དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2024ལོའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་འགྲན་སྡུར་སྐབས་དགུ་པ་རྐང་ཚ་རྫོང་དུ་མགོ་བརྩམས།

2024-07-22 10:33:52   |   400

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཟླ7པའི་ཚེས20ཉིན་གྱི་དགོང་མོར། 2024ལོའི་སྐབས་དགུ་པའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་འགྲན་སྡུར་དེ་རྐང་ཚ་རྫོང་གི་མཚོ་སྐོར་རྟ་རྒྱུག་འགྲན་རར་མགོ་བརྩམས་པ་དང་། རྒྱལ་ཁབ་དང་ས་ཁུལ22ཀྱི་བདམས་ཐོན་པ1100ལྷག་རྐང་ཚ་རུ་འཛོམས་ཤིང་། དུས་ཡུན་ཉིན3ནང་། འགྲན་ཞུགས་རུ་ཁག་ཁག་གིས་དེང་རབས་སྲོལ་རྒྱུན་གཞུ་དང་། ལྡོག་འཁྱོག་གཞུ། གླང་རྭ་གཞུ། མཉམ་འདུས་གཞུ་སོགས་ཚོགས་པ་ལྔའི་འགྲན་སྡུར་རྣམ་གྲངས་འགྲན་སྡུར་བྱས། 

001.png

མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་རིམ་པ་དང་པོའི་སྐོར་ཞིབ་པ་ཧན་ཧྲེང་ཧྭ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའི་ཅུ་ཀྲང་གཞོན་པ་ལིའུ་ཤིང་ཧའེ། མཚོ་བྱང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝན་བཀྲ་ཤིས་དོན་འགྲུབ། མཚོ་བྱང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་། མཚོ་བྱང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན་སོགས་མགོ་ཁྲིད་མགོ་རྩོམ་མཛད་སྒོར་ཞུགས། 

002.jpg

ཐེངས་འདིའི་འགྲན་བསྡུར་ནི་ཀྲུང་གོའི་མདའ་འཕེན་མཐུན་ཚོགས་ཀྱིས་མཛུབ་ཁྲིད་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུ་དང་། རྐང་ཚ་རྫོང་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་འགན་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་སྡུར་དོ་དམ་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་རྒྱན་ཤོག་འགྲེམས་སྤེལ་ལྟེ་གནས། རྐང་ཚ་རྫོང་རིག་གནས་ལུས་རྩལ་གནས་སྐོར་རྒྱང་བརྙན་ཅུ་བཅས་ཀྱིས་གཞོགས་འདེགས་བྱས། 

ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་འགྲན་བསྡུར་སྤེལ་པ་ནས་བཟུང་མི་རིགས་ཀྱི་སྲོལ་རྒྱུན་རྒྱུན་ཆད་མེད་པར་དར་སྤེལ་དང་མདའ་འཕེན་ལག་རྩལ་ཁྱབ་གདལ་བཏང་སྟེ་ས་གནས་ཀྱི་ཁྱད་ཆོས་དང་། དུས་རབས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས་བཅས་གཅིག་སྡུད་བྱས་ནས་རང་རྒྱལ་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་ཁྲོད་ཚད་གཞི་མཐོ་ཤོས་དང་། གྲངས་ཉུང་མི་རིགས་ཀྱི་བདམས་ཐོན་པ་མང་ཤོས། འགྲན་སྡུར་ནང་ཞུགས་མཁན་རྒྱལ་ཁབ་དང་ས་ཁུལ་རྒྱ་ཆེ་ཤོས། གཞུ་རིགས་དང་རྣམ་གྲངས་ཆ་ཚང་ཤོས་བཅས་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་སྤུས་རྟགས་འགྲན་སྡུར་ཞིག་ཏུ་གྱུར་ཡོད། སྐབས་འདིའི་འགྲན་བསྡུར་གྱིས་ལོ་རྒྱུས་རིག་གནས་དང་། མི་རིགས་ཀྱི་སྲོལ་རྒྱུན། མདའ་འཕེན་ལག་རྩལ་བཅས་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག་གཉེར་ཡུལ་ས་གནས་དེ་གའི་མདའ་འཕེན་ལུས་རྩལ་གྱི་ཁྱད་ཆོས་ལ་བརྟེན་ནས་ས་གནས་ཀྱི་ཁྱད་ཆོས་དང་། དུས་རབས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས་བཅས་མངོན་པར་བྱས་ཏེ། “ཞིང་ལས་དང་ལུས་རྩལ་དང་རིག་གནས། གནས་སྐོར། ཚོང་དོན”བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རང་རེ་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་དང་མི་རིགས་མཐུན་སྒྲིལ་འཛུགས་སྐྱོང་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། 

004.jpg

མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་རྒྱུན་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། རྐང་ཚ་རྫོང་གིས་བསྟུད་མར་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སྤེལ་ནས་མི་རིགས་སྲོལ་རྒྱུན་ལུས་རྩལ་རྩན་འགྲན་དང་མི་རིགས་ཀྱི་སྙིང་སྟོབས་ཟུང་འབྲེལ་གང་ལེགས་བྱས་ཏེ། དུས་རབས་གསར་བའི་མི་རིགས་ཀྱི་ཉམས་སྣང་མངོན་པ་དང་། མི་རིགས་ཁག་གི་འགྲོ་སྤེལ་འདྲིས་གསུམ་ལ་ཤུགས་སྣོན། མི་རིགས་ཁག་གིས་ཕན་ཚུན་རོགས་རེས་བྱེད་པའི་བསམ་པའི་ཁ་ཕྱོགས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་དང་མཐུན་སྒྲིལ་ཡར་བརྩོན་གྱི་སྙིང་སྟོབས་ཉམས་འགྱུར་དང་འཛམ་གླིང་མི་རིགས་ཁག་དང་སྤེལ་རེས་དང་འགྲོ་འོང་བྱེད་པའི་མི་རིགས་ཀྱི་ཡིད་ཆེས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།  ལྷག་པར་དུ་ད་ལོ་ནས་བཟུང་། མཚོ་བྱང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས“ཞིང་ལས། རིག་གནས། གནས་སྐོར། ཚོང་དོན”བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་ལ་གཞོལ་ནས“ལུས་རྩལ+གནས་སྐོར+རིག་གནས”ཀྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་ཧུར་ཐག་བཏང་སྟེ། ལུས་རྩལ་དང་རིག་གནས། གནས་སྐོར་ཁུལ་འཛུགས་སྐྲུན་མགྱོགས་སུ་བཏང་བས“ལུས་རྩལ།”ཐོན་ལས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་མངོན་ཡོད། 

005.png

རྐང་ཚ་ནི་གནའ་ནས་བཟུང་མི་རིགས་མང་པོ་དང་ཆོས་ལུགས་མང་པོ། རིག་གནས་མང་པོ་མཉམ་འདྲེས་བྱས་ས་ཞིག་ཡིན། ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་འགྲན་སྡུར་སྤེལ་པའི་བརྒྱུད་རིམ་ཁྲོད། ཐོག་མཐའ་བར་གསུམ་དུ་དྲིན་ཚོར་བ་དང་མཐུན་སྒྲིལ་བྱེད་པ། ཡང་བརྩོན་བྱེད་པ་བཅས་བརྗོད་དོན་དུ་བཟུང་ནས་སྔར་བས་མགྱོགས་པ་དང་སྔར་བས་མཐོ་བ། སྔར་བས་སྟོབས་དང་ལྡན་པའི་ལུས་རྩལ་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་པ་དང་། མི་རིགས་ལུས་རྩལ་གྱི་རིན་ཐང་མངོན་ནས་མུ་མཐུད་དུ་མདའ་འཕེན་འགྲན་བསྡུར་དང་སྐྱེ་ཁམས་སྲུང་སྐྱོང་། རིག་གནས་གནས་སྐོར། སྤེལ་རེས་མཉམ་ལས་བཅས་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་སྤེལ་རེས་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་འཛམ་གླིང་ཀུན་ལ་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་མངོན་པ་དང་། འཛམ་གླིང་ཀུན་ལ་བསུ་བ་ཞུས་ནས་མི་རིགས་མཐུན་སྒྲིལ་དང་འཛམ་གླིང་སྤེལ་རེས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་གཏོད་དགོས།


མཉམ་སྤྱོད།