དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-26 07:05:38   |   1054

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ6པའི་ཚེས25ཉིན་གྱི་ཆུ་ཚོད14དང་སྐར་མ7ཐོག ཟླ་བའི་ལྷ་མོ་ཨང་དྲུག་པའི་ཕྱིར་ལོག་ཡོ་བྱད་ཀྱིས་ཟླ་བའི་གོ་ལའི་མ་དཔེ་འཁྱེར་ནས་སྔོན་ནས་བཀོད་སྒྲིག་བྱས་པའི་ནང་སོག་གི་སི་ཙི་ཝང་ཆི(四子王旗)ཡི་ས་ཁོངས་སུ་བདེ་འཇགས་ངང་བབས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་བྱས་ཏེ་ཟླ་བ་འཚོལ་ཞིབ་ལས་གྲྭའི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་བཀོད་འདོམས་པུ་དང་ལས་འགན་ནང་ཞུགས་མཁན་གྱི་བློ་མཐུན་ཡོངས་ལ་བཀྲ་ཤིས་རྟེན་འབྲེལ་དང་འཚམ་འདྲི་གནང་བའི་གློག་འཕྲིན་བཏང་།

  • ཞི་ཅིན་ཕིང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བཏོན་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་ལ་ཞུགས་རྒྱུ་རེད།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་རྨོ་ཞིང་སྡོམ་འབོར་ལོ་གསུམ་བསྟུད་མར་འཕར་ནས་རྨོ་ཞིང་རྒྱ་ཁྱོན་མུའུ་དུང་ཕྱུར19.18ལ་སླེབས།

  • ཆེས་མཐོའི་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་ནས་བཟུང་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་དུག་རྫས་ཉེས་གསོག་མཁན་མི་ཁྲི6.1ལྷག་ཙམ་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་དྲ་ཐོག་སིལ་ཚོང་གྲངས་འབོར་སྒོར་དུང་ཕྱུར་ཁྲི5.77ཡིན་པ་དང་། 12.4%འཕར་ཡོད།

  • བཟོ་ལས་ཆ་འཕྲིན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ5པར་ཁེ་ལས་ཆུང་འབྲིང་གི་ཐོན་སྐྱེད་སྟོན་གྲངས50.3%ཡིན་པ་དང་། ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.6འཕར་ནས་འཕེལ་ཁ་ལེགས་པའི་ཁྱབ་ཁོངས་སུ་སླེབས་ཡོད།

  • ཚེས24ཉིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་སྤྱི་བསྒྲགས་སྤེལ་ནས་ཉིན་དེ་ནས་བཟུང་འབྲེལ་ཡོད་བླང་བྱ་དང་མཐུན་པའི་མ་ལེ་ཞི་ཡའི(马来西亚)སིལ་ཏོག་ལིའུ་ལན(榴莲)ནང་འདྲེན་བྱེད་ཆོག་ཅེས་བསྟན།

  • ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣའི་འགྲོ་འོང་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུའི་གཏན་འབེབས་བྱས་པ་སྟེ། ནེའུ་ཙི་ལན(新西兰)དང་། ཨོ་སི་ཁྲུ་ལི་ཡ། ཕོ་ལན་བཅས་རྒྱལ་ཁབ་གསུམ་གྱི་ལམ་ཡིག་དཀྱུས་མ་འཛིན་མཁན་མི་སྣར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱ་རྒྱུའི་གཏན་འབེབས་བྱས།

5555.jpg

  • ཚེས25ཉིན་ཧྥུ་ཅན་མཚོ་ཐོག་ཉེན་རྟོག་པས་ཅིན་མོན(金门)ཉེ་འགྲམ་གྱི་མཚོ་ཁོངས་སུ་ཁྲིམས་ལྟར་རྒྱུན་གཏན་ཅན་གྱི་ཁྲིམས་འཛིན་སྐོར་ཞིབ་བྱས།

    སྤྱི་ཚོགས།

  • ཚེས25ཉིན་ནས་བཟུང་ཧྭ་བྱང་བདེ་ཐང་སོགས་ས་ཁུལ་དུ་ཡང་བསྐྱར་དྲོད་ཚད་མཐོ་བའི་ནམ་ཟླ་འབྱུང་རྒྱུ་ཡིན་པ་དང་། འབྱུང་འགྱུར་གཟའ་འཁོར་གཅིག་གི་ནང་དྲོད་ཚད་མཐོན་པོ་ཡང་ནས་ཡང་དུ་ཐོན་རྒྱུ་རེད། ས་ཁུལ་ལ་ལའི་དྲོད་ཚད40℃ལས་བརྒལ་རྒྱུ་རེད། 

  • རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་མཇུག་བར་ཤེས་བྱའི་ཐོན་དབང་ཤེས་ལྡན་མི་སྣའི་གཞི་ཁྱོན་ཁྲི86ཟིན་ཡོད།

  • ཀྲུང་གོ་ཟོག་འགྲེམ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་གྲང་སྦྲེལ་ཟོག་འགྲེམ་སྤྱི་འབོར་སྒོར་དུང་ཕྱུརཁྲི་2.76ཟིན་པ་དེ་དུས་མཚུངས་ལས4%འཕར་ཡོད།

  • ཡུན་ནན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཧྲེང་ཀྲང་གཞོན་པ་བཅས་ཡིན་པའི་ལི་ཧྲི་སུང་ལ་སྒྲིག་ཁྲིམས་དང་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • ཚེས25ཉིན་བར། ཚོང་དོན་པུའི་རླངས་འཁོར་རྙིང་བ་གསར་པར་བརྗེ་བའི་ཆ་འཕྲིན་ལས་སྟེགས་སུ་རླངས་འཁོར་བེད་མེད་གསར་སྒྱུར་གྱི་ཁ་གསབ་རེ་ཞུ་ཁྲི11.3འབྱོར་ཡོད།

    2.jpg

  • ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་མགོ་རྩོམ་ལ་ཉེ་བ་དང་། ཚེས25ཉིན་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཀྱི་བྱ་དགའ་ལེན་དུས་ཀྱི་གྱོན་ཆས་པེ་ཅིང་དུ་ཁྱབ་བསྒྲགས་བྱས།

  • སྙན་ཞུའི་ནང་གསལ་བ་ལྟར་ན། 2023ལོའི་ལོ་མཇུག་བར་རང་རྒྱལ་གྱི་ཐོ་འགོད་བྱས་པའི་གྲུ་པའི་མི་གྲངས་ཁྲི198ལས་བརྒལ་བ་དང་། གྲུ་པའི་སྤྱིའི་གཞི་ཁྱོན་ལོ་བཅུའི་གོང་ལས50.6%འཕར་ཡོད།

3.jpg

  • རང་རྒྱལ་གྱི་ཚན་རིག་པས་བརྒྱུད་ལམ་མཐོ་བའི་དབང་རྩའི་འཚོལ་མདའ་ཞིབ་འཇུག་གསར་སྤེལ་བྱས། དེ་ནི་རྒྱལ་སྤྱིའི་སྟེང་གི་སྤྲེའུ་ཡི་ཀླད་ཆེན་གྱི་ཟབ་ཚད་དང་བརྒྱུད་ཚད་མཐོ་བའི་དབང་རྩའི་ཕྲ་ཕུང་གི་འགུལ་སྐྱོད་ཟིན་ཐོ་བཀོད་པ་ཐོག་མ་ཡིན།

    སྲིད་ཇུས།

  • ཐེན་ཅིན་གྱིས་ཟླ6པའི་ཚེས1ཉིན(ཚུད་པ)གྱི་རྗེས་ནས་ངལ་རྩོལ་འབྲེལ་བ་མཚམས་འཇོག་པའམ་ཡང་ན་མེད་པར་བཟོས་པའི་ཞིང་པའི་གན་རྒྱའི་ལམ་ལུགས་ཀྱི་བཟོ་པའི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཟླ་རེའི་ཚད་གཞི་སྒོར1038བར་མཐོ་རུ་བཏང་ཡོད་ཅེས་ཁ་གསལ་བཏོན།

  • ཀྲེ་ཅང་གིས་ཡིག་ཆ་བཏོན་ཏེ་ཞིང་ཆེན་དེ་གའི་ཐེམ་ཐོ་ཅན་གྱི་འཚོ་བ་རང་བདག་མི་ཐུབ་ཅིང་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་རྒན་རྒོན་ལ་རྒན་གསོའི་བདག་སྐྱོང་ཁ་གསབ་སྤྲོད་རྒྱུ་དང་། མི་རེར་ཟླ་རེར་མཐོ་ཤོས་ལ་སྒོར500སྤྲོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

4.jpg

  • ཅང་སུའུ་དང་ཨན་ཧུའེ་ཡི་ལྷོ་རྒྱུད་དང་། ཧྲང་ཧའེ། ཀྲེ་ཅང་གི་ནུབ་རྒྱུད་དང་བྱང་རྒྱུད། ཅང་ཞིའི་དབུས་རྒྱུད། ཧུའུ་ནན་གྱི་དབུས་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ཨན་ཧུའེ་ཡི་ལྷོ་རྒྱུད་དང་། ཧུའུ་ནན་གྱི་ཤར་རྒྱུད། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད་དང་བྱང་རྒྱུད། ཧྲང་ཧའེ་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། ཅང་ཞིའི་བྱང་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།