དེ་རིང་ནི2025ལོའི་ཟླ01པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-22 07:43:55   |   398

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ7ཚེས21ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《〈ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་བའི་ཟབ་སྤེལ་གཏོང་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན〉སྐོར་གྱི་གསལ་བཤད》ཁྱབ་བསྒྲགས་བྱས། 

  • ཟླ7ཚེས21ཉིན།《ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་བའི་ཟབ་སྤེལ་གཏོང་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ཁྱབ་བསྒྲགས་བྱས། 

  • 《ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་བའི་ཟབ་སྤེལ་གཏོང་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ཞེས་པའི་དེབ་རྐྱང་པ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དེ་རིང་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཚོང་ཁང་དུ་ཡོངས་བསྒྲགས་ངང་འགྲེམས་སྤེལ་བྱས། 

  • ཉེ་ཆར། 《〈ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་བའི་ཟབ་སྤེལ་གཏོང་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས〉ཟུར་ཁྲིད་ཀློག་དེབ》མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་།《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི〈གཏན་འབེབས〉སློབ་སྦྱོང་ཟུར་ཁྲིད་ཀྱི་འདྲི་བ་བརྒྱ》ཞེས་པ་ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས། 

  • ཚེས21ཉིན། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར3.5མགྱོགས་མྱུར་ངང་བཏང་ནས་ཧོ་ནན་དང་། ཧྲའན་ཞི། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་བྱུང་རྗེས་ཀྱི་འཕྲལ་སྡོམ་སླར་གསོ་ལ་རྒྱབ་སྐྱོར་བྱས། 

  • སྐྱེ་ཁམས་ཁོར་ཡུག་པུའི་གནས་ཚུལ་གསར་ཤོས་ལ་གཞིགས་ན། ཚེས15ཉིན་བར་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་རའི་ཐཱན་བགོ་བྱའི་བཅད་འབོར་རིམ་རྩིས་བྱས་ན་ཚོང་འགྲིག་ཚད་ཏུན་དུང་ཕྱུར4.65ཟིན་པ་དང་། རིམ་རྩིས་བྱས་ན་ཚོང་འགྲིག་ཚད་སྒོར་དུང་ཕྱུར270ཙམ་ཟིན་ཡོད། 

1.jpg

  • 2024ལོའི་བུད་མེད་ལེ་ཆིའུ་སྤོ་ལོ(垒球)འཛམ་གླིང་བུམ་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེ་ས་གནས་དེ་གའི་དུས་ཚོད་ཚེས20ཉིན་དབྱི་ཐ་ལིའི་ཝུའུ་ཏི་ནེ(意大利乌迪纳)རུ་མཇུག་འགྲིལ་བ་དང་། ཀྲུང་གོའི་བུད་མེད་ལེ་ཆིའུ་སྤོ་ལོ་ཨང་ལྔ་པ་བླངས་པ་དང་སྐབས་བཞི་ཙམ་ཀྱི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་གྲུབ་འབྲས་ཡག་ཤོས་ཐོབ་པ་རེད།

  • ཚེས21ཉིན། ཀྲུང་གོའི་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱིས་ཀུའོ་ཧྲི་ཆང(郭士强)ཀྲུང་གོའི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རྩལ་ཁྲིད་པ་གཙོ་བོའི་འགན་འཁུར་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 

སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་ལི་མདོག་གི་ཉེན་བརྡ་བཏང་སྟེ། སྔོན་དཔག་བྱས་ན་དེ་རིང་ཉིན་མོ་ཞིན་ཅང་དང་། ཀྲེ་ཅང་། ཧྥུ་ཅན་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་དང་ས་ཁུལ་ཁག12ཀྱི་དྲོད་ཚད་ཏུའུ40ཡན་ལས་བརྒལ་རྒྱུ་རེད། 

  • ཚེས20ཉིན། 2024ལོའི་གཙང་བོའི་ཆུ་མགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དངོས་སུ་བྱེད་མགོ་ཚུགས།

  • ཉིན་ཤས་གོང་། གོ་ལ་ཧྲིལ་པོའི་དང་པོ་དང་ཀྲུང་གོས་ཐོག་མར་བཟོས་པའི་གཙང་པོ་དང་རྒྱ་མཚོར་ཐད་གཏོང་རྣམ་པའི་ཤོ་སྨི14000ཅན་གྱི་གཤེར་འགྱུར་རང་བྱུང་སོལ་རླངས(LNG)བླུགས་པའི་སྐྱེལ་འདྲེན་གྲུ་གཟིངས“ཧོའེ་ཧོ་གཙང་པོའི་ནུས་རྒྱུ་གྲུ་འགྲུལ”རྟགས་ཅན་དེ་ཟླ་བ་གཉིས་ཀྱི་སྔོན་ལ་ཧྲང་ཧའེ་རུ་མིང་བཏགས་ནས་རྩིས་སྤྲོད་བྱས། 

  • ས་གནས་དེ་གའི་དུས་ཚོད་ཚེས20ཉིན་སྙི་ཕྲན་སྤྱི་གཉེར་ཁང་གིས་ཨ་རིའི་གློག་ཀླད་བདེ་འཇགས་ལག་རྩལ་སྤྱི་གཉེར་ཁང་སྟེ་ཀྲུང་ཅི(众击)ཡིས་སྙི་ཕྲན་བལྟ་ཁུང་མ་ལག་ལ་ཁྱབ་བསྒྲགས་བྱས་པའི་མཉེན་ཆས་གསར་བརྗེས་ཁྲོད་ཆད་སྐྱོན་ཡོད་པ་དང་། དེ་ལས་ཐོན་པའི་ཆད་སྐྱོན་ཚོད་རྩིས་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོའི་མ་ལག་དེ་སྒྲིག་སྦྱོར་བྱས་པའི་སྒྲིག་ཆས་ཁྲི850ཙམ་ལ་ཤུགས་རྐྱེན་ཐེབས་ཡོད་པ་བཤད། 

  •  ཉེ་ཆར་གསར་དུ་བསྐྲུན་པའི་ནན་ཉིང(南宁)ནས་ཡུས་ལིན(玉林)བར་ལྕགས་ལམ་བཏིང་ཟིན་པ་དང་། རླངས་འཁོར་ཤར་གཏོང་ཐུབ་རྗེས་ཀོང་ཞི་ཡི་གྲོང་ཁྱེར་དང་གྲོང་ཁྱེར་བར་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱུང་བ་རེད།

3.jpg

  • ཉིན་ཤས་གོང་ཚན་རིག་རྟོག་ཞིབ་མི་སྣས་ཁྲུང་ཆིང་ཡུན་དབྱང་ཕུའུ་ཨན(重庆云阳普安)ཁུང་འབྲུག་འགྱུར་རྡོའི་གྱང་ནས་ཁུང་འབྲུག་རིགས་གསར་པ་ཞིག་རྙེད་པ་དང་འབྲེལ“ཆུས་རེན་ཡུས་ཀྲོའུ་འབྲུག(朐忍渝州龙)” ཞེས་མིང་བཏགས་པ་དང་འགྱུར་རྡོ་དེ་ད་བར་ལོ་དུང་ཕྱུར1.66ཙམ་ཟིན་ཡོད་པ་རེད། 

4.jpg

  • ཡུན་ནན་པའོ་ཧྲན་གྱི་གྲོང་མི་ཞིག་གིས་རི་སྐྱེས་ཤ་མོ་དཀར་པོ་ཞིག་རྙེད་པ་དང་། ཤ་མོ་གདུགས་ཆེ་ཤོས་ཤིག་གི་ལྗིད་ཚད་ལ་ཚོད་དཔག་བྱས་ན་རྒྱ་མ100ལས་བརྒལ་ཡོད་པ་རེད། 

སྲིད་ཇུས།

  • སི་ཁྲོན་གྱིས་སློབ་གྲྭར་ཁ་བྲལ་བའི་ལོ་གཉིས་ནང་གི་མཐོ་སློབ་མཐར་ཕྱིན་སློབ་མ་དང་། ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ། ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི་བཅས་ཀྱིས་ཁེ་ལས་ཆུང་གྲས་ཐོག་མར་གཉེར་བའམ་ཡང་ན་ཁེར་གཉེར་བྱེད་པ་སོགས་བཟོ་ཚོང་ཐོ་འགོད་བྱས་ཉིན་ནས་བཟུང་རྒྱུན་གཏན་ལྟར་གཉེར་སྐྱོང་ལོ་གཅིག་ཡན་བྱེད་མཁན་ལ་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་སྒོར་ཁྲི1སྤྲོད་རྒྱུ་ཡིན་པའི་ཡིག་ཆ་བཏོན།

  • ཐེན་ཅིན་གྱིས་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཚོང་ཁུལ་ཆེ་གྲས་དང་། འགྲིམ་འགྲུལ་ལྟེ་བའི་ས་ཚིགས། སྨན་ཁང་སོགས་གཙོ་གནད་བྱ་ཡུལ་དུ་ངེས་པར་དུ་དངུལ་བྱང་དང་། སྒུལ་བདེའི་གཏོང་སྤྲོད། ཤོག་སྒོར་སོགས་བདག་སྤྲོད་བྱེད་པའི་དགོས་ངེས་ཀྱི་མཉེན་ཆས་དང་མཁྲེགས་ཆས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་ཁ་གསལ་བཏོན།

  • ཧུའུ་ནན་ཁྲང་ཧྲ་ཡིས་བྱ་ཐབས་བཏོན་ནས་སློབ་གྲྭའི་ཁུར་པོ་ཆུང་དུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། སློབ་གྲྭ་དང་འབྲེལ་བ་ཡོད་པའི“ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་དཔྱད་གཞིའི”ཆོག་འཐུས་རྣམ་གྲངས12དང་མེད་པ་བཟོ་རྒྱུའི་རྣམ་གྲངས19གསལ་པོར་གཏན་ལ་ཕབ། 

དེ་རིང་གི་གནམ་གཤིས། 

5.jpg

  • ཧའེ་ནན་གླིང་ཕྲན་དང་། ཀོང་ཏུང་གི་ལྷོ་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད། སི་ཁྲོན་གཤོངས་སའི་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད། ཀན་སུའུ་ཡི་ཤར་རྒྱུད། ཉིང་ཞའི་ལྷོ་རྒྱུད། ཧྲའན་ཞིའི་དབུས་རྒྱུད། ཧྲན་ཏུང་གི་དབུས་རྒྱུད། ཧོ་པེའི་བྱང་རྒྱུད་དང་ཤར་རྒྱུད། པེ་ཅིང་གི་བྱང་རྒྱུད། ནང་སོག་གི་ཤར་ལྷོའི་རྒྱུད་དང་ཅི་ལིན་གྱི་དབུས་ནུབ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།