དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྫས་བཅོས་བྱས་རྗེས་ཁྲག་ལ་བརྟག་དཔྱད་བྱ་དགོས་དོན་ཅི་ཡིན་ནམ།

2024-07-19 09:06:45   |   809

རྩོམ་སྒྲིག   དོན་འགྲུབ་མཚོ།    ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


རྫས་བཅོས(化疗)ནི་རྫས་འགྱུར་སྨན་རྫས་སྤྱད་དེ་འབྲས་སྐྲན་ཕྲ་ཕུང་གསོད་པ་ལ་བརྟེན་ནས་གསོ་བཅོས་བྱེད་ཐབས་ཤིག་ཡིན་ལ། དེ་ནི་འབྲས་སྐྲན་ལ་གསོ་བཅོས་བྱེད་པར་ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ཤིག་ཀྱང་ཡིན།  འདི་དང་གཤགས་བཅོས། འོད་བཅོས་བཅས་ལ་འབྲས་སྐྲན་གསོ་བཅོས་བྱེད་ཐབས་གསུམ་ཟེར་ཞིང་། རྫས་བཅོས་ནི་ལུས་ཡོངས་ལ་ཁྱབ་པའི་གསོ་བཅོས་བྱེད་ཐབས་ཤིག་ཡིན། རྫས་བཅོས་ལ་སྨན་འཐུང་བ་དང་རྩ་ལམ་དུ་སྨན་རྒྱག་པ། ལུས་ཁོག་ལ་ཐད་ཀར་སྨན་རྒྱག་པ་སོགས་བཅོས་ཐབས་སྣ་ཚོགས་ཡོད་ཀྱང་། ཚང་མ་སྨན་རྫས་ཁྲག་གི་འཁོར་སྐྱོད་དང་བསྟུན་ནས་དབང་བོ་མང་ཆེ་བའི་ཁྲོད་དུ་འགྲོ་བ་ཡིན་པས། ལུས་ལ་གནོད་པ་ཧ་ཅང་ཆེ། 

འབྲས་སྐྲན་ལུས་ཡོངས་ལ་ཁྱབ་ཉེན་ཡོད་པ་དང་དབང་བོ་གཞན་ལ་གནས་སྤར་ཟིན་པའི་བར་མཇུག་དུས་ཀྱི་ནད་པར་མཚོན་ན། རྫས་བཅོས་ནི་གསོ་བཅོས་བྱེད་ཐབས་གཙོ་བོ་དེ་ཡིན། ཉེ་བའི་ལོ་འདི་དག་ལ། འབྲས་སྐྲན་ཅུང་ཆེ་བའི་ནད་པ་རྣམས་ལ་ཁ་གཏད་པའི་གཞོགས་འདེགས་བཅོས་ཐབས་གསར་བ་ནི་གཙོ་བོ་རྫས་བཅོས་ལ་བརྟེན་ནས་འབྲས་སྐྲན་གྱི་ཁྱབ་ཁོངས་ཇེ་ཆུང་དུ་བཏང་སྟེ། གཤགས་བཅོས་ཀྱི་དམིགས་ཚད་ལོངས་སུ་འཇུག་པ་དེ་ཡིན། རྫས་བཅོས་ཀྱི་སྨན་སྡུག་ལ་ཞེན་ཁ་ལོག་པ་དང་སྐྱུག་པ། རྩ་སྐམ་པ། ཁོག་པ་བཤལ་བ། སྐྲ་བྱི་བ། ཁ་ནང་རད་པ། མཆིན་པ་དང་མཁལ་མའི་ནུས་པར་གནོད་སྐྱོན་ཐེབས་པ། རྐང་མར་ཚོད་འགོག་སོགས་ཡོད་ལ། དེ་དག་ལས་རྐང་མར་ཚོད་འགོག་ནི་ནད་པ་ཕལ་ཆེ་བར་སྨན་བཀོལ་རྗེས་ཀྱི་ཉིན3ནས5ཡི་ནང་འབྱུང་ཞིང་། ནད་རྟགས་ནི་ཕྲ་ཕུང་དཀར་པོ་དང་ཁྲག་ལེབ། ཁྲག་དམར་སྤྲི་དཀར་བཅས་ལ་འགྱུར་ལྡོག་འབྱུང་བ་དེ་ཡིན་ལ། དེ་དག་མར་ཆག་པ་ཚབས་ཆེ་ན་ཚེ་སྲོག་ལ་ཉེན་ཁ་བཟོ་ངེས།

01ཕྲ་ཕུང་དཀར་པོ་དམའ་དྲགས་སྐབས།

ལུས་ཀྱི་རིམས་འགོག་ནུས་པ་མར་ཆགས་ཏེ། ནད་མགོ་སླ་བ་ཡིན།

02 ཁྲག་ལེབ་ཆུང་བ་དམའ་དྲགས་སྐབས། 

ཁྲག་རྡོལ་སླ་བ་སྟེ།  སྐབས་འདིར་ནད་པ་ཕལ་ཆེ་བ་སྨན་ཁང་ལས་བུད་དེ་ཁྱིམ་ན་བསྡད་ཡོད་པས། རྒྱུན་ལྡན་གྱི་མཉམ་འཇོག་བྱ་ཡུལ་རྣམས་གསལ་བོར་བརྗོད་དགོས་པར་མ་ཟད།  སྨན་སྤྱད་རྗེས་ཁྲག་གི་རྒྱུན་སྲོལ་བརྟག་དཔྱད་བྱ་དགོས། གལ་ཏེ་དམིགས་ཚད་དག་མར་ཆག་ཡོད་ན། ལམ་སང་དེར་བསྟུན་གྱི་གསོ་བཅོས་བྱ་དགོས།


མཉམ་སྤྱོད།