དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཉམས་ལེན་ཁང་གི་མཚོ་སྔོན་གྱི་ཉམས་ལེན་རྣམ་གྲངས་པེ་ཅིང་དུ་སྤེལ།

2024-07-19 10:32:44   |   235

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས18ཉིན། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཉམས་ལེན་ཁང་གི2024ལོའི་དུས་ཐེངས་གསུམ་པའི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཉམས་ལེན་རྣམ་གྲངས་སྤེལ་བའི་མཛད་སྒོ་སོག་བོད་སློབ་གྲྭའི་གནས་རྙིང་ནས་འཚོགས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏོན་དབྱི་ཅུན་གྱིས་བྱེད་སྒོ་སྤེལ་བ་ཁྱབ་བསྒྲགས་བྱས། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་ཝང་ཝུན་ཞུས་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཤིས་ཚིག་ཕུལ། 

སོག་བོད་སློབ་གྲྭའི་གནས་རྙིང་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཉམས་ལེན་ཁང་ནི2023ལོའི་ཟླ3པར་སྤྱི་དམངས་ལ་ཁ་ཕྱོགས་ནས་སྒོ་ཕྱེས། 2024ལོའི་དུས་ཐེངས་གསུམ་པའི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཉམས་ལེན་རྣམ་གྲངས་ནི་མཚོ་སྔོན་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་གྱིས་ཐུན་མོང་ཐོག་འགན་འཁུར་བ་ཡིན། ད་ཐེངས་ཀྱི་ཉམས་ལེན་རྣམ་གྲངས་ཀྱི་རེས་འཁོར་འགྲེམ་སྟོན་ནི་མཚོ་སྔོན་གྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་པ་མ་ཟད། མཚོ་སྔོན་གྱིས་ཏང་གི་མི་རིགས་ལས་དོན་གྱི་རླབས་ཆེན་གྲུབ་འབྲས་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་ཞིག་ཀྱང་རེད།

མཚོ་སྔོན་གྱི་འགྲེམ་སྟོན་ཉམས་ལེན་ཁུལ་གྱིས“རི་ཆུའི་མགོ་ཁུངས་མཛེས་ཤིང་ཡིད་དུ་འོང་། རབ་མཛེས་མཚོ་སྔོན་སེ་འབྲུའི་མདོག་ལྟར་དམར།”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཡོད་དེ། “རབ་མཛེས་མཚོ་སྔོན། གནའ་ལམ་མཛའ་བརྩེ”དང་། “རབ་མཛེས་མཚོ་སྔོན། གླུ་གར་གྱི་རྒྱ་མཚོ”དང་། “རབ་མཛེས་མཚོ་སྔོན། མཐོ་སྒང་གི་མཎྜལ”དང་། “རབ་མཛེས་མཚོ་སྔོན། གཙང་གསུམ་མགོ་ཁུངས།”དང་།“རབ་མཛེས་མཚོ་སྔོན། གཞན་ཕན་གཏེར་མཛོད”དང་། “རབ་མཛེས་མཚོ་སྔོན། བསྐལ་བཟང་གཟབ་གོས”སོགས་སྡེ་ཚན་དྲུག་གིས་གྲུབ་ཡོད་ཅིང་། མཚོ་སྔོན་གྱི་རི་ཆུའི་མཛེས་པ་ལོངས་སྤྱོད་དང་། མི་རིགས་ཀྱི་གླུ་གར་འཁྲབ་སྟོན། གཟུགས་མེད་རིག་གནས་ཉམས་ལེན། ཁྱད་ལྡན་བཟའ་བཏུང་མྱོང་རོལ་བཅས་བྱེད་པའི་རྣམ་པ་བརྒྱུད། མི་རྣམས་ལ་ཉམས་ལེན་ཁྲོད་དུས་རབས་གསར་པའི་མཚོ་སྔོན་གྱི་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཚོར་དུ་བཅུག

མཛད་སྒོའི་ཐོག་རིག་རྩལ་ལས་དོན་པས་མི་རིགས་ཞབས་བྲོ་དང་། ཧོས་རིགས་མཛའ་གཞས། རྐང་ཤིང་སོགས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།  རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཚན་དང་། པེ་ཅིང་གྲོང་ཨུའི་དྲིལ་སྒྲོག་པུ། མཚོ་སྔོན་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་གྱི་མི་རིགས་ཆོས་ལུགས། དྲིག་སྒྲོག་དང་རིག་གནས་གནས་སྐོར་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཞུགས།


མཉམ་སྤྱོད།