དེ་རིང་ནི2024ལོའི་ཟླ10པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-08 07:04:06   |   1102

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། རྒྱལ་ཡོངས་ཀྱི་དབྱར་འདེབས་འབྲུ་རིགས་འདེབས་ཚད་83.1%ཟིན་པའི་ནང་། དབྱར་དུས་ཀྱི་མ་རྨོས་ལོ་ཏོག་དང་སྲན་ཆེན་སྤྱིར་ནས་འདེབས་མཇུག་འགྲིལ་བ་རེད།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས《འབྲུབ་འགོག་གེགས་སེལ་གྱི་ཉེན་སེལ་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་འགོག་སྲུང་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོར། ཁེ་ལས་འབྲིང་ཆུང་གི་ཁྱད་ལྡན་ཐོན་ལས་ཚོགས་སྤྱི100ཙམ་ཡང་བསྐྱར་སྐྱེད་སྲིང་བྱས་ནས་གཏན་འཁེལ་བྱ་རྒྱུ་རེད།

  • ཉིན་ཤས་གོང་། 《ཀྲུང་ལུགས་སྨན་རྫས་ཀྱི་ཚད་གཞི་དོ་དམ་གྱི་ཆེད་དོན་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། རིགས་ཁག་གི་ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ཚད་ཚད་གཞིའི་ཞིབ་ཕྲའི་བླང་བྱ་དང་། ཚད་གཞི་བཟོ་བཅོས། ལག་བསྟར་སོགས་ཀྱི་ཐད་ལ་གཏན་འབེབས་བྱས་པ་དང་། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། པུན་པིང་ཐུང་གཅིན་ནད(苯丙酮尿症)དང་། མཁལ་ནད། གཅིན་སྙི་ཟ་ཁུའི་ནད་སོགས་ནད་རིགས་ཀྱི་དམིགས་བསལ་གསོ་རིག་ལ་སྤྱོད་པའི་སྡེབ་སྦྱོར་ཟས་རིགས་4ཞིབ་བཤེར་དང་ཞིབ་མཆན་འགོད་པའི་གོ་རིམ་ནང་ལེགས་འདེམས་བྱས་ནས་བཅུག

  • ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྤྱི་བསྒྲགས་སྤེལ་བ་ལས་མངོན་པར། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་མྱུར་བགྲོད་ལྕགས་ལམ་དྲ་བ་དང་། མྱུར་བགྲོད་གཞུང་ལམ་དྲ་བ། སྦྲག་སྲིད་མྱུར་སྐྱེལ་དྲ་བ། འཛམ་གླིང་རིམ་པའི་གྲུ་ཁའི་ཚོགས་པ་བཅས་ཆེ་ཤོས་བསྐྲུན་ཡོད།

  • རྒྱལ་ཁབ་གནས་སྤོར་ཡུལ་མི་དོ་དམ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་དུང་ཕྱུར་2.87ལ་ཞིབ་བཤེར་བྱས་པ་དང་། དུས་མཚུངས་ལས་70.9%འཕར་ཡོད།

01.jpg

  • ཚེས7ཉིན། ཀྲུང་གོའི་སྐྱེས་པའི་ཕའེ་ཆིའུ་སྤོ་ལོ་རུ་ཁག་ལ་2024ལོའི་རྒྱལ་སྤྱིའི་ཕའེ་ཆིའུ་སྤོ་ལོའི་འགྲན་སློང་མཁན་བུམ་པའི་ཨང་དང་པོ་ཐོབ་ནས། 2025ལོའི་འཛམ་གླིང་མཉམ་འབྲེལ་འགྲན་བསྡུར་དང་འཛམ་གླིང་སྐྱེས་འབུལ་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་གཏན་འཁེལ་བྱས།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཉེན་བརྡ་བཏང་ནས། ཚེས་8ཉིན་གྱི་ཉིན་མོར་ཧྲང་ཧའེ་དང་། ཧུའུ་པེའི་ལྷོ་རྒྱུད། ཧུའུ་ནན་གྱི་ས་ཆ་མང་ཆེ་བ། ཅང་ཞི། ཀྲེ་ཅང་། ཧྥུའུ་ཅན། ཀོང་ཞིའི་ཤར་རྒྱུད། ཀོང་ཏུང་གི་ཤར་ནུབ་རྒྱུད་དང་བྱང་རྒྱུད་སོགས་སུ་ཏུའུ་གྲངས35ནས་36ཡིན་པའི་དྲོད་ཚད་མཐོ་བའི་གནམ་གཤིས་བྱུང་རྒྱུ་རེད།

  • ཀྲུང་དབྱང་ནོར་སྲིད་ཀྱིས་འཕྲལ་མར་སྒོར་དུང་ཕྱུར་2.58བཏང་ནས་ཧུའུ་ནན་ཞིང་ཆེན་གྱི་འབྲུབ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱས་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མགྱོགས་མྱུར་ངང་མ་དངུལ་སྒོར་དུང་ཕྱུར་2.5བཏང་ནས་ཉེན་སེལ་གེགས་སེལ་ཐད་སྤྱད་པ་རེད།

  • ཧུའུ་ནན་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཏུང་ཐིང་མཚེའུ་ཡི་འཐབ་ས་དང་པོའི་ཆུ་རགས་ཀྱི་རགས་ཁ་ཤོར་བ་དེ། ཚེས་9ཉིན་གྱི་ཆུ་ཚོད་12སྔོན་དུ་འགོག་ཐུབ་རྒྱུ་རེད།

  • ཚེས7ཉིན་གྱི་19:25བར། 2024ལོའི་དབྱར་གསེང་སྐབས་ཀྱི་(ཟླ་6ནས་8པར)གློག་བརྙན་ཁང་གི་སྤ་སེ་འཚོང་ཚད(སྔོན་འཚོང་ཚུད)དུང་ཕྱུར་30ལས་བརྒལ།

02.jpg

  • ཚེས6ཉིན། ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་པན་དམག་གི་731དཔུང་སྡེ་ལིན་ཁོའུ་ཀྲི་པུའུ་162ཀྱིས《ལུས་ཐོག་ཚོད་ལྟའི་རེ་ཞུ་ཡི་གེ》ཕྱི་ཕྱོགས་སུ་ཐོག་མར་ཁྱབ་བསྒྲགས་བྱས་ནས། 731དམག་དཔུང་གིས་མིའི་རིགས་ལ་ངོ་རྒོལ་བྱེད་པའི་གཏུམ་སྤྱོད་སྔར་བས་ཐེར་འདོན་བྱས།

  • ཧུའུ་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་རིན་གཞོན་པ་ཕེང་གོ་ཕུའུ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་གི་སྒྲིག་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས།

03.jpg

  • ཉེ་དུས། མི་ཐབས་ལ་བརྟེན་ནས་འདེབས་གསོ་བྱས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རྩི་ཤིང་ཧྥན་ཅིང་རི་བོའི་གསོམ་སྡོང་120རི་ལ་ཕྱིར་ལོག་པའི་ཚོད་ལྟ་བྱས།

  • ཟླ8པའི་ཚེས2ནས་ཚེས4ཉིན་བར། མང་ཚོགས་གློག་བརྙན་གྱི་པེ་ཧྭ་བྱ་དགའ(百花奖)སྐབས37པ་སི་ཁྲོན་ཁྲེང་ཏུའུ་རུ་སྤེལ་རྒྱུ་རེད།

04.jpg

  • ཉེ་ཆར། སི་ཁྲོན་ཁྲེང་ཏུའུ་ཡི་བུད་མེད་ཅིག་སྟབས་མ་ལེགས་པར་ཆུ་བོའི་ནང་ལྷུང་། ཉེ་འགྲམ་ན་འཆམ་འཆམ་དུ་འགྲོ་བཞིན་པའི་གྲོང་མི་ཅང་ཁའེ་ཧུང་གིས་མཐོ་ཚད་སྨི་3ལྷག་ཙམ་ཡོད་པའི་ཆུ་རགས་སུ་མཆོངས་ནས་ཆུར་ལྷུང་བའི་བུད་མེད་བདེ་བླག་ངང་སྐྱོབ་ཐུབ་བྱུང་།

སྲིད་ཇུས། 

  • ལེའོ་ཉིང་གིས་བྱེད་ཐབས་བཏོན་ནས། གྲོང་གསེབ་ཀྱི་ཁོར་ཡུག་གཙང་བཟོ་བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པའི་རྫོང་ལ་ལོ་ལྟར་མ་དངུལ་མཐོ་ཤོས་སྒོར་ཁྲི་1000སྤྲོད་རྒྱུ།

  • ཀྲེ་ཅང་གིས་བྱེད་ཐབས་བཏོན་ནས། 2027ལོར་སླེབས་སྐབས། ལོ་ལྟར་ཞིང་ཆེན་རིམ་པའི་ལོ་རྒྱུས་རྩེར་སོན་ཐོན་ལས་རྒྱུན་འཛིན་གསར་གཏོད་ལས་དོན་ཁང་50ཙམ་བདམས་ནས་ལོ་གསུམ་རིང་ཁྱོན་སྡོམ་ཁ་གསབ་སྒོར་ཁྲི་30སྤྲོད་རྒྱུ།

  • ཧྥུའུ་ཅན་གྱིས་བྱེད་ཐབས་པར་འགྲེམས་བྱས་ནས། སློབ་གྲྭ་འབྲིང་ཆུང་གིས་ཟ་ཁང་གི་ལས་སྒྲུབ་མི་སྣའི་ཞོགས་པའི་ཞིབ་བཤེར་ལམ་ལུགས་བཙུགས་ཏེ། ཉིན་ལྟར་ཞོགས་པའི་ཟ་མ་ལས་སྣོན་བྱེད་སྒོ་མ་སྤེལ་གོང་དུ། ལས་གཉེར་མི་སྣ་ཚང་མའི་བདེ་ཐང་དང་འཕྲོད་བསྟེན་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས།

དེ་རིང་གི་གནམ་གཤིས།

05.jpg

  • སི་ཁྲོན་གཤོང་སའི་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། ཧྲའན་ཞིའི་ཤར་ལྷོའི་རྒྱུད། ཧྲན་ཞིའི་ལྷོ་རྒྱུད། ཧོ་ནན་གྱི་དབུས་བྱང་རྒྱུད། ཧྲན་ཏུང་གི་ཤར་ལྷོའི་རྒྱུད། སུའུ་ཝན་གྱི་བྱང་རྒྱུད་སོགས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་། ཧྲན་ཏུང་གི་ཤར་ལྷོའི་རྒྱུད་དང་། ཅང་སུའུ་ཡི་བྱང་རྒྱུད། ཧོ་ནན་གྱི་ཤར་རྒྱུད། སི་ཁྲོན་གཤོང་སའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།