དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས།

2024-06-27 10:44:16   |   292

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་གྲོང་ཚོ་དང་མཚོ་སྔོན་པོའི་བྱང་ངོགས་མཛེས་ལྗོངས་ཁུལ་དུ་ཕྱིན་ཏེ་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། གྲོང་ཚོ་རིམ་པའི་ཐོན་ལས་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། རིག་གནས་གནས་སྐོར་ཁྲོམ་ར་འཕེལ་རྒྱས་འགྲོ་ཚུལ་བཅས་ལ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དྲིན་ཚོར་ཞིང་མདུན་སྐྱོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་ལ་བཀའ་དྲིན་དང་། ཏང་གི་སྐད་ཆར་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་དགོས་ལ། “ལས་བྱེད་པས་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ”བཅས་ཀྱི་བླང་བྱ་ལག་ལེན་གཏིང་ཟབ་བྱས་ཏེ་དངོས་སྒྲུབ་དང་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་འཁུར་ལ་དྲིན་ལན་མཇལ་དགོས་ཞེས་བཤད།

༡.jpg

ཟླ་དྲུག་པའི་རྐང་ཚའི་རྩྭ་ཐང་གི་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། རྐང་ཚ་རྫོང་དཀོན་ལོ་གོང་མ་གྲོང་ཚོར་སླེབས་དུས། སྔོ་ལྗང་གི་ཁོར་ཡུག་དང་། ཁྱད་ཆོས་ལྡན་པའི་ཁང་བ། ཡངས་ཤིང་ཁོད་སྙོམས་པའི་སྣུམ་ནག་ལམ། ས་ཐོག་གི་བཟོ་གྲྭ་བཅས་མིག་ལམ་དུ་འཛུལ་ཡོང་། 2021ལོའི་ཟླ6པའི་ཚེས8ཉིན་ཞི་ཅིན་ཕིང་གིས་རྐང་ཚ་རྫོང་ལ་རྟོག་ཞིབ་གནང་ཚུན་གྱི་ལོ་གསུམ་རིང་། དཀོན་ལོ་གོང་མ་ལ་གདོང་རྣམ་བརྗེས་པ་ལྟ་བུའི་དགའ་འོས་པའི་འགྱུར་ལྡོག་མངོན། བསོད་ནམས་ཚེ་རིང་གི་ཁྱིམ་གྱི་ལྷས་རའི་ནང་། ཤ་བོ་སྐྱབས་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་ཏང་ཡོན་མང་ཚོགས་ཀྱི་འཐུས་མི་བཅས་མཉམ་དུ་གྲལ་འདུག་བྱས་ཏེ། ཡུལ་མི་རྣམས་ཀྱིས་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་ཡིད་སེམས་འགུལ་བའི་སྐད་ཅིག་མ་རེ་རེ་ཕྱིར་དྲན་བྱས་པར་ཉན་པ་དང་། མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་སློབ་སྟོན་དང་ཐུགས་འཁུར་རྒྱུད་སྒྲོག་བྱས། ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། མཚོ་བྱང་ནི་ཞི་ཅིན་ཕིང་སྐུ་དངོས་རྟོག་ཞིབ་བྱེད་པར་ཕེབས་པའི་གནས་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དྲིན་ལན་ཚོར་ཞིང་འབད་པ་བྱས་ཏེ། ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་ཡག་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་ཁྲིད་སྟོན་ཁ་ཕྱོགས་དེད་ནས་མདུན་སྐྱོད་བྱེད་དགོས།  ཞི་ཅིན་ཕིང་གི“ས་གནས་དེ་གའི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་ཤུགས་ཆེན་བྱ་རྒྱུའི”བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། རང་ངོས་ཀྱི་དགེ་མཚན་གཅིག་བསྡུ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་གཏོད་བྱས་པ་བརྒྱུད་གྲོང་ཚོའི་ཐུན་མོང་ཐོན་ལས་ཀྱི་དཔལ་འབྱོར་ཕན་འབྲས་མཐོ་རུ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་ཟམ་མི་ཆད་པར་བྱ་དགོས། “སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པའི”བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཡུལ་ཚོ་དང་གྲོང་ཚོའི་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཞིང་འབྲོག་པ་ཐུན་མོང་ཐོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་གྲོང་ཚོའི་ཁོར་ཡུག་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། “དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་ཏན་ཏིག་གཏོང་བའི”བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཏེ། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་གཏོང་བ་གཉིས་ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་མཐུད་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས་ལ། གཞི་ཁྱོན་ཆེ་བའི་དབུལ་ཕོངས་བསྐྱར་ལོག་མི་ཐོན་པའི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་དགོས། “མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་པའི”བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། “ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི”གཙོ་ཐིག་དེར་དམ་པོར་དམིགས་ནས། ནང་དོན་ཕུན་སུམ་ཚོགས་ཤིང་། རྣམ་པ་སྣ་མང་། རང་རང་གི་ཁྱད་ཆོས་ལྡན་པའི་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས། མི་རིགས་འཆམ་མཐུན་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དུ་བཏང་སྟེ། མི་རིགས་ཁག་སེ་འབྲུའི་འབྲུ་ལྟར་དམ་པོར་མཉམ་དུ་སྦྲེལ་བར་སྐུལ་འདེད་གཏོང་དགོས། “ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ལས་དོན་སྐོར་གྱི་”བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་བྱེད་པའི་ཆེད་དམིགས་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས། 

༢.jpg

སྒྲོག་འགྲེལ་ལ་ནན་ཏན་གྱིས་ཉན་རྗེས་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་དང་། ཏང་ཡོན་རྒན་གྲས་འཕགས་མོ་བཀྲ་ཤིས། གྲོང་མི་ཚེ་རིང་དོན་འགྲུབ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཅངས་པའི་བརྩེ་བ་དང་བཀའ་དྲིན་གཏམ་གྱི་ལམ་ནས་བཤད། ཚང་མས་“ལོ་གསུམ་འགོར་རྗེས་གྲོང་ཚོ་མཛེས་སྡུག་ལྡན་པ་དང་། གྲོང་ཚོའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་ཕྱིན་པ། དངུལ་ཁུག་ནང་གི་དངུལ་ཇེ་མང་བཅས་སུ་ཕྱིན་ཏེ། གྲོང་མིའི་འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་འཚོ་བ་སྔར་བས་དར་རྒྱས་ཡོང་འདུག”ཅེས་ངོས་འཛིན་གཅིག་མཐུན་བྱས་ཤིང་། འདི་ཚང་མ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བརྟེན་པ་ཡིན་ཞིང་། ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྟར་བློ་གཅིག་སེམས་གཅིག་གིས་ཁྱིམ་གཞིས་སྔར་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་རྒྱུ་ཡིན་ཞེས་བཤད། 

༣.jpg

སྒྲོག་འགྲེལ་མཇུག་གྲིལ་རྗེས་ཤ་བོ་སྐྱབས་ཀྱིས་དཀོན་ལོ་གོང་མ་སྡེ་བའི་ཞིང་ཕྱུགས་ཐོན་རྫས་འགྲེམས་འཚོང་ལྟེ་གནས་དང་། དེང་རབས་ཚན་རྩལ་འདེབས་གསོ་རྟེན་གཞི། སྦྲ་གུར་སྒར་ཁ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དངོས་སྦྱོང་རྟེན་གཞི་སོགས་ལ་ལྟ་ཞིབ་བྱས་པ་དང་འབྲེལ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་དང་སྤེལ་རེས་གཏིང་ཟབ་བྱས་ནས་དཀོན་ལོ་གོང་མ་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲོང་ཚོའི་མཉམ་སྡེབ་ཐོན་ལས་གཉེར་སྐྱོང་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་བླང་བྱ་བཏོན། 

༤.jpg

ཤ་བོ་སྐྱབས་ཀྱིས་མཚོ་འཁྱིལ་ཡུལ་ཚོའི་ཉ་གཟིགས་སྟེགས་བུའི་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི་དང་། མདའ་བཞི་རྫོང་སྨོན་ལམ་མཐོན་པོ་ཕྱི་རོལ་སྒར་འདེབས་རྟེན་གཞི། ཕྱི་རོལ་རྟེན་གཞི་བཅས་སུ་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བ་དང་ལས་དོན་མི་སྣ་དང་གླེང་མོལ་གཏིང་ཟབ་བྱས་ཤིང་། ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། རྒྱལ་ཁབ་ཆེན་པོའི་ལྟ་བ་བློ་ལ་བརྟན་པོར་ངེས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་ལེན་གཏིང་ཟབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྱད་ལྡན་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི“ལྟེ་བ་གཅིག སྐོར་གཅིག རྒྱུད་མང་པོའི”གནས་སྐོར་འཕེལ་རྒྱས་ཀྱི་བཀོད་པའི་ནང་རང་འགུལ་ངང་འདྲེས་ནས་གཉེར་སྐྱོང་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ་དང་ཚོང་གཉེར་བྱེད་སྟངས་གསར་གཏོད་བྱས་ཏེ་གནས་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།  

ཁུལ་གྱི་མགོ་ཁྲིད་སུན་ཞུག་ཙུང་དང་སངས་འབུམ། ཁུལ་ཨུའི་གཞུང་ལས་ཁང་དང་རྐང་ཚ་རྫོང་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་ཕེབས་རོགས་གནང་།


མཉམ་སྤྱོད།