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་ལྷོད་གཡེང་སྤུ་ཙམ་ཡང་མེད་པ་དང་། གནད་ལ་འཁེལ་ཞིང་དངོས་གཉེར་གྱིས་གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་བྱ་དགོས་ཞེས་བསྟན།

2.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་མཐོ་ཚད་ནས་གཞི་ཁྱོན་ཆེ་བའི་དབུལ་ཕོངས་བསྐྱར་ལོག་མི་ཡོང་བ་བྱ་རྒྱུ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་མ་མཐའི་ལས་འགན་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དཔྱད་ཞིབ་དང་ཚུར་ལན་གནད་དོན་དག་ཐེར་བྱེད་པའི་གཟབ་ནན་རང་བཞིན་དང་གལ་ཆེའི་རང་བཞིན་ངོས་འཛིན་གཏིང་ཟབ་བྱེད་པ། འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་གྱི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ངོས་འཛིན་གཏིང་ཟབ་བྱེད་དགོས་ལ་བཅོས་སྒྲིག་དོན་འཁྱོལ་ཡོང་བ་བྱེད་དགོས། ཞིང་ཨུས་བཏོན་པའི“ཁས་ལེན་རེ་དང་འགན་འཁྲིའི་རེའུ་མིག་རེ། བྱེད་ཐབས་རེ”ཞེས་པའི་བླང་བྱ་གཞིར་བཟུང་སྟེ། ཁུལ་རིམ་པའི་མགོ་ཁྲིད་ཀྱི“1+10”ཡི་གཞི་རིམ་གྱི་མང་ཚོགས་དང་འབྲེལ་བ་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་ལམ་སྲོལ་དང་། “4+1+N”ཡི་འགན་གཙང་ལེན་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་ལས་ཀའི་ལམ་སྲོལ་ལག་བསྟར་ནན་མོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དག་ཐེར་གྱི་ལས་ཀ་ཁག་ཡག་པོ་སྒྲུབ་དགོས། ཚད་གཞི་དང་རེའུ་མིག་ལ་བསྟུན་ནས། དག་ཐེར་དོན་འཁྱོལ་ཐད་ལ་ཤུགས་བསྣན་དགོས་ཞེས་བསྟན།

3.jpg

ཀྲང་ཧྲིང་ཡོན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ནས། “འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་སོགས་རོགས་སྐྱོར་སྲིད་ཇུས་མུ་མཐུད་དུ་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན། དབུལ་ཕོངས་བསྐྱར་ལོག་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལ་དམ་འཛིན་བྱས་ཏེ་དབུལ་ཕོངས་བསྐྱར་ལོག་གི་ཉེན་ཁ་མེད་པར་བཟོ་དགོས། ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་དང་ལས་ཞུགས་ལ་དམ་འཛིན་བྱས་ནས་ལས་ཞུགས་འགག་སྒྲོལ་ལག་བསྟར་གཏིང་ཟབ་བྱ་དགོས། ཞིང་འབྲོག་པ་དང་དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་དམ་འཛིན་བྱས་ཏེ། གཉེར་སྐྱོང་རང་བཞིན་དང་གླ་ཕོགས་རང་བཞིན་གྱི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་འདེད་བཏང་སྟེ། སྤོ་སྒྱུར་རང་བཞིན་དང་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་དམ་འཛིན་བྱས་ཏེ་གནས་སྤོས་མང་ཚོགས་ཀྱི་ཐོན་ལས་ལས་ཞུགས་རོགས་སྐྱོར་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། རྣམ་གྲངས་འཛུགས་སྐྲུན་དང་མ་དངུལ་གཏོང་སྤྲོད་ལ་དམ་འཛིན་བྱས་ཏེ་གོ་རིམ་དང་དུས་ཚོད་ཀྱི་བླང་བྱ་དང་མཐུན་པར་འགན་ལེན་ཏན་ཏིག་བྱ་དགོས། ཐོན་ལས་རྣམ་གྲངས་ཀྱི་རྒྱུ་ནོར་དོ་དམ་འཁོར་སྐྱོད་ལ་དམ་འཛིན་བྱས་ཏེ་རྣམ་གྲངས་ཀྱི་རྒྱུ་ནོར་རྒྱུན་མཐུད་ངང་ཕན་འབྲས་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ལ་དམ་འཛིན་བྱས་ཏེ། རྨོ་ཞིང་གི་“ཞིང་ལས་མིན་པ་”དང་“འབྲུ་རིགས་མིན་པ་”སྔོན་འགོག་དང་། འབྲུ་སྣུམ་གྱི་རྒྱ་ཁྱོན་དང་ཐོན་ཚད་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། གྲོང་གསེབ་འཕེལ་རྒྱས་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་ལ་དམ་འཛིན་བྱས་ནས་གྲོང་གསེབ་འཆམ་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས། གནད་དོན་དག་ཐེར་ལེགས་བཅོས་ལ་དམ་འཛིན་བྱས་ཏེ་དག་ཐེར་ལེགས་བཅོས་བྱེད་ཐབས་ཞིབ་ཕྲ་དོན་འཁྱོལ་བྱེད་དགོས།

4.jpg

ཚོགས་འདུའི་ཐོག་མཚོ་བྱང་ཁུལ་གྱི་འབྲེལ་མཐུད་ནུས་ལྡན་གྱི་གནད་དོན་དག་ཐེར་ལས་དོན་ཇུས་གཞིར་གྲོས་ཞིབ་བྱས་པ་དང་། 2023ལོའི་ལོ་འཁོར་གྱི་ཁུལ་ཡོངས་ཀྱི་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཡོང་འབབ་གནས་ཚུལ་གྱི་བརྡ་ཁྱབ་བཏང་། འཇུ་ལག་རྫོང་དང་། རྐང་ཚ་རྫོང་། མདོ་ལ་རྫོང་མཁར་དམར་གྲོང་རྡལ། མདའ་བཞི་རྫོང་ཅིན་ཐན་ཡུལ་ཚོ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བགྲོ་གླེང་གཏམ་བཤད་གནང་། 

ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་དང་ཞང་(གྲོང་རྡལ)རིམ་པའི་བར་འཚོགས། ཁུལ་གྱི་མགོ་ཁྲིད་སངས་འབུམ་དང་། ལའེ་མིང་། སི་ཅི་ཧྲིན། ཧོ་པིན། ཝང་ཞིང་ཧུའེ། ཀརྨ་ཚེ་རིང་། ཁྲང་ལིན་བཅས་ཚོགས་ར་གཙོ་བོའམ་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།


མཉམ་སྤྱོད།