དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྲག་ཕུག་རི་མོ་འདི་ནི་འཛམ་གླིང་ཐོག་ཆེས་སྔ་ཤོས་དེ་རེད།

2024-07-08 14:42:51   |   604

རྩོམ་སྒྲིག  དོན་འགྲུབ་མཚོ།    ཡོང་ཁུངས།  མི་དམངས་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཨོ་སི་ཁྲུ་ལི་ཡའི་གནའ་རྫས་རྟོག་ཞིབ་རིག་པའི་མཁས་པས་ཧིན་རྡུ་ཉི་ཞི་ཡའི་སུའུ་ལ་ཝུའེ་ཤིས་གླིང་ཕྲན་གྱི་རྡོ་ཐལ་བྲག་རྡོའི་བྲག་ཕུག་ཅིག་ནས་སྒྱུ་རྩལ་བརྩམས་ཆོས་ཤིག་རྙེད་པ་དང་། དེའི་ནང་མིའི་རིགས་དང་ཕག་རྒོད་མཉམ་གནས་ཀྱི་རྣམ་པ་བྲིས་ཡོད་པ་རེད། ཞིབ་འཇུག་མི་སྣས་བརྩམས་ཆོས་དེ་ཉུང་མཐར་ཡང་ལོ51200གོང་བྲིས་པ་ཞིག་ཡིན་པའི་ཚོད་དཔག་བྱས་པ་དང་། དེ་ནི་འཛམ་གླིང་ཐོག་ཤེས་རྟོགས་བྱུང་ཟིན་པའི་ཆེས་གནའ་བོའི་བྲག་ཕུག་རི་མོ་ཡིན་པ་ངོས་འཛིན་བྱས་ཡོད།

92a11f9f-34f1-4d9f-969d-3106b5005e35.jpg


མཉམ་སྤྱོད།