དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཇུ་ལག་དང་རྟ་ཐང་། ཧུའུ་ཀྲོའུ་བཅས་རྫོང་གསུམ་གྱི་དབར་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་སྒྲོམ་གཞིའི་གྲོས་མཐུན་བཞག་པ།

2024-07-18 11:23:27   |   240

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས17ཉིན། མཚོ་བྱང་ཁུལ་འཇུ་ལག་ཧོས་རིགས་རང་སྐྱོང་རྫོང་དང་། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲོའུ་ཧོར་རིགས་རང་སྐྱོང་རྫོང་བཅས་ཀྱི་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་སྒྲོམ་གཞིའི་གྲོས་མཐུན་འཇོག་པའི་བྱེད་སྒོ་འཇུ་ལག་རྫོང་དུ་ཚོགས།

1.jpg

ཕྱོགས་གསུམ་པོས་ཐུན་མོང་ཐོག 《འཇུ་ལག་དང་རྟ་ཐང་། ཧུའུ་ཀྲོའུ་བཅས་རྫོང་གསུམ་གྱི་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་ཅིང་། མཉམ་དུ་གནས་སྐོར་གྱི་ལམ་ཐིག་རྩེ་གྲ་བཟོས་པ་དང་མཐུན་སྦྱོར་སྒོས་གཟིགས་སྐྱོང་སྲིད་ཇུས་བཏོན་ལ།《མཚོ་སྔོན་བྱང་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་མཚོ་སྔོན་བྱང་རྒྱུད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མཉམ་སྐྲུན་བྱེད་པའི་གྲོས་མགོ》དང《ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་མཉམ་དུ་གཏོད་པའི་གྲོས་མགོ》ཐུན་མོང་ཐོག་ཁྱབ་བསྒྲགས་བྱས། 

2.jpg

《གྲོས་མཐུན》གྱི་ནང་དོན་དེ་ཏང་འཛུགས་སྐྱོང་དང་། རིག་གནས་གནས་སྐོར། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ། སྐྱེ་ཁམས་སྲུང་སྐྱོང་སོགས་ཕྱོགས11གི་ཞིབ་ཕྲའི་ནང་དོན40ལ་ཁྱབ་ཡོད་པ་དང་། དེའི་ནང་རིག་གནས་གནས་སྐོར་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ལས་ཞུགས་སྐུལ་འདེད། གྲོང་གསེབ་དར་སྤེལ་སོགས་ཁྱབ་ཁོངས་ལ་ཞིབ་ཕྲའི་མཉམ་ལས་མཉམ་སྐྲུན་མོས་མཐུན་བྱུང་ཡོད་ཅིང་། ད་ཆ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་རེད། རྫོང་གསུམ་གྱིས་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་ཕན་ཚུན་གསབ་རེས་མཐའ་འཁྱོངས་བྱས་ཏེ། མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་མཉམ་ལས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། ལེགས་ཆའི་ཐོན་ཁུངས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་རིམ་བཞིན་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་མཉམ་སྲུང་མཉམ་བཅོས་བྱེད་པའི་ཐབས་ལམ་གསར་གཏོད་བྱེད་པ། ལེགས་ཆ་ལྡན་པའི་ཐོན་ལས་མཉམ་ལས་དང་ཁྱད་ཆོས་ལྡན་པའི་ཐོན་ཁུངས་མཉམ་སྤྱོད་གཏིང་ཟབ་ཏུ་གཏོང་བ། སློབ་གསོ་དང་སྨན་བཅོས། འཕྲོད་བསྟེན། རྒན་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱ་རྒྱུ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། འཇུ་ལག་རྫོང་དང་རྟ་ཐང་རྫོང་། ཧུའུ་ཀྲོའུ་རྫོང་བཅས་རྫོང་གསུམ་ནི་མཚོ་སྔོན་གྱི་བྱང་རྒྱུད་དང་མདོ་ལ་རིང་མོའི་ཤར་རྒྱུད་དུ་གནས་ཤིང་། ཚང་མ་མི་རིགས་མང་པོ་འདུས་སྡོད་བྱེད་སའི་རང་སྐྱོང་རྫོང་ཡིན་ལ། རི་ཆུ་ཕན་ཆུན་འབྲེལ་ཞིང་དམངས་སྲོལ་ཆ་འདྲ་བ། ཐོན་ལས་གསབ་རེས་བྱེད་ཐུབ་པ་བཅས་ཀྱི་ཁྱད་ཆོས་ལྡན། དུས་ཡུན་རིང་པོའི་ནང་འཕེལ་རྒྱས་མཉམ་འདྲེས་དང་ཁྱིམ་མཚེས་འགྲིག་མཐུན་གྱི་རྣམ་པ་ཆགས་ཡོད་པས། མཐུན་སྦྱོར་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད།


མཉམ་སྤྱོད།