དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གླིང་སྒྲུང་ངག་རིག་དབྱངས་ཀྱི་མཆོད་པ་བཤམས་མཛད་དེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་།

2024-06-28 17:06:32   |   2302

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་པོའི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། མཚོ་བྱང་ས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་དུ། ཟླ6པའི་ཚེས28ཉིན། མཚོ་བྱང་ཁུལ་གེ་སར་རིག་གནས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞིས་མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མའི”ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་བྱེད་སྒོ་དང་སྦྲགས་ནས་མཚོ་སྔོན་པོ་ས་ཁུལ་གྱི་གེ་སར་སྒྲུང་བ་གདན་འདྲེན་བྱས་ཏེ། མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་ཁ་རུ་གླིང་སྒྲུང་འཁྲབ་སྟོན་བྱས། 

DSC_2212.jpg

5.jpg

 ཐེངས་འདིའི་བྱེད་སྒོ་དེ་གླུ་ཨ་ལ་ལ་མོའི་གདངས་དབྱངས་ཁྲོད་མགོ་བརྩམས་ཤིང་། གདན་དྲངས་པའི་སྒྲུང་བས་སྟག་གཟིག་ནོར་རྫོང་དང་གླིང་དཔའ་རྟུལ་ངོ་སྤྲོད་ཀྱི་ཚན་པ་ངག་ཏུ་བཀུག་ཅིང་དབྱངས་སུ་གྱེར་བས། ཡུལ་དངོས་ཀྱི་ལྟད་མོ་བ་ཆིག་སྟོང་ལྷག་གི་ཡིད་དབང་ཅིག་ཅར་དུ་འཕྲོག་ཅིང་དགའ་བསུ་ཆེན་པོ་ཐོབ། 

འཛམ་གླིང་གི་ལོ་རྒྱུས་སྙན་ངག་ཆེས་རིང་ཤོས་ཀྱི་ཡ་གྱལ་དུ་གྱུར་བའི་གླིང་སྒྲུང་གི་ཚན་པ་འཁྲབ་སྟོན་བྱས་པས། མང་ཚོགས་ཀྱི་ཡིད་དབང་གསོ་བའི་བདུད་རྩི་རུ་གྱུར་བའི་ལྟད་མོ་འདི་ལྟ་བུ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྒོས་སུ་གླིང་སྒྲུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་དགེ་མཚན་ཁྱད་པར་ཅན་ལྡན། རྗེས་ཕྱོགས་ཀྱང་མཚོ་བྱང་ཁུལ་གེ་སར་རིག་གནས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞིས་བྱེད་སྒོ་འདི་ལྟ་བུ་སྤེལ་ནས། ཀྲུང་ཧྭའི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་མང་ཚོགས་ཁྲོད་ཟབ་ཞུགས་བྱེད་པ་དང་། གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་འབད་རྒྱུ་ཡིན།


མཉམ་སྤྱོད།