དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-04 07:04:46   |   1734

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

001.jpg

  • ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས་3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནའི་ཙུང་ཐུང་ལས་ཤག་ཏུ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཕུའུ་དང་གྲོས་མོལ་གནང་།

  • ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས་3ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནའི་ཙུང་ཐུང་ལས་ཤག་ཏུ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཕུའུ་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པ་དང་མཇལ་འཛོམས་གནང་།

  • ས་གནས་དེ་གའི་དུས་ཚོད་ཟླ་7པའི་ཚེས་3ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཕུའུ་དང་ཨ་སི་ཐ་ནའི་ཙུང་ཐུང་ལས་ཤག་ཏུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་ལི་ཧའེ་བརྒལ་བའི་ཐད་ཀར་སྐྱེལ་འདྲེན་ཤར་གཏོང་གི་མཛད་སྒོར་ཞུགས།

002.jpg

  • ས་གནས་དེ་གའི་དུས་ཚོད་ཟླ་7པའི་ཚེས་3ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་མ་ཞུགས་གོང་ལ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་།

003.jpg

  • ས་གནས་དེ་གའི་དུས་ཚོད་ཟླ་7པའི་ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་མ་ཞུགས་གོང་ལ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་དང་མཇལ་འཛོམས་གནང་།

004.jpg

  • ས་གནས་དེ་གའི་དུས་ཚོད་ཟླ་7པའི་ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་མ་ཞུགས་གོང་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ་དང་མཇལ་འཛོམས་གནང་།

005.jpg

  • ས་གནས་དེ་གའི་དུས་ཚོད་ཟླ་7པའི་ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་མ་ཞུགས་གོང་ལ་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་དང་མཇལ་འཛོམས་གནང་།

  • གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་སྔོན་གྱི་ཟླ་ལྔ་པོར། ཡང་བའི་བཟོ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་8.8ཡིན་པ་དང་། དུས་མཚུངས་ལས་2.5%འཕར་ལ་ཐོན་སྐྱེད་རྒྱུན་མཐུད་ངང་འཕར་ཡོད།

  • ཚེས3ཉིན། ཧྲིན་ཀྲོའུ་ཨང་རྟགས་བཅོ་བརྒྱད་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་གྲུ་ཚང་ནས་ཕྱིར་འབུད་པའི་བྱེད་སྒོ་ཐེངས་གཉིས་པ་ལེགས་འགྲུབ་བྱུང་།

  • འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྙན་ཞུ་ལས་མངོན་པར། 2014ལོ་ནས་2023ལོ་བར་ཀྲུང་གོའི་སྐྱེ་དངོས་རྣམ་པའི་མི་ཐབས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ཁྲི་3.8ལས་བརྒལ་ནས་འཛམ་གླིང་གི་ཨང་དང་པོར་སླེབས།

སྤྱི་ཚོགས།

006.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་དོན། དེ་རིང་། ཨན་ཧུའེ་ཡི་ཤར་ལྷོའི་རྒྱུད་དང་། ཅང་ཞི་ཡི་ནུབ་བྱང་རྒྱུད། ཧུའུ་ནན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་ཐོན་པའི་གནམ་གཤིས་གྱི་ཉེན་ཁ་ཆེ།

  • འཕྲལ་སྡོམ་དོ་དམ་པུ་ཡིས་འཕྲལ་སྡོམ་སྟོབས་ཤུགས་མི་ཁྲི་6ལྷག་ཙམ་མངགས་ནས་ས་གནས་ཀྱི་འབྲུབ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུ་ཡིས་ཡིག་ཆ་བཀྲམ་ནས། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཡོངས་ཀྱི་རིམ་པ་གསུམ་པའི་གཞུང་བཙུགས་སྨན་ཁང་ལ་བེད་སྤྱོད་གཉེར་སྐྱོང་དོ་དམ་ཆ་འཕྲིན་འདུས་གྲུབ་ལས་སྟེགས་ལྡན་པ་དང་བེད་སྤྱོད་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཏོན།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲོའུ་སོགས་གྲོང་ཁྱེར་20ལ་རིག་ནུས་དྲ་སྦྲེལ་རླངས་འཁོར་ལ“རླངས་འཁོར་དང་། ལམ། དྲ་བ་བཅས་གཞི་གཅིག་ཅན”གྱི་བཀོལ་སྤྱོད་ཚོད་ལྟ་བྱ་རྒྱུ་རེད།

  • ཧྲེན་ཀྲུང་བགྲོད་ལམ་ཤར་གཏོང་ཐུབ་ནས་ཆུ་ཚོད་72སོང་ཚུན། ཉིན་རེར་ཆ་སྙོམས་རླངས་འཁོར་འགྲོ་ཚད་རླངས་འཁོར་ཁྲི་10ལས་བརྒལ་བ་དང་། དེས་ཉིན་ལྟར་ཀྲུའུ་ཅང་གཙང་པོའི་གཙང་པོ་བརྒལ་བའི་རླངས་འཁོར་གྱི་རྒྱུག་ཚད་ཀྱི་བཞི་ཆ་གཅིག་བཟུང་ཡོད།

  • ཚེས3ཉིན། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་སྐབས་34པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་སྐབས་18པའི་ཁྲང་ཅང་ཐའོ་ཧྥུན་བྱ་དགའི་དཔྱད་འདེམས་དཔྱད་ཡིག་ཡོངས་བསྒྲགས་བྱས།

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ལྐོག་རྔན་ལེན་པའི་ཉེས་གསོག་དོགས་ཡོད་ཐོག་ནས་ཧོ་པེ་ཞིང་ཆེན་སྒྲིག་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པའམ་ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རིན་གཞོན་པ་ཁྲེན་ཡུས་ཞང་འཛིན་བཟུང་བྱ་རྒྱུ་ཐག་གཅོད་བྱས།

  • ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ཐོག་བགྲོད་ལམ་གསར་པའི་རྒྱལ་མཚམས་སྒྲོལ་བའི་གཞུང་ལམ་གྱི་དུས་གཏན་རླངས་འཁོར་གྱི་ལམ་ཐིག་སིང་ཀ་ཕོར་དང་། ཝེ་ཐེ་ནམ། ལོ་སི། ཧ་སག་སི་ཐན། འཇར་མན་སོགས་རྒྱལ་ཁབ་19ལ་ཐོན་པ་དང་། འཁོར་སྐྱོད་བྱེད་ཐེངས“གཟའ་འཁོར་རེར་ཐེངས་རེ”ནས་“ཉིན་རེར་ཐེངས་ཉི་ཤུ་བྱེད་པར” སྒྱུར།

007.jpg

  • ཚེས3ཉིན། རྒྱལ་ཡོངས་ཀྱི་མཚོ་འདྲེན་ཨར་ལས་གྲུ་གཟིངས་ཆེ་ཤོས་“ཆི་ཧྥན་ཨང་19པ”ཞེས་པའི་གྲུ་གཟིངས་ནན་ཐུང་ཧའེ་མོན་དུ་བདེ་བླག་ངང་རྩིས་སྤྲོད་བྱས།

སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་གློག་སྒུལ་རྐང་འཁོར་ལ་སྤྱོད་པའི་ལིས་གྱེས་རྡུལ་གསོག་གློག་སྨན་དང་། གློག་སྒུལ་རྐང་འཁོར་གློག་གསོག་ཆས་ལ་བཙན་ཤེད་རང་བཞིན་གྱི་ཐོན་རྫས་ཁས་ལེན་དཔང་འདོན(CCCཁས་ལེན་དཔང་འདོན)དོ་དམ་བྱ་རྒྱུ་དང་། ཟླ་10ཚེས་15ཉིན་ནས་བཟུང་ཁས་ལེན་མངགས་བཅོལ་བདག་སྤྲོད་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན།

  • པེ་ཅིང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས། སློབ་གྲྭ་འབྲིང་ཆུང་གིས་བྱེད་ཐབས་གང་རུང་སྤྱད་དེ་སློབ་མ་དང་ཁྱིམ་བདག་ལ་བཙན་སྐུལ་གྱིས་སློབ་གོས་ཉོ་རུ་འཇུག་མི་ཆོག་པའི་བླང་བྱ་བཏོན།

  • ཅང་སུའུ་ཡིས་ཆུ་ཚད་མཐོ་བའི་གཙོ་གནད་འཛུགས་སྐྲུན་སྨན་ཁང་གིས་མཐོ་རིམ་གོ་མིང་རང་བདག་ངང་དཔྱད་འདེམས་བྱེད་ཆོག་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

008.jpg

  • ཧེ་ལུང་ཅང་གི་ལྷོ་རྒྱུད་དང་། ཅི་ལིན་གྱི་བྱང་རྒྱུད། ཧྲན་ཏུང་གི་ཤར་རྒྱུད་དང་ལྷོ་རྒྱུད། སུའུ་ཝན་གྱི་བྱང་རྒྱུད། ཧོ་ནན་གྱི་ཤར་རྒྱུད་དང་དབུས་ལྷོ་རྒྱུད། ཧུའུ་པེའི་དབུས་ནུབ་རྒྱུད་དང་ཁྲུང་ཆིང་། སི་ཁྲོན་གྱི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཡུན་ནན་གྱི་བྱང་རྒྱུད་དང་ནུབ་རྒྱུད། ཧའེ་ནན་གླིང་ཕྲན། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་ཧྲན་ཏུང་གི་ཤར་རྒྱུད་དང་ལྷོ་རྒྱུད་དང་། སུའུ་ཝན་གྱི་བྱང་རྒྱུད། ཧུའུ་པེའི་དབུས་ནུབ་རྒྱུད། ཁྲུང་ཆིང་གི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་ཡིན་ལ་ས་ཆ་ཁ་ཤས་ལ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།