དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་དཔའ་རིས་དམངས་གླུའི་འགྲན་སྡུར་ཆེན་མོ་སྤེལ།

2024-07-16 09:11:10   |   1145

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


 དགའ་སྤྲོ་རྒྱས་པར་བྱེད་པའི་ངོ་མཚར་གཏམ། །བློ་གྲོས་སྐྱེད་པར་མཁས་བའི་ངག་གི་རྩལ། །དོགས་གཞི་རྣམ་པར་གཅོད་པའི་སྨྲ་བའི་མཚོན། །བརྗོད་བྱ་སྟོན་པའི་ཚིག་གི་ཁྱད་པར་ཡིན། །ཞེས་དེང་རབས་བོད་ཀྱི་བརྡ་སྤྲོད་སྨྲ་བའི་ཁྱུ་མཆོག རྒྱ་བོད་སྐད་གཉིས་ཀྱི་ལོ་ཙཱ་ལ་གཞན་དྲིང་མི་འཇོག་པའི་དོན་གྱི་མཁས་པ་ཆེན་པོ་དཔའ་རིས་སངས་རྒྱས་ཀྱིས་དཔའ་རིས་དམངས་གླུའི་བརྗོད་བྱ་དང་ཡོན་ཏན་གྱི་ཆེ་བ་བརྗོད་པ་ཇི་བཞིན། ཟླ7པའི་ཚེས13ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་བསམ་བློ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། དུས་རབས་གསར་བའི་གཟུགས་མེད་རིག་གནས་རྒྱུན་འཛིན་གོང་སྤེལ་དང་། རིག་གནས་གནས་སྐོར་གྱིས་རྫོང་ཁུལ་གསོན་ཉམས་ལྡན་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་ལ། དཔའ་རིས་ཨ་མྱེས་ཀ་དྲོད་གུར་སྒར་ནས་དཔའ་རིས་རྫོང་རིག་གནས་གནས་སྐོར་ཅུ་དང་། རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བ། རྫོང་རིག་གནས་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་དཔའ་རིས་དམངས་གླུའི་འགྲན་སྡུར་ཆེན་མོ་སྤེལ།

ccc3fe7fa3326d46aae4b4b8b735e069.jpg

   ཐེངས་འདིའི་འགྲན་ཚོགས་སུ་དཔའ་རིས་དཀར་པོའི་ཡུལ་ཚོ་སོ་སོ་ནས་ཡོང་བའི་གླུ་བ་གླུ་མ་ཚོས་མེས་པོའི་ངག་གི་སྒོ་མོ་ནས་དར་ཡོང་བའི་གདོད་མའི་དབྱངས་རྟ་མགྲིན་པའི་འཁོར་ལོར་བསྐོར་ནས་སྙན་པའི་ཚིག་གི་སྡེབ་སྦྱོར་ལས་འདས་མ་ད་གསུམ་གྱི་ལོ་རྒྱུས་དང་རེ་སྙེག་ལ་མངོན་པར་བསྟོད་པ་དང་ཏང་གི་བཀའ་དྲིན་རྗེས་སུ་དྲན་པ། དུས་རྒྱུན་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་བསམ་པའི་དཔལ་ཡོན་གྱི་ཁྱིམ་གཞིས་སྐྲུན་རྒྱུར་སྐུལ་སྤེལ། ཀྲུང་ཧྭ་མི་རིགས་ཀྱི་རིགས་སོ་སོར་ཕན་ཚུན་འགྲོ་འོང་མཉམ་སྤེལ་མཉམ་འདྲེས་བྱ་རྒྱུ་བརྗོད་བྱ་གཙོ་བོ་བཟུང་ཞིང་། ཀྲུང་ཧྭ་མི་རིགས་དེང་རབས་ཅན་གྱི་ཤེས་རིག་འཛུགས་སྐྲུན་ལ་ངར་ཤུགས་ཆེར་བསྐྱེད་བྱ་རྒྱུ་དེའོ། །

e9d9c69eab0739d7577842ce46ca8ec7.jpg


       འགྲན་སྡུར་ཁྲོད། ང་ཚོས་འགྲན་ཞུགས་མི་སྣ་རྒན་པའི་ཚོ་ཁག་དང་། དར་མའི་ཚོ་ཁག་བཅས་གཉིས་སུ་བགོས། རྒན་པའི་ཚོ་ཁག་གི་གླུ་བ་པད་མ་དབང་ཆེན་དང་དར་མའི་ཚོ་ཁག་གི་གླུ་མ་མེ་ཏོག་གཉིས་ལ་གླུ་དར་གྱི་དང་བོ་ཐོབ་པ་དང་གཟེངས་རྟགས་སུ་མི་རེར་སྒོར1000ཕུལ་པས་མེས་པོའི་སྲོལ་བཟང་མི་ནུབ་པའི་རྒྱལ་མཚན་འདུ་ཚོགས་ཁྲོམ་པར་བསྒྲེངས།

c9cf728435f3f83cce602fe9d3830a06.jpg


       འགྲན་སྡུར་ལས་རྒན་པའི་ཚོ་ཁག་གི་གླུ་བ་སྐར་མ་ཚེ་རིང་དང་གླུ་མ་ལྷ་དཔལ་སྐྱིད། དར་མའི་ཚོ་ཁག་གི་གླུ་བ་དཔལ་ཆེན་ནོར་བུ་དང་ཀུན་དགའ་རྒྱལ་མཚན་གཉིས་ལ་གླུ་དར་གྱི་གཉིས་པ་ཐོབ་པ་དང་གཟེངས་རྟགས་སུ་སྒོར800ཕུལ་པས་སྙན་གྲགས་ཀྱི་བ་དན་དགུང་ལ་གཡོ།
       འགྲན་པའི་དོ་ར་རུ་གླུ་མ་དཔལ་མཚོ་སྐྱིད་སོགས་མི6ལ་གླུ་དར་གྱི་གསུམ་པ་ཐོབ་པ་དང་གཟེངས་རྟགས་སུ་སྒོར500ཕུལ་པས་ཡིད་ཆེས་དང་བརྩོན་འགྲུས་ཀྱི་གོ་ཆ་ལུས་ལ་བསྐོན།
       ཡུལ་ཚོ་སོ་སོ་ནས་ཡོང་བའི་འགྲན་ཞུགས་གླུ་བ་གླུ་མ་བྱ་དགའ་ཡི་གྲལ་དུ་ཚུད་མེད་པ་རྣམས་ལ་གླུ་དར་རྟིང་སྐུལ་རི་མོ་ཕབ་པར་སྒོར200གཟེངས་རྟགས་སུ་བཏབ་པས་སྐུལ་བྱེད་ཀྱི་རྟ་ལྕག་ལག་ལ་སྤྲད།
       འགྲན་ཚོགས་ཆེན་མོ་འདི་སྤེལ་བ་ལས། སྔར་ལས་ལྷག་པའི་ནང་དོན་ཕུན་སུམ་ཚོགས་པ་དང་། བརྗོད་བྱ་ཁྱད་པར་ཅན་གྱི་དཔའ་རིས་གནའ་གླུ་གནའ་ངག་སྔོག་འདོན་དང་། རྒྱུན་འཛིན། སྲུང་སྐྱོབ་བཅས་བྱ་རྒྱུ་དང་། རིག་གནས་ཀྱི་ཡིད་ཆེས་བརྟན་པོར་བསྐྲུན་པ། རིག་གནས་ཀྱི་འགྲོ་འོང་མཉམ་འདྲེས་མཉམ་སྤེལ་བཅས་ལ་སྐུལ་སྤེལ། གཟུགས་མེད་རིག་གནས་སྲུང་སྐྱོབ། ཀྲུང་ཧྭའི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་གོང་སྤེལ་གཏོང་རྒྱུ་དེ་དམིགས་སུ་གལ་ཆེན་ཏུ་བཟུང་ཡོད་དོ། །


མཉམ་སྤྱོད།